མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟག་སྨྲིག་ཀློད་གྲོལ་ཐོབ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

ན་གཞོན་རྩོམ་པ་པོ་སྒྱིས་ཚང་སྟག་སྨྲིག་ལགས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཀློད་གྲོལ་བཏང་ཡོད་འདུག སྒྱིས་ཚང་སྟག་སྨྲིག་ལགས་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༨ ཉིན་༼ བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ ༽ཞེས་པའི་བརྙན་འཁོར་འོད་སྡེར་ཞིག་བོད་ཕྱི་ནང་གཉིས་སུ་འགྲེམས་སྤེལ་བྱས་རྗེས། ལོ་གཅིག་ལྷག་རིང་ཁོང་ཡར་མར་བྲོས་བྱོལ་གྱིས་སྦེད་སྐུང་བྱས་བསྡད་ཀྱང་། མཐར་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད། དུས་དེ་ནས་བཟུང་ནང་མི་གཉེན་འབྲེལ་སོགས་ཀྱིས་ཁོང་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་ཟུར་ཙམ་ཡང་ཤེས་རྟོགས་མ་ཐུབ་ལྷག་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གློ་བུར་དུ་ཁོང་ཀློད་གྲོལ་བཏང་ཡོད་འདུག་ཀྱང་། ཁོང་ཀློད་གྲོལ་བཏང་བ་དེ་ཟླ་དྲུག་གི་རིང་ལྟ་རྟོག་འོག་ལ་ཚོད་ལྟ་བྱ་རྒྱུ་དང་། ད་ནས་བཟུང་ཁོང་གིས་ཆབ་སྲིད་ཀྱི་ལས་ཀ་བྱེད་མི་ཆོག་པ་མ་ཟད། ཁ་པར་གྱི་ཨང་གྲངས་བརྗེ་མི་ཆོག་པ་དང་། ཆབ་སྲིད་དང་འབྲེལ་བའི་ལས་དོན་སོགས་ཀྱི་མགོ་ཁྲིད་དང་མཉམ་ཞུགས་བྱ་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་ཡང་བཞག་ཡོད་འདུག

 

ཕྱི་ཟླ་ ༩ ཚེས་ ༢༦ ཉིན་རྩོམ་པ་པོ་ཁོང་གི་ངོ་ཤེས་གྲོགས་པོ་འགའ་རེ་དང་སྒྱིས་ཚང་ས་གནས་ཀྱི་གཞོན་སྐྱེས་ ༤༠ ཙམ་རྨད་ཤེས་ཞང་སྲིད་གཞུང་དུ་ཕྱིན་ཏེ། ཁོང་གར་ཡོད་ཤེས་འདོད་ཡོད་པའི་རེ་འདུན་བཏོན་ཡོད་པ་མ་ཟད། ཁོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཤིག་ཡིན་པའི་ཆ་ནས་ང་ཚོར་བརྩད་གཅོད་བྱེད་པའི་ཐོབ་ཐང་ཡོད་སྐོར་དང་། དེ་ལུགས་སྲིད་གཞུང་ནས་ཀྱང་ལན་ཡག་པོ་ཞིག་གནང་རོགས། གལ་སྲིད་ཁོང་གར་ཡོད་ཤེས་ན་ཁོང་ལ་ཉལ་ཆས་དང་བཟའ་བཏུང་རེ་སྐྱེལ་འདོད་པ་དང་། ང་ཚོའི་ངོས་ནས་ད་ལྟ་སྐད་ཆ་ཡག་པོ་བཤད་དེ་ཞུ་བ་བྱེད་ཀྱིན་ཡོད་སོགས་བརྗོད་སྐབས། དེ་མ་ཐག་ཤང་སྲིད་གཞུང་གིས་ཁོང་ཚོ་ལ་ཁྱེད་ཚོ་ད་ལྟ་རང་སར་ལོགས་རྒྱུགས། ང་ཚོས་གང་མགྱོགས་ཡར་ཞུ་བྱས་ཏེ་བརྩད་གཅོད་བྱ་ངེས་ཡིན། ཁྱེད་ཚོ་ཡང་བསྐྱར་འདི་ལྟར་མ་ཡོང་། གལ་སྲིད་ཡོང་ན་ཡག་པོ་མེད་སྐོར་བཤད་འདུག

 

རྗེས་སུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དང་ཐོག་ཁོང་འཛིན་བཟུང་བྱས་མ་ཐག་ལན་ཀྲུའུ་ཉེ་འཁྲིས་ཀྱི་བཀག་སྐྱིལ་ཁང་ཞིག་ཏུ་ཁྲིད་ཡོད་པ་དང་། དེའི་རྗེས་བཱ་ཚེ་དང་གཙོད་སོགས་ལ་བརྗེ་སྤོར་གྱིས་རྡུང་རྡེག་མནར་གཅོད་དང་། ཞི་དྲག་གི་འདྲི་བརྩད་ཐེངས་མང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

མཆན། 4

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    ཐོག་མ་གངས་ཅན་པའི་དཔའ་རྒོད་སྒྱིས་ཚང་སྟག་སྨྲིག་ལགས་ལ་མཚམས་འདྲི་བཀྲིས་བདེ་ལེགས་དང་སྒྲགས་སྐུ་ཉིད་ཀི་སྐུ་གཟུགས་གསལ་ཐང་ཡིན་པའི་སྨོན་འདུན་ཞུ།
    གངས་ཅན་ལྗོངས་ལ་བུ་རྒོད་ཁྱེད་དང་ཁྱེད་ལྟ་བུ་མང་པོས་རང་སྲོག་བློས་གཏོང་གྱིས་རང་མི་རིགས་ཀྱི་བདེ་བསྡུག་ཕྲག་དུ་ཁུར་ནས་རང་གི་སེམས་འདུན་དངོས་མ་དེ་ཕྱིར་མངོན་ཆེད་དེབ་དང་འོད་སྡེར་ཡང་ན་སྐད་འབོད་སོགས་ཐབས་ལམ་འདྲ་མིན་གྱི་སྒོ་ནས་གནས་ལུགས་བཤད་པ་ལ་ང་བོད་པའི་མིང་ཙམ་ཁུར་བའི་ཕྱི་སྡོད་པའང་བཙན་བྱོལ་བ་ཞིག་གིས་ཡི་རང་ཞུ་བཞིན་ཡོད། ཨ་མའི་བུ་རྒོད་ཤུ་རེ་བྱས་དང་ང་ཚོའི་འོད་སྣང་དེ་ཕྱིར་མངོན་ལ་ཉེ། ཡིན་ན་ཡང་སྲིན་བྱ་མགོ་སྒམ་དེ་དག་ལ་དོག་ཟོན་མཛོད།

    Reply
  2. བློ་ཡར། says:
    ལོ་ 16 སྔོན།

    ད་མུ་མཐུད་ཆབ་སྲིད་བཙོན་པ་ཚོ་ཀློད་གྲོལ་ཡོང་བའི་རེ་བ་ཡོད།

    Reply
  3. བློ་ཡར། says:
    ལོ་ 16 སྔོན།

    སྟག་སྨྲིག་ལགས་འཚམས་འདྲི་ཞུ།

    Reply
  4. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    སྒྱིས་ཚང་སྟག་སྨྲིག་ལགས་ཀླ་ཀློའི་ལག་དམར་བའི་མཚོན་འོག་ནས་གནས་སྐབས་མཐར་བར་མཚམས་འདྲི་དང་བཀྲ་ཤིས་ཡོད་ལ་སྐུ་ཉིད་ཀྱི་སྐུ་གཟུགས་ལ་ཀླ་ཀློའི་ནག་གྲིབ་རེ་ཡང་མ་ཕོབ་པའི་རེ་བ་ཡོད་ལ་དོན་རྐྱེན་དེས་སྐུ་ཉིད་ལ་སྔར་ལས་ལྷག་པའི་སེམས་ཤུགས་འཕར་རྒྱུར་སྐུལ་བཅག་ཞིག་ཀྱང་བྱུང་ངེས་ལགས། སླད་མར་ཡང་རྒྱ་དམར་བཤན་པ་ཚོས་དངོས་ལྐོགས་གཉིས་ཀྱིས་སྐུ་ཉིད་ལ་ཐུགས་བསུན་བཟོ་ངེས་ཡིན་པས་ལྷད་མེད་ཀྱི་སེམས་ཤུགས་སོགས་ལ་གཅེས་སྤྲས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese