མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་རང་བགྲེས་ཡོལ་ཆ་ཚང་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉིས་སྟོང་ལོར་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་ནས་བཟུང༌། ངོས་ནས་བོད་ཀྱི་གནད་དོན་ཐད་ཕྱེད་བགྲེས་ཡོལ་གྱི་གནས་བབ་ཐོག་བསྡད་པ་ཡིན། ད་ཆ་ངོས་རང་བགྲེས་ཡོལ་ཆ་ཚང་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད། 

 

ཉིན་འདི་འགར་༧གོང་ས་མཆོག་གི་ཨ་རུ་ཁུལ་དུ་ཆིབས་སྒྱུར་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༢ ཉིན་བྱང་ཁ་ལེ་ཧྤོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་རྣམ་པ་དང་ས་གནས་མི་མང་གི་ཕེབས་བསུའི་ཁྲོད་སེན་རྗོ་སིའི་ཚོམས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་གཙོ་སྐལ་རྡོ་ཨོ་དཀར་ཚང་གིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་སྦྲགས། སྤྱི་མཐུན་ཚོགས་པའི་ཁོངས་སུ་བོད་མི་ ༢༠༠༠ ཙམ་ཡོད་པ་དང༌། སྤྱི་ཁང་ཞིག་ཀྱང་བསྐྲུན་འཆར་ཡོད་སྟབས། མ་འོངས་པར་སྤྱི་ཁང་གསར་པར་རབ་གནས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཡང་ཞུས་སོང༌། ༧གོང་ས་མཆོག་གིས་དེར་ཡོད་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ལ་མཇལ་ཁ་གནང་ཞིང༌། སྐབས་དེར་ཁོང་གིས། བོད་པའི་ཐུན་མོང་མ་ཡིན་པའི་ཕ་མེས་ནས་ཡོད་པའི་རིག་གཞུང་ཕྱུག་པོ་དེ་སྒྲིག་གཤོམ་བྱེད་རྒྱུ་དང༌། ཕྱག་མཆོད་འབུལ་བྱེད་ཡུལ་ཙམ་དུ་མ་སོང་བར་ངེས་པར་དུ་སྦྱང་ནས་ཤེས་པ་བྱ་དགོས་པ་དང༌། བཀའ་བསྟན་འགྱུར་དེ་ཚོ་སློབ་དེབ་ལྟ་བུར་རྩིས་ནས་སློབ་སྦྱོང་བྱ་དགོས། བཀའ་འགྱུར་དང་བསྟན་འགྱུར་གྱི་པོ་ཏི་སློབ་སྦྱོང་བྱ་རྒྱུ་དེ་རབ་བྱུང་གཅིག་པུ་མ་གཏོགས་ཁྱིམ་པས་སློབ་སྦྱོང་བྱ་མི་ཆོག་པ་དེ་འདྲ་མ་རེད། ལོ་རྒྱུས་ལ་བལྟས་ན་ཁྱིམ་པའི་ཁྲོད་དུའང་ཁྱིམ་པ་པཎྜི་ཏ་བྱུང་ཡོད། ཅེས་བཀའ་གནང་ཡོད། 

 

ཡང་ཁོང་གིས། སངས་རྒྱས་ཀྱི་ཆོས་དང་ཕ་མེས་ཀྱི་རིག་གཞུང་སློབ་རྒྱུ་དེ་དེང་དུས་ཀྱི་ཤེས་ཡོན་སློབ་པར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད། སྐུ་མདུན་གོང་མའི་སྐབས་སུ་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་གལ་ཆེན་དུ་གཟིགས་ཏེ། བོད་པའི་སློབ་ཕྲུག་དབྱིན་ཡུལ་ལ་སློབ་སྦྱོང་དུ་གཏོང་རྒྱུའི་དགོངས་བཞེས་གནང་འདུག་ཀྱང༌། མཇུག་འཁྱོལ་ཐུབ་པ་ཞིག་མ་བྱུང་བ་ནི་འཐུས་ཤོར་རེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་ལ་དོ་སྣང་བྱས་ཏེ་རིགས་གཅིག་རྐང་འཛིན་པ་ཆགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད། དེ་བཞིན་ཁོང་ལ་དེང་སང་བོད་པའི་བཟང་སྤྱོད་ཉམས་འགྲོ་གི་མེད་དམ་སྙམ་པ་དེ་འདྲའི་ཚོར་སྣང་ཡོང་གི་ཡོད་སྟབས། མ་འོངས་པར་བོད་པ་ཚོས་དེའི་ཐད་དོགས་ཟོན་བྱ་དགོས་པ་དང༌། བོད་མི་རེ་ཟུང་གིས་སོ་སོའི་སྒེར་དོན་གྱི་ཆེད་དུ་མགོ་བདེ་པོ་དང་སྐྱག་རྫུན་བཤད་པ་ལ་བརྟེན་ནས་བོད་སྤྱི་བའི་མཚན་སྙན་ལ་གནོད་པའི་གནས་ཚུལ་ཡོང་གི་ཡོད་པ་དེ་དག་སླར་མི་འབྱུང་བ་བྱ་དགོས་པའི་བཀའ་ནན་བསྩལ་སོང༌། 

 

ཉིན་དེའི་ཉིན་རྒྱབ་རྒྱུད་སྟོད་གསང་སྔགས་ཆོས་ཚོགས་ཀྱིས་ྋགོང་ས་མཆོག་ལ་བོད་དགོན་གསར་སྐྲུན་གྱི་ལས་འཆར་སྙན་སྒྲོན་ཞུས་ཡོད་ཅིང༌། སྐབས་དེར་༧གོང་ས་མཆོག་གིས། རྒྱ་གཞུང་གིས་བོད་ནང་གི་དགོན་སྡེ་ ༦༠༠༠ ལྷག་ཙམ་གཏོར་བཤིག་ཚབས་ཆེན་བཏང་ཡོད་ཀྱང༌། འདིར་རྒྱུད་སྟོད་ཆོས་ཚོགས་ཚུགས་ཐུབ་པ་ནི་གལ་ཆེན་པོ་ཡིན་ཞེས་དང༌། དངོས་གནས་ནང་ཆོས་སྦྱོང་སའི་བསྟི་གནས་ནི་བོད་ཀྱི་ཕྱི་ལོག་ལ་ཆགས་ཡོད། བཙན་བྱོལ་ནང་ཡོད་པའི་བོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་དགེ་འདུན་པ་ ༡༠༠༠༠ ཙམ་དང༌། བཙུན་མ་ ༣༠༠༠ ཙམ་གྱིས་ནང་ཆོས་སློབ་གཉེར་བྱེད་ཀྱི་ཡོད་སྐོར་དང༌། རྒྱུད་སྟོད་ཆོས་ཚོགས་ཀྱིས་བོད་དགོན་གསར་སྐྲུན་གྱི་ལས་འཆར་དེ་ཡང་ནང་ཆོས་སློབ་སྦྱོང་བྱེད་ས་གཅིག་པུ་མ་ཡིན་པར་ལྟ་གྲུབ་འདྲ་མིན་བར་གོ་བསྡུར་བྱ་ས་དང༌། ནང་པ་དང་ཚན་རིག་པའི་བར་ལ་གོ་བསྡུར་སྦྱང་བཤད་བྱ་ཡུལ་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས་པའི་མངགས་བཀོལ་ཡང་གནང་སོང༌།

 

༧གོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་གནང་དོན། ད་ཆ་བགྲེས་ཡོལ་ཆ་ཚང་བྱེད་རྒྱུའི་རེ་བ་བྱེད་ཀྱིན་ཡོད་སྐོར་བཀའ་གནང་དོན། ངོས་རང་གང་དུ་ཕྱིན་ཡང་རྩ་བའི་དམ་བཅའ་གསུམ་ཡོད། ཡིན་ན་ཡང་ཕྱི་ལོ་ ༢༠༠༠ ལོར་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་མི་མང་ནས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་སྟབས། ང་རང་གི་དམ་བཅའ་གསུམ་པ་སྟེ། བོད་ཀྱི་གནད་དོན་གྱི་ཐད་ལ་གང་ཉིད་ནི་ཕྱེད་བགྲེས་ཡོལ་གྱི་གནས་བབ་ཏུ་ཡོད་ཅིང༌། ད་ཆ་རྦད་དེ་བགྲེས་ཡོལ་ཆ་ཚང་བྱ་རྒྱུར་རེ་བ་གནང་གི་ཡོད། ཅེས་དང༌། དེ་བཞིན་ཁོང་གིས། ལིག་ཞོ་པའོ་ཡིས་ ༢༠༠༨ གྱི་རྩ་འཛིན་ཡིག་ཆའི་སྐོར་གནས་ཚུལ་ཐོན་སྐབས་ནས་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་དང་མཉམ་དུ་ཁོང་ལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་བཀོད་ཡོད་ཚུལ་སོགས་གསར་འགོད་པར་ལན་འདེབས་གནང་ཡོད་པར་མ་ཟད། དེར་ཡོད་གསར་འགོད་པ་རྣམས་ལ་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་ཆོས་ལུགས་འཆམ་མཐུན་གོང་སྤེལ་གྱི་ཐད་ལ་སྐུད་འདེད་ཀྱི་ནུས་པ་དང་འབོད་སྐུལ་གནང་ཡོད་པ་རེད།

 

ཕྱི་ཚེས་ ༡༣ ཉིན་ྋགོང་ས་མཆོག་དགེ་ལྡན་ཆོས་གླིང་ཆོས་ཚོགས་ཀྱིས་གསོལ་འདེབས་གནང་བ་ལྟར། སེན་རྗོ་སི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གནང་སྟེ། དེར་ཡོད་མི་མང་ ༥༠༠༠ ཙམ་ལ་ནང་ཆོས་དར་སྤེལ་གྱི་ལོ་རྒྱུས་དང་ངོ་སྤྲོད་དང་གནང་རྗེས་འོད་དཔག་མེད་ཀྱི་རྗེས་གནང་བསྩལ་ཡོད་ལ། ཉིན་རྒྱབ་དུ་རཱ་ཝུན་སི་ཝོར་ཌི་ཞེས་པའི་སློབ་ཕྲུག་ ༣༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་གནང་བར་མ་ཟད། སློབ་ཕྲུག་ཚོ་དང་མཉམ་དུ་དྲི་བ་དྲི་ལན་གནང་ཡོད་པ་དང༌། དེར་ཡོད་རཱོ་ནལ་མེལ་ཁེལ་ཌོ་ནལ་ཞེས་པའི་ནད་གཞི་ཅན་གྱི་ཕྲུ་གུ་ལྟ་སྐྱོང་ཚོགས་པར་ཆིབས་བསྒྱུར་གྱིས་ཕྲུ་གུ་རྣམས་ལ་མཇལ་ཁ་གནང་བར་མ་ཟད། བོད་ཀྱི་གསོ་བ་རིག་པའི་སྨན་པ་བསྟེན་དགོས་པ་དང༌། མ་འོངས་བོད་སྨན་གྱི་ཐོག་ནས་སྨན་བཅོས་བྱ་དགོས་བྱུང་ཚེ་ཁོང་ཉིད་ནས་སྐུ་ཚབ་དོན་གཅོད་བརྒྱུད་བོད་པའི་སྨན་པ་གཏོང་རྒྱུའི་གོ་སྒྲིག་ཞུ་ཆོག་ཅེས་བཀའ་སློབ་གནང་ཡོད་པ་རེད། ཐེངས་འདིར་ྋགོང་ས་མཆོག་ཕེབས་པའི་ནད་གཞི་ཅན་གྱི་བྱིས་པ་ལྟ་སྐྱོང་ཁང་དེའི་ནང་བོད་པའི་ཕྲུ་གུ་གཉིས་ལྷག་ཡོད་འདུག 

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་མི་ལག་དམར་བ་ཞིག་གིས་ལག་ལ། ༧སྐུའི་སྐུ་སྲོག་བཞག་ནས་ཕེབས། མི་དགོས་དོན་གཙོ་བོར་གནང་པ་མིན་འགྲོ ང་དང་འདྲ་བའི་དྭོགས་གནད་ཡོད་ན་སོམས་ཤིག

    Reply
  2. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    འདི་ནི་སྐད་ཆ་སྙན་པོ་ཞིག་ཁྱོན་ནས་མ་རེད་ཡ།

    Reply
  3. འཇམ་གྲགས says:
    ལོ་ 16 སྔོན།

    ད་ནི་གོང་ས་མཆོག་བགྲེས་ཡོལ་ཆ་ཚང་བཞུགས་གི་ཡིན་གསུངས་ན་ཡང་མི་ཚོར་ཁ་རོག་གེར་སྡོད་འདུག་པ་ཅི་རེད།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། ༼ལྟ་སྐྱོང་ཁང་དེའི་ནང་དུ་བོད་པའི་ཕྲུ་གུ་གཉིས་ལྷག་ཡོད་འདུག༽ ཅེས་པ་འདི་ལ་གོ་བ་ལེན་སྟངས་གང་འདྲ་རེད། བོད་པའི་ཕྲུ་གུ་གཉིས་ལུས་ཡོད་འདུག་ཅེས་གོ་དགོས་པ་རེད་དམ་ཡང་ན་བོད་པའི་ཕྲུ་གུ་གཉིས་དང་ཕྱེད་ཀ་ཡོད་པའི་དོན་རེད།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    དྲྭ་བདག་ལགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་གསར་པ་ཀླུ་མཁར་བྱམས་ཀྱི་བཏབ་པའི་འཆན་བུ་བསུབ་སོང་། མི་ངན་དེ་འགེབས་སྲུང་བྱེད་དགོས་དོན་ཅི་ཡིན་ནམ། ངེས་པར་དུ་གསལ་བཤད་གནང་རགས།

    ཁོ་པའི་འཆན་བུ་དཔར་བཤུས་ཀྱི་ཉར་ཡོད། དགོས་གལ་བྱུང་ཚེ་དྲྭ་ལམ་གཞན་ནས་ཁྱབ་བསྒྲགས་བྱེད་ངེས་ཡིན།

    Reply
  6. ནད་པ says:
    ལོ་ 16 སྔོན།

    ༸ གོང་ས་མཆོག་གང་དུ་ཞབས་སོར་འཁོད་ཀྱང་དེ་རུ་འཛམ་གླིང་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་དང་། ཞི་བདེ། འཚེ་བ་མེད་པའི་ལྟ་གྲུབ། བདེ་སྐྱིད་བཅས་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེའི་ས་བོན་འདེབས་བཞིན་ཡོད།

    ༸ གོང་ས་མཆོག་གང་དུ་བཀའ་དྲིན་ཆིབས་སྒྱུར་བསྐྱངས་ནའང་དེ་རུ་འཛམ་གླིང་ཆོས་ལུགས་ཀྱི་མཛའ་བརྩེ་དང་། ཆེ་མཐོང་། མཐུནསྒྲིལ། འགྲོ་བ་མིའི་རིགས་ཀྱི་སེམས་ཀྱི་ཞི་བདེའི་ས་བོན་འདེབས་བཞིན་ཡོད།

    ༸ གོང་ས་མཆོག་གང་དུ་ཞབས་ཀྱིས་བཅག་ན་དེ་རུ་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་ཆབ་སྲིད། བོད་ཀྱི་རིག་གཞུང་། བོད་ཀྱི་གཟི་བརྗིད། བོད་མིའི་སྤྱི་ཚོགས། བོད་ཀྱི་སྐད་ཡིག བོད་མིའི་ལ་རྒྱ། བོད་མིའི་ཡ་རབས། བོད་མིའི་གཤིས་སྤྱོད་སོགས་ཀྱི་ས་བོན་གོང་ནས་གོང་ཐོར་འདེབས་བཞིན་ཡོད།

    དེའི་ཕྱིར་༸ གོང་ས་སྐྱབས་མགོན་ཆེན་པོ་གང་ཉིད་བགྲེལ་ཡོལ་ཆ་ཚང་དུ་ཕེབས་ཐུབ་རྒྱུའི་དུས་བབ་གཅིག་ལ་སླེབས་བཞིན་ཡོད་པ་དེས་བོད་མི་རིགས་ཀྱི་གནད་དོན་འདི་རང་བཞིན་རང་ཡལ་དུ་འགྲོ་རྒྱུའི་ཚབ་ལས་མ་འོངས་པའི་མི་རབས་གསར་པ་ཚོས་སྲི་ཞུའི་ལས་དོན་གང་སར་ཞུམ་མེད་སྙིང་སྟོབས་ཀྱིས་འགན་འཁུར་ཐུབ་པའི་ཚད་རྟགས་གཅིག་སྟོན་བཞིན་ཡོད་སྟབས་ང་ཚོས་བོད་མི་རིགས་འདི་

    ༸ ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དམ་པའི་ཐུགས་དགོངས་ལྟར་ལས་ལ་བརྩོན་བཞིན་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་སྤོབས་པ་གཅིག་ད་ཆ་འཛམ་གླིང་གང་སར་གྲགས་བཞིན་ཡོད་སྟབས་ངོ་མ་དགའ་འོས་པའི་གཏམ་བཟང་གཅིག་ཡིན།

    ༸ རྒྱལ་བའི་སྐུ་ལས་བརྗིད་པ་མེད། །༸ རྒྱལ་བའི་གསུང་ལས་སྙན་པ་མེད།།
    ༸ རྒྱལ་བའི་ཐུགས་ལས་ཟབ་པ་མེད། །གསང་གསུམ་མཛད་འཕྲིན་རྒྱས་གྱུར་ཅིག །

    Reply
  7. གངས་རི། says:
    ལོ་ 16 སྔོན།

    ད་ནི་༧གོང་ས་མཆོག་གིས་ཡོངས་སུ་སྐུ་ངལ་གསོས་སོང་། ཆོས་སྲིད་གཉིས་ཀྱི་འགན་དེ་མཚམས་འཇོག་བྱས་སོང་།
    ཁོང་གིས་ད་བར། ” ང་ལ་ལས་འགན་ཆེན་པོ་གསུམ་ཡོད། དང་པོ། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། གཉིས་པ། འཛམ་གླིང་གི་ཆོས་ལུགས་འཆམ་མཐུན། གསུམ་པ། བོད་པའི་བདེན་མཐའ་གསལ་ཐབས་བཅས་ཡིན” ཅེས་གསུང་བཞིན་ཡོད།
    འོན་ཀྱང་། ཉེ་ཆར་ཞིག་ནས་ཁོང་གིས། ད་ནི་ང་རང་གིས་བགྲས་ཡོལ་ཆ་ཚང་ཞིག་གི་ཐོག་ལ་བསམ་བློ་གཏོང་གི་ཡོད་གསུངས་ཡོད་ཅིང་། ཐེངས་འདིར་ཁ་གསལ་བོའི་ཐོག་ནས་ང་རང་གི་ལས་འགན་གསུམ་པ་མཚམས་འཇོག་བྱ་རྒྱུ་ཡིན་གསུངས་པ་དེ། མཐར་གཏུག་ན་བོད་དོན་མཚམས་འཇོག་བྱ་རྒྱུ་ཡིན་གསུངས་པ་དེ་རེད།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese