མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྣམ་དཔྱོད་ཀྱི་རྩལ་འདོན་པར་རང་དབང་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཚོགས་ཡར་རྒྱས་གཏོང་བར་གང་ཟག་སྒེར་གྱི་གསར་གཏོད་བྱེད་པའི་རྣམ་དཔྱོད་ཀྱི་རྩལ་དེ་གལ་ཆེན་པོ་རེད། ཡིན་ནའང་། དེ་བེད་སྤྱོད་གཏོང་བར་རང་དབང་དགོས་པ་རེད། རྒྱ་ནག་ལ་མཚོན་ན་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། མ་འོངས་པར་ཆབ་སྲིད་ཀྱི་ལངས་ཕྱོགས་ཕན་ནུས་ལྡན་པ་ཞིག་འཛིན་རྒྱུ་གལ་ཆེན་པོ་རེད་ཅེས་༸གོང་ས་མཆོག་གིས་གསུངས་ཡོད།

༧གོང་ས་མཆོག་གིས་འདས་པའི་ཉིན་གྲངས་གསུམ་རིང་གི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས། ཕྱི་ཚེས་ ༡༤ ཉིན་ཁ་ལེ་ཧྤོ་ནི་ཡའི་མངའ་སྡེའི་ཕལ་ལོ་ཨལ་ཌོ་ Palo Alto གྲོང་ཚོ་རུ་ཡོད་པའི་ཁེལ་སི་ཁྲལ་ནོ་ Castano School སློབ་གྲྭར་ཆིབས་བསྒྱུར་བསྐྱངས་ཡོད་ལ། ཉིན་དེའི་མཛད་འཕྲིན་གྱི་ཐོག་མར་ཁོང་གིས་དེར་སློབ་གྲྭའི་དགེ་སློབ་ ༣༠༠ ཙམ་ལ་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་དང་། དེང་རབས་བོད་ཀྱི་རྒྱལ་རབས་ངོ་སྤྲོད། དེ་བཞིན་ཁོང་ཉིད་ཀྱིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལས་དགུང་ལོ་གཉིས་ཀྱི་ཆུང་བའི་དུས་སྐབས་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་འགན་བཞེས་བ་དང་། ༢༠༠༡ ལོར་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་འོས་འདེམས་བྱས་པ་ནས་བཟུང་། ཁོང་ཉིད་ཕྱེད་བགྲེས་ཡོལ་བྱས་ཡོད་སྐོར་སོགས་གསུངས། སྐབས་དེར་སློབ་མ་རྣམས་ཀྱི་དྲི་བའི་ལན་དུ་ཁོང་གིས། དུས་རབས་ ༢༠ དེ་འཛུགས་སྐྲུན་ཡར་རྒྱས་ཀྱི་དུས་རབས་ཤིག་ཡིན་ལ། ཡར་རྒྱས་དེ་ཡང་ཕྱི་དངོས་པོའི་ཡར་རྒྱས་ཙམ་ཡིན། ད་ཆ་ང་ཚོའི་བྱམས་བརྩེ་དང་བརྩེ་སེམས་སོགས་ནང་བསམ་བློ་ཡར་རྒྱས་སུ་གཏོང་དགོས་སྟབས། ཀླད་པ་ཡར་རྒྱས་གཏོང་རྒྱུའི་ཤེས་ཡོན་ཁོ་ནའི་འདང་གི་མེད། ཞི་བདེ་ཟེར་བ་དེ་ནང་བསམ་བློའི་གཏིང་ནས་ཡོང་དགོས་པ་དང་། ནང་བསམ་བློའི་ཞི་བདེ་ཡོད་པ་ཡིན་ན་སྤྱི་ཚོགས་ནང་འགྱུར་བ་གཏོང་ཐུབ་ཀྱི་ཡོད། ངོས་རང་དུས་རབས་ ༢༠ པའི་མི་ཞིག་ཡིན་ཡང་། ཁྱེད་རང་ཚོ་དུས་རབས་ ༢༡ པའི་མི་རབས་གསར་བ་ཆགས་ཡོད་པ་སྟབས། མ་འོངས་པར་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་རྒྱུའི་གོ་སྐབས་དང་འགན་དབང་ཡོད་ཅེས་བཀའ་སློབ་གནང་ཡོད།   

 

ཡང་དེར་ཡོད་སློབ་མ་ཞིག་གིས་ཆོས་ལུགས་དང་མི་རིགས་དབྱེ་འབྱེད་སྐོར་དང་། འཛམ་གླིང་ནང་ཞི་བདེ་ཡོང་སྲིད་མིན་བཅས་ལ་དྲི་བ་བཏོན་པར།  ༸གོང་ས་མཆོག་གིས། ཁོང་ཉིད་ཀྱི་བྱིས་པའི་གནས་སྐབས་དང་འཚར་ལོངས་བྱུང་རྗེས་ཀྱི་དུས་སྐབས་བཅས་སུ་རང་ཉིད་ངོས་འཛིན་དང་བསམ་བློ་ཡར་རྒྱས་ཇི་འདྲ་སོང་མིན་དང་། བྱིས་པའི་དུས་སྐབས་སུ་གཞི་རྩའི་འགྲོ་བ་མི་ཡིན་པའི་ངོས་འཛིན་ཙམ་ལས་ཆོས་ལུགས་གང་ཡིན་གྱི་ངོས་འཛིན་མཛད་མི་ཐུབ་ཚུལ། ནར་སོན་སྐབས་རང་ཉིད་ནང་པ་ཞིག་ཡིན་པ་དང་ཏཱ་ལའི་བླ་མ་ཡིན་བསམ་པའི་ངོས་འཛིན་གྱི་ཀུན་སློང་རྒྱུད་ལ་འཁྲུངས་ཚུལ་སོགས་གསུང་བ་མ་ཟད། ཆོས་ལུགས་དང་མི་རིགས་སོགས་རིམ་པ་གཉིས་པའི་ངོ་བོ་ངོས་འཛིན་གྱི་བསམ་བློ་དེར་ཞེན་ཆགས་ཆེ་དྲགས་པར་བརྟེན། སྤྱི་ཚོགས་ནང་དཀའ་ངལ་ཡོང་གི་ཡོད་པ་དང་ང་ཚོས་མཚམས་རེར་རིམ་པ་གཉིས་པའི་ངོ་བོའི་ཆེད་དུ་གཞི་རྩའི་འགྲོ་བ་མི་ཞིག་ཡིན་པའི་རིམ་པ་དང་པོ་དེ་ལྷོད་ཡངས་བྱེད་ཀྱིན་ཡོད། ཅེས་དང་། གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་ཞི་འཇམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་བྱམས་བརྩེ་གལ་ཆེན་པོ་ཡིན་པ་དེ་དངོས་ཡོད་ཡིན་སྐོར་གསུངས་སོང་ཞིང་། ཁོང་ཉིད་ཀྱི་ཐུགས་ལ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་ཡོང་སྲིད་པར་ཡིད་ཆེས་གནང་གི་ཡོད་སྐོར་གསུངས་སོང་།  

ཕྱི་ཚེས་  ༡༤ ཉིན་༸གོང་ས་མཆོག་གིས་སི་ཊན་ཧྤོ་ཌི་དང་ཁ་ལེ་ཧྥོ་ནི་ཡ། བྷར་ཀ་ལེ། སེན་ཧྤུ་རན་སི་ཁོ་མངའ་སྡེ་གཙུག་ལག་སློབ་གྲྭ་བཅས་སློབ་ཆེན་གསུམ་དང་། སེན་ཧྤུ་རན་སི་ཁོ་སྒྱུ་རྩལ་བསྟི་གནས་ཁང་བཅས་སུ་ཡོད་པའི་རྒྱ་རིགས་སློབ་ཕྲུག་ ༡༣༠ ཙམ། དེ་བཞིན་རྒྱ་རིགས་གཙུག་ལག་སློབ་དཔོན་དང་མཁས་དབང་བཅསལ་་མཇལ་འཕྲད་གནང་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བོད་ཀྱི་གནད་དོན་སྐོར་ལ་བཀའ་སློབ་གནང་ཡོད། སྐབས་དེར་༸གོང་ས་མཆོག་གིས། སྤྱི་ཚོགས་ཡར་རྒྱས་གཏོང་བར་གང་ཟག་སྒེར་གྱི་གསར་གཏོད་བྱེད་པའི་རྣམ་དཔྱོད་ཀྱི་རྩལ་དེ་གལ་ཆེན་པོ་རེད་ལ། དེ་བེད་སྤྱོད་གཏོང་བར་རང་དབང་དགོས་པ་རེད། རྒྱ་ནག་ལ་མཚོན་ན་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། ཆབ་སྲིད་ཀྱི་ལངས་ཕྱོགས་ཕན་ནུས་ལྡན་པ་ཞིག་འཛིན་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་མི་མང་དུང་ཕྱུར་ ༡༣ ལྷག་ཡོད་པ་རྣམས་ལའང་དངོས་ཡོད་གནས་ཚུལ་ཇི་འདྲ་ཡིན་མིན་ཤེས་རྒྱུའི་ཐོབ་ཐང་ཡོད་ཅེས་གསུངས།

 

ཡང་ཁོང་གིས། ངོས་ནས་བོད་རང་བཙན་རྩོད་ཀྱིན་མེད་པ་ཚང་མས་ཤེས་གསལ་རེད། གནས་སྟངས་དེ་ལ་བརྟེན་ནས་བོད་པ་མི་ཉུང་བ་ཞིག་གིས་ངའི་ལངས་ཕྱོགས་དེར་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀྱང་ང་ལ་ཁ་བྲལ་བ་ཡིན་པའི་བསྙོན་འཛུགས་བྱེད་བཞིན་ཡོད། བོད་ཀྱི་དཀའ་ངལ་དེ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་སྟབས། དཀའ་ངལ་སེལ་ཐུབ་ངེས་ཤིག་ཡིན་པ་དངོས་ཡོད་གནས་ཚུལ་རེད་ཅེས་གསུང་བ་དང་འབྲེལ། ཁོང་ཉིད་ནས་ ༡༩༨༠ ནང་ཧུའུ་ཡོ་པང་གི་སྐབས་སུ་བོད་ཀྱི་གནད་དོན་ལ་ཡར་རྒྱས་ཀྱི་རེ་བ་ཆེན་པོ་བྱུང་ཚུལ། ༢༠༠༢ ལོར་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་དུ་འབྲེལ་བ་སླར་གསོ་བྱུང་སྟེ་བོད་རྒྱ་གྲོས་མོལ་བྱས་ཡོད་ཀྱང་། ད་བར་གྲུབ་འབྲས་དང་ཡར་རྒྱས་གང་ཡང་བྱུང་མེད་པའི་སྐོར་གསུངས་འདུག་ལ། དེ་བཞིན་ཁོང་གིས། ཁོང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་རྒྱ་རིགས་ནང་པ་ཚོར་དུས་རྟག་ཏུ་གུས་བཀུར་ཞུ་བཞིན་ཡོད། དེ་ཡང་གཙོ་བོ་རྒྱ་རིགས་ནང་པ་ཚོ་སྟོན་པའི་རྗེས་འབྲང་གི་བསླབ་པ་རྒན་པ་ཡིན་སྟབས། ནང་ཆོས་ཐོག་གཞོན་པ་ཚོར་སྡུག་པོ་བཏང་མེད་ཅེས་གསུངས་ཡོད་པ་རེད།

ཉིན་དེར་དྲུག་བཞིའི་དོན་རྐྱེན་ཁྲོད་རྐང་པ་རྨས་སྐྱོན་ཕོག་ཡོད་པའི་རྒྱ་རིགས་ཝང་ཀྲང་གིས་ཉེ་ཆར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ལིག་ཞོ་པོ་ལ་མ་འོངས་པར་གང་དུ་མཇལ་ཐུབ་མིན་གྱི་དྲི་བའི་ལན་དུ། ༸གོང་ས་མཆོག་གིས་གལ་སྲིད་དེ་འདྲའི་གོ་སྐབས་བྱུང་བ་ཡིན་ན། ཁོང་ཉིད་པེ་ཅིན་དུའང་ཡོང་སྲིད་པ་རེད་ཅེས་བཀའ་ལན་གནང་ཡོད་པར་མ་ཟད། དེར་ཡོད་རྒྱ་རིགས་སློབ་ཕྲུག་ཚོར་དུས་རབས་འདིའི་ནང་འགན་ཁུར་མང་ཙམ་ལེན་དགོས་པ་དང་། རྒྱ་རིགས་གཙུག་ལག་སློབ་དཔོན་བགྲེས་པ་ཚོར་སློབ་ཕྲུག་དང་སྤྱི་ཚོགས། དེ་བཞིན་འཛམ་གླིང་ཁྱོན་ཡོངས་བཅས་སུ་འགན་འཁུར་དགོས་པའི་མཛུབ་སྟོན་ཡང་གནང་ཡོད་པ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༡༠ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

མཆན། 1

  1. རང་རྟོན། says:
    ལོ་ 16 སྔོན།

    རྒྱ་རིགས་དེ་ཚོ་ཁ་ཞེ་གཉིས་མེད་དང་རང་ཚུགས་འགྱུར་མེད་ཡིན་པའི་རེ་བ་བྱེད་བཞིན་ཡོད་ལ།རྒྱ་མིར་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དེའང་འུ་ཚང་གི་དོན་དག་དེར་འབྲེལ་བ་ངེས་ཅན་ཡོད་པ་བདེན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese