མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུས་པའི་ནད་ཡམས་ཁྱབ་བརྡལ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བོད་ཀྱི་ཁམས་ཆབ་མདོ་ས་ཁུལ་ལ་གློ་བུར་དུ་རུས་པའི་ནད་ཡམས་ཞིག་བྱུང་སྟེ། ད་ཆར་ས་གནས་ཁག་ ༡༡ གི་མི་ཆིག་ཁྲི་དྲུག་སྟོང་ ༡༦༤༠༠ ལྷག་ལ་ནད་གཞི་དེ་འགོས་ཡོད་ཅིང༌། འདིའི་ཐད་ས་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞིབ་འཇུག་བྱས་པ་ལྟར་ན། ཆབ་མདོ་ས་ཁུལ་མང་པོ་ཞིག་ཏུ་ནད་ཡམས་དེ་ཁྱབ་བརྡལ་དུ་འགྲོ་རྒྱུའི་ཉེན་ཁ་ཆེ་པོ་ཆགས་ཡོད་སྟབས། རུས་པའི་ནད་ཡམས་དེ་ད་དུང་མི་ཁྲི་ ༡༧ ཙམ་ལ་འགོས་ཁྱབ་ཏུ་འགྲོ་སྲིད་པའི་ཉེན་ཁ་ཡོད་ཚུལ་བརྗོད་ཡོད།

ད་ཆར་ཞིབ་འཇུག་ཚོགས་པ་ཁག་གིས་ནད་ཚ་དེའི་བྱུང་རྐྱེན་དང་ངོ་བོ་བཅོས་ཐབས་སོགས་ཀྱི་ཐད། ཐག་ཆོད་རང་བཞིན་གྱི་སྡོམ་ཚིག་ཅིག་རྒྱག་ཐུབ་མེད་ཀྱང་། གྲོ་ནས་རྙིང་པ་སོགས་འབྲུ་རྙིང་ཤིག་ལས་བྱུང་བར་ཚོད་དཔག་བྱེད་ཀྱིན་ཡོད་འདུག ནད་ཡམས་དེ་བྱུང་རྗེས་ནད་པའི་རུས་པ་སྐྲངས་ཏེ་ཆེན་པོ་ཆགས་པ་དང༌། ལུས་ཟུངས་ཉམས་ཏེ་ལས་ཀ་སོགས་ཀྱི་ངལ་རྩོལ་བྱེད་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག ནད་ཡམས་དེའི་འཇིགས་པ་སྐྱོབ་ཆེད་ས་གནས་སྲིད་གཞུང་དང་། འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ཁག་གིས་ཡུལ་མི་ཚོ་ས་གནས་གཞན་དུ་གནས་སྤོ་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 9

  1. Nyima says:
    ལོ་ 16 སྔོན།

    བོད་རིགས་ལ་དེ་འདྲའི་ནད་ཡམ་བྱུང་བ་ནི་འཛམ་བུ་གླིང་གི་གྱོང་རེད།་

    Reply
  2. Nyima says:
    ལོ་ 16 སྔོན།

    ༢༠༡༠༔༡༠༔༢༡ཨ་ཁ།་་་ཆབ་མདོ་ལ་རུས་པའི་ན་ཚ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐོར་དྲ་གནས་སུ་མང་པོ་ཐོན་འདུག
    དངོས་གནས་ན་ཚ་དེ་ལྟར་བྱུང་ཡོད་ན་ལྷ་ཀླུ་སོགས་རྟོག་བཏགས་སྣ་ཚོགས་པའི་མུ་གབ་ཀྱིས་འོག་ཏུ་མི་འཛུལ་བར་སོ་སོའི་ངོས་ནས་སྨན་བཅོས་དང་འཕྲོད་བསྟེན་གཟབ་དགོས་པ་གལ་ཆེན་པོ་རེད།
    རྒྱལ་ཁབ་གཞུང་གི་ངོས་ནས་གང་ཡོང་ཅི་ཡོང་གི་འབད་རྩོལ་བྱེད་བཞིན་ཡོད་པར་ཡིད་ཆེས་ཡོད་ཀྱང་འཁོར་ཡུག་གི་གནས་སྟངས་ལ་ཕུག་རྒྱང་རིང་བའི་འདུ་ཤེས་འཛིན་མ་ཐུབ་པའི་དབང་གིས་འབྱུང་བཞིའི་གོད་ཆག་ཡོང་གི་ཡོད་པ་གསལ་པོ་རེད།
    མ་འོངས་པར་ནད་ཡམས་འདི་དག་དང་འབྲེལ་བ་ཟབ་པའི་འཁོར་ཡུག་ལ་དོ་ཕོག་མི་གཏོང་བར་སྲུང་སྐྱོབས་ཕུན་སུམ་ཚོགས་པ་ཞིག་ལ་འབད་རྩོལ་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།།

    Reply
  3. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    སྡེ་དགེ་ཚེ་དབང་མགོན་པོ་ལགས་ཁྱེད་ཀྱིས་བོད་ཀྱི་བླ་རྒན་ཞེས་བརྗོད་འདུག་པ་དེའི་ནང་༸གོང་ས་མཆོག་ཚུད་ཀྱི་ཡོད་དམ་ཞེས་དྲི་བ་ཞིག་ཡོད་པས་ངེས་པར་དུ་ལན་འདེབས་དགོས་སྟེ་ཀློག་པ་པོ་མང་དག་ཞིག་སོམ་ཉིའི་གནས་སུ་ལྷུང་འདུག

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཆབ་མདོ་བ་འདི་ཚོ་ཆུ་དང་ཐག་ཉེ་སར་འདུག་པ་མང་བས་དྲག་པས་གྲང་བའི་ནད་གཞི་ཞིག་ཕོག་པ་ཡིན་སྲིད། ཀུ་རེ་ཡིན། བེ་རི་དང་ལྷ་ཐོག་པ་འདི་ཚོ་རིའི་སྒང་དུ་བསྡད་ཡོད་སྟབས་ནད་དེ་ཕོག་སྲིད་ཀྱི་མ་རེད།

    Reply
  5. སྐར་མདའ། says:
    ལོ་ 16 སྔོན།

    བོད་ཀྱི་བླ་རྒན་ཚོ་ལ་སྤྲུལ་པ་འདྲ་དང་ལྷ་འདྲ་ཕབ་རྒྱུ་ཡོད་ན་དུས་ལ་བབ་འདུག་སྙམ།

    ངོ་མ་སྡེ་དགེ་ཚེ་དབང་མགོན་གྱིས་གསུང་བ་དེ་བདེན་པ་བདེན་རྐྱང་རང་རེད་འདུག རྒྱབ་སྐྱོར་གཙང་མ་གཙང་རྐྱང་ཡོད། སྐྱིད་པོ་གཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས་རེད་འདུག བསམ་བློ་རེ་བཏང་ན་སེམས་ཀྱི་གཏིང་ནས་སྐྱོ་དགོས་པ་ཞིག་རེད།

    ཡིན་ཡང་བཟོད་སྒོམ་ནི་སྐྱེས་བུ་རབས་ཀྱི་ནུས་པ་དང་འཇོན་ཐང་དངོས་ཡིན།ཉམ་ཆུང་པའི་མི་རིགས་འདི་ལ་གོད་ཆག་ག་འདྲའི་མང་པོ་ཞིག་ཐེབས་སོང་།རང་བཙན་ཤོར་ནས་བོད་ཕྱི་ནང་གཉིས་ཀ་ན་བོད་ཕྲུག་ཚོས་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་རེད།ད་དུང་དེའི་མི་ཚད་མི་སྐྲངས་ཁ་ལ་ཁུ་ཚུར་གྱི་དཔེ་བཞིན།

    ཉིས་སྟོང་བརྒྱད་ནས་བཟུང་བོད་མི་ལ་དམིགས་བསལ་གོད་ཆག་ཚབ་ཆེན་མུ་མཐུད་ནས་བྱུང་པ་དེ་ནི་བཟོད་དཀའ་པའི་གནས་དང་འཇིགས་སྐྲག་ཅན་ཞིག་རེད་འདུག འཛམ་གླིང་འདིའི་སྒང་ལ་གོ་མྱོང་དང་ཐོས་མྱོང་མེད་པའི་ན་ཚ་ཞེད་སྣང་ཚ་བོ་དེ་བོད་མིའི་སྟེང་དུ་སླེབས་དགོས་དོན་གང་ཡིན་ནམ།

    སྡེ་དགེ་ཚེ་དབང་མགོན་གྱིས་གསུང་བ་བཞིན་ད་ལྟའི་སྐབས་འདིར་ང་ཚོར་ནུས་ཤུགས་དང་ནུས་མཐུ་ཡོད་མཁན་གྱི་སྔགས་པ་དང་། ནུས་མཐུ་ཡོད་པའི་བླ་སྤྲུལ་གྲངས་མེད་ཅིག་ང་ཚོར་ཡོད་པ་རེད།
    ད་དེ་ཚོ་སྔོན་དུ་འཐོན་དེ་ཞེད་སྣང་ཅན་གྱི་ན་ཚ་དེ་ཚོ་གཅོད་ཐབས་ལ་འབད་ན་ག་འདྲ་འདུག དེ་འདྲ་བྱས་པ་ཡིན་ན་དོན་ལ་གནས་པའི་བླ་སྤྲུལ་དང་། སྔགས་པས་སོ་སོའི་མི་རིགས་ལ་ཕན་ཐོགས་པ་རེད།

    ཉེན་ཁ་ན་ཡོད་དུས་ཕན་མ་ཐོགས་ན། སྐྱིད་པོ་དང་བདེ་པོ་ཡིན་པའི་སྐབས་སུ་ཁོང་ཚོས་ཇི་ལྟར་བྱ།
    ད་ནི་བླ་དང་། སྤྲུལ་སྐུའི་དུས་ལ་བབ་འདུག ཐུགས་རྗེ་སྤྱན་གྱིས་གཟིགས་རོགས་གནང་དང་།

    Reply
  6. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 16 སྔོན།

    ང་ཚོ་བོད་ལ་མི་བྱུང་དགུ་བྱུང་ཡུལ་ཤུལ་དུ་ས་འགུལ་གྱི་བོད་མི་ག་ཚོད་གཅིག་གྲོང་ཡོད་པ་དང་།་་་དེ་རྗེས་འབྲུག་ཆུ་ལ་ཆུ་ལོག་རྒྱུག་ནས་བོད་མི་ག་ཚོད་ཅིག་གྲོང་ཡོད་པ།་་ད་ལྟ་ཆབ་འདོ་དུ་ནད་ཡམ་བྱུང་བཞིན་པ་འདི་དག་ལ་བལྟས་ནས་ང་ཚོ་བོད་མི་རིགས་འདི་ཉིད་ལ་ཆག་སྒོ་འདི་འདྲ་ཡོང་དགོས་རྐྱེན་གང་ཞིག་ཡིན་ནམ།
    བོད་ཀྱི་བླ་རྒན་ཚོ་ལ་སྤྲུལ་པ་འདྲ་དང་ལྷ་འདྲ་ཕབ་རྒྱུ་ཡོད་ན་དུས་ལ་བབ་འདུག་སྙམ།

    Reply
  7. གངས་རིའི་ཟེགས་མ says:
    ལོ་ 16 སྔོན།

    དངོས་གནས་ཚྭ་སྒང་ཕོ་ཉས་བཤད་པ་བདེན་པ་རེད་ད་དུང་ངས་ཚིགས་རེ་གཉིས་བཤད་ན་འདོད་ལོ་ངོ་གསུམ་ཙམ་གྱི་སྔོན་ལ་ཚ་བ་སྒང་གི་འབྲོག་པ་ཁག་ཁ་ཤས་ཀྱི་ཕྱུག་ཟོག་ལ་ན་ཚ་ཡོད་ཚུལ་བཤད་ནི་ཕྱུག་ལུག་གསོན་པོ་ས་འོག་ཏུ་གནན་པ་དང་མེར་བསྐྲག་པ་སོགས་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད་འདུག་ག་སྲིད་དེའི་སྐོར་གསལ་པོ་ཤེས་འདོད་ན་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་ཚ་བ་སྒང་གི་མི་ཁ་ཤས་ཡོད་པར་དྲིས་ན་གསལ་པོ་བཤད་ཡ་འདུག།

    Reply
  8. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    དེར་དངོས་གནས་ན་ཚ་དེ་འདྲ་བྱུང་ཡོད་པ་བོད་མི་རང་ངོས་ནས་བདེན་དཔང་འདྲ་བྱེད་ཀྱི་ཡོད་དམ། སྔོན་མ་ལོ་གཉིས་གསུམ་ཙམ་གྱི་ཡ་སྔོན་ལ་རྒྱ་རྒན་འདི་ཚོས་ཚ་བ་སྒང་གི་འབྲོག་པའི་ཕྱུག་རིགས་དག་ལ་ཡང་ན་ཚ་གསར་པ་ཞིག་བྱུང་ཡོད་ཞེས་མང་པོ་བཤད་ནས་ཕ་མའི་ནས་རྒྱུད་པའི་འབྲོག་པའི་ཚོར་བ་ལ་ཁ་ལོ་སྒྱུར་ཆེད་ནོར་ཕྱུག་མཐའ་དག་ལ་ཁབ་རྒྱབ་ནས་གསད་པ་རེད་ལ་འབྲོག་པའི་ནོར་ཕྱུག་དག་ལ་རིན་གོང་ཡང་ཡག་པོ་ཞིག་རིག་མེད་པར་རེད། དེ་བའི་སྐབས་འབྲོག་སྡེ་ཞིག་གི་ནང་ནས་ནོར་ཕྱུག་རྐང་གཅིག་ཀྱང་མེད་པར་བཟོས་ནས་ད་ཆ་འབྲོག་པ་ཚང་མ་ཁ་འཐོར་ཕྱིན་ཟིན། དེ་བའི་སྐབས་འབྲོག་པས་རྒྱ་མི་དག་གི་མི་འཐོང་སར་ཚེ་ཐར་གཏོང་ནས་ལུང་པ་གཞན་ལ་གཏོང་གནང་བའི་གཡག་འགའ་ཤས་ཡོད་འདུག་པས་ཕྱིས་སུ་ན་ཚ་གང་ཡང་མེད་པ་གནས་ཡོད་འདུག།
    སྐབས་བབ་བཤད་འདོད་པ་ནི་འདི་ཡང་དེ་ལྟ་བུར་བོད་མི་རྣམས་གནས་གཞན་ཞིག་དུ་སྤོར་རུ་འཇུག་རྩིས་མིན་ནམ་སྙམ། རྒྱ་ནག་གིས་རྒྱུན་དུ་བོད་པའི་རྣམ་པ་མངོན་གསལ་ཡོད་པ་རྣམས་མེད་པ་བཟོ་རྒྱུ་ནི་རྒྱུན་དུ་ལག་ལྟར་བྱེད་བཞིན་པའི་བྱ་སྤྱོད་ཅིག་ཡིན།

    Reply
  9. མངའ་རིས་བུ། says:
    ལོ་ 16 སྔོན།

    ཨ་ཁ་ད་འདི་འདྲའི་དུས་ངན་ཤར་ཡོང་གི་འདུག
    དུས་ངན་འདི་འདྲ་བར་གང་བྱེད་དགོས་མིན་བླ་སྤྲུལ་མཁྱེན་པའི་བདག་པོ་དེ་ཚོས་གཅིག་གཟིགས་ཀྱི་མེད་པ་འདྲ།
    རྒྱ་ནག་དང་ཕྱི་རྒྱལ་དུ་འགྲོ་དོན་དུ་ཕེབས་པ་ལས་བོད་ནང་དུ་དངོས་སུ་དཀའ་སྡུག་མྱོངས་བཞིན་པར་འགྲོ་དོན་གནང་ན་ཤིན་ཏུ་ལེགས།
    ནད་དེ་རིགས་ནི་ཡུལ་ལྷ་གཞི་བདག་ལྷ་ཀླུ་གཉན་རིགས་འཁྲུགས་པ་ལས་བྱུང་བ་ཞིག་ཡིན་པར་སྨོས་མེད་རེད།
    དེས་ན་མོ་མ་དང་རྩིས་པ་མངོན་ཤེས་བདག་པོ་དེ་ཚོར་བཀའ་འདྲི་བརྟག་ཞུས་ཏེ་སྐུ་རིམ་སོགས་ཀྱིས་ཕན་ངེས་རེད།
    ད་གཟབ་གཟབ་བྱེད་ན་མ་གཏོགས།
    ནད་ཀྱིས་བརླག
    མུག་གེས་བཅོམས།
    མཚོན་གྱིས་བསད།

    ས་ཡིས་གནན།
    ཆུ་ཡིས་ཁྱེར།
    མེ་ཡིས་གནོད་འཚེ་ཞིག་མ་གོ།
    དེ་ནས་རླུང་གིས་གཏོར་བ་ཡང་དེ་ཙམ་མ་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese