མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་གི་འོས་ལངས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཞོགས་པའི་ཆུ་ཚོད་ ༨ ནས་མགོ་འཛུགས་ཀྱིས་རེབ་གོང་ཁུལ་ཐོག་ཏུ་སློབ་ཕྲུག་ཆིག་སྟོང་ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་ཀྱིན་ཡོད་འདུག་ཅིང་། ངོ་རྒོལ་བྱེད་མཁན་སློབ་ཕྲུག་དེ་དག་ནི། རེབ་གོང་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་། ཐུན་རིན་རྫོང་བཅའ་སྡོད་སློབ་གྲྭ ཐུན་རིན་རྫོང་ཕྱི་ལུགས་གསོ་རིག་སློབ་གླིང་། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་བཅས་ཀྱི་སློབ་མ་རྣམས་ཡིན་འདུག ཁོང་ཅག་གིས། “མི་རིགས་འདྲ་མཉམ། སྐད་རིགས་རང་དབང” ཞེས་འབོད་ཚིག་སྒྲོག་བཞིན་རྨ་ལྷོ་ཁུལ་ཐོག་གི་སྲང་ལམ་ཁག་ཏུ་སྐོར་སྐྱོད་བྱས་ཡོད་འདུག 

ཁྲོམ་སྐོར་གྱི་ཐོག་མར་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་པོ་ནས་མགོ་འཛུགས་བྱས་ཡོད་ཅིང་། སྐབས་དེར་རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གི་དགེ་རྒན་ཚོས་སློབ་མ་རྣམས་སློབ་གྲྭའི་ར་བར་བཅུག་སྟེ་སྒོ་བརྒྱབ་ཡོད་ཀྱང་། ཕྱི་ནས་སྐད་འབོད་ཤུགས་ཆེན་བྱས་པར་བརྟེན། ནང་ལོགས་ཀྱི་སློབ་མ་ཚོས་སྒོ་ཆེན་གཏོར་ཏེ་ཕྱི་ལ་ཐོན་ཡོད་འདུག སློབ་མའི་ཁྲོམ་སྐོར་དེའི་ཁྲོད་རེབ་གོང་རོང་པོ་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་འདུག་ལ། ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀའི་ཐོག་མུ་མཐུད་དུ་སྐད་འབོད་བྱེད་མུས་ཡིན་འདུག དུས་དེར་གཞུང་གི་ཉེན་རྟོག་པའི་རླངས་འཁོར་ཉི་ཤུ་ནས་སུམ་ཅུ་ཙམ་ཞིག་མཐའ་འཁོར་དུ་བསླེབས་ཡོད་ཀྱང་། ད་སྔ་འཛིན་བཟུང་དང་ཉེས་རྡུང་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མི་འདུག

 

 སློབ་ཕྲུག་ཆིག་སྟོང་ལྷག་གིས་ཁྲོམ་སྐོར་སྐད་འབོད་བྱེད་བཞིན་པ།

 སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

 སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།

སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།

སྐད་འབོད་རྒྱག་བཞིན་ཁུལ་སྲིད་གཞུང་དུ་སྐྱོད་བཞིན་པ།

 

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༡ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 48

  1. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ནུས་ལྡན་ལས་འགུལ་དེ་འདི་ནས་ཚོགས་ཁག་གི་ཆབ་སྲིད་ཀྱི་ངོ་བོར་མི་འཁྲིད་རྒྱུའི་རེ་སྐུལ་ཞུ།

    Reply
  2. kthardoe says:
    ལོ་ 16 སྔོན།

    ཆེས་བློ་སྟོབས་ཅན་བོད་ཀྱི་གཞོན་སྐྱེས་སྟོང་ཚོ་བརྒལ་བས་མི་རིགས་དང་སྐད་རིགས་སོ་སོའི་འདྲ་མཉམ་ཐོབ་ཐང་ཐད་བོད་མིའི་མངོན་འདོད་གསལ་སྟོན་བྱས་པ་དེ་ལ་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་བརྩེ་སེམས་ཀྱིས་དབེན་པའི་ཀླ་གློས་གདུག་རྩུབ་ཀྱི་འོག་ཏུ་ཚུད་ཉེན་ཆེ་བས་ཟབ་ཟབ་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ། རང་རེའི་སྤུན་ཟླ་རྣམས་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་བཅས།

    Reply
  3. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    ཨ་མའི་བུ་འདི་དག་ལ་སྙིང་ནས་དད་གུས་ཞུ། ད་ནི་དབུས་ཁམས་གཉིས་ཀྱི་སློབ་ཕྲུག་ཚོས་འདི་ལྟར་བྱེད་ཐུབ་ན་ཅི་མ་རུང་། རེབ་ཀོང་འདི་ཁ་བྲོ་བ་ཞིག་ཡོད། སྔོན་མ་ས་བྱི་ཞི་རྒོལ་ཆེན་མོའི་མེ་ལྕེ་ཐོག་མ་དེ་རེབ་ཀོང་ལས་མཆེད་ནས་མདོ་དབུས་ཁམས་གསུམ་དུ་ཁྱབ་སོང་། ད་ལན་ཡང་སློབ་ཕྲུག་འོས་ལངས་ཆེན་མོའི་མེ་ལྕེ་འདི་རེབ་ཀོང་ལས་མཆེད་ནས་མདོ་དབུས་ཁམས་གསུམ་དུ་མཆེད་པར་སྨོན།

    Reply
  4. ཀེརིསི་བསོད་ནམས། says:
    ལོ་ 16 སྔོན།

    བོད་ནང་དུ་ཡོད་པའི་སློབ་ཕྲུག་གཞོན་སྐྱེས་ཚོའི་བློ་སྤོབས་ཆེན་པོས་རང་རིགས་སྲུང་སྐྱོབ་བྱས་པ་ང་ཅང་དགའ་པོ་བྱུང།་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་གནད་ལ་ཕོག་པ་རེད།

    Reply
  6. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    རིག་ལམ་ལྡན་པའི་སློབ་མའི་ལས་འགུལ་དེར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་དང་ལམ་འགྲོ་ཡོང་བ་དང་བར་ཆད་མེད་པའི་སྨོན་ལམ་འདེབས། བོད་ཕྲུག་རྒྱལ་ལོ། བོད་ཀྱི་ཞི་ལུ་ཞི་མོ་རྒྱལ་ལོ།

    Reply
  7. རྒྱང་ལྟ says:
    ལོ་ 16 སྔོན།

    རེབ་ཀོང་བས་འོས་ལངས་ཀྱི་དབུ་སྣེ་འདི་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་ཏེ་བོད་ཡུལ་ཡོང་ལ་ཁྱབ་པར་ཤོག

    Reply
  8. ནགས་རླུངས says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན་སློབ་ཕྲུག་དེ་དག་ལ་ཆག་སྒོ་མི་ཡོང་ཤོག་་་་་་བོད་རྒྱལ་ལོ

    Reply
  9. དཀར་མཚོ་སྐྱིད། says:
    ལོ་ 16 སྔོན།

    དེའང་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་དམངས་གཙོའི་ལམ་ནས་ཁྲིམས་ལུགས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་དབང་སྒྱུར་བྱེད་པ་དང་། མི་རིགས་ཚང་མ་འདྲ་མཉམ་དང་། ཆོས་ལུགས་དད་མོས་རང་དབང་དང་། མི་རིགས་ཀྱི་སྐད་ཡིག་རང་དབང་དུ་བེད་སྤྱོད་བྱེད་པ་སོགས་ཀྱི་ཁེ་དབང་མི་རིགས་ཚང་མར་འདྲ་མཉམ་དུ་ཡོད་པར་འཛམ་གླིང་ཡོངས་སུ་ཁྱབ་སྤེལ་བྱས་ཡོད་ནའང་དོན་དངོས་སུ་འགྲོ་བ་མིའི་རིགས་ལ་ལྷན་སྐྱེས་སུ་གྲུབ་པའི་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་པའི་གོ་སྐབས་ནི་རི་བོང་གི་རྭའི་སྤུན་ཟླར་གྱུར་ཡོད་པ་ནི་ད་ཐེངས་ཀྱི་མདོ་སྨད་རེབ་གོང་ས་ཁུལ་གྱི་ན་གཞོན་སློབ་ཕྲུག་མང་པོའི་སེམས་གཏིང་གི་རྨ་ཁ་ལས་ཕྱིར་མངོན་པའི་ཞི་བའི་སྐད་འབོད་འདིས་གསལ་བར་རྟོགས་ཤིང་། དེ་ནི་དེང་རབས་སྤྱི་ཚོགས་གསར་བའི་ནང་དུ་རྒྱ་ནག་གིས་གྲངས་ཉུང་མི་རིགས་རྣམས་ལ་གཉའ་གནོན་དང་། གདུག་རྩུབ། བཙན་འཛུལ་གཏོང་བཞིན་པའི་འཆིང་རྒྱ་ལས་གྲོལ་ཏེ་དུས་རབས་ཀྱིས་སྤྲད་པའི་སྐབས་སུ་བབ་པའི་ལས་འགན་ལྗིད་མོ་ཕྲག་ཏུ་བཞེས་ནས་རང་རེའི་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་མདུན་སྐྱོད་ཀྱི་གོམ་པ་དང་པོ་དེ་སྣེ་ཁྲིད་བྱེད་པའི་དེད་དཔོན་དུ་འགྱུར་པར་འོས་སོ། །

    Reply
  10. སྐར་མདའ། says:
    ལོ་ 16 སྔོན།

    ངོ་མ་བོད་ནང་གི་བོད་ཕྲུག་འདི་ཚོའི་སེམས་ཤུགས་དང་།
    རྒྱལ་ཞེན་ལ་ཡིད་སྨོན་ཤོར་དགོས་པ་རང་རེད་འདུག
    སྐད་འབོད་བྱས་པ་ནི་ཧ་ཅང་གི་ཡག་པོ་རེད།
    ཡིན་ནའང་ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེ།
    དེ་དག་བསམ་ན་ཡིད་སེམས་གཏིང་ནས་སྐྱོ་འོང་གི་འདུག

    བོད་སྐད་འབོད་ཅི་ཙམ་བྱས་ཏེ་རང་སྲོག་ཤོར་ན་འང་བཙན་བྱོལ་གཞུང་གི་སྐུ་ངོ་ཚོས་དགའ་བསུ་དང་རྒྱབ་སྐྱོར་ཕར་ཞོག་ད་དུང་བོད་ནང་གི་བོད་པ་དེ་ཚོ་གླེན་པ་གླེན་རྐྱང་རེད་འདུག ཁོང་ཚོ་ལ་སྐད་བྱེད་དུ་ཆུགས་དང་།
    ང་ཚོ་ཕན་བ་ཆེན་པོ་འདུག གང་ཡིན་ཟེར་ན། ཁོང་ཚོས་སྐད་འབོད་བྱས་ན་ང་ཚོར་ཕྱི་རྒྱལ་གྱི་རོགས་སྐྱོར་རག་གི་འདུག་

    ཡག་པོ་རེད་ཅེས་རྒྱབ་སྐྱོར་མི་བྱེད་པར་འཕྱ་དམོད་བྱེད་རྒྱུ་ཡོད།
    དེ་འདྲ་བྱས་ན་བོད་ནང་གི་བོད་ཕྲུག་ཚོས་དཔའ་ངར་ཞུམ་མེད་ཀྱིས་སྐད་འབོད་བྱས་པ་དེ་ཕན་ཐོགས་མེད་པ་ལྟ་བུ་ཆགས་པ་རེད།

    སྤྱིར་བཏང་ཁོང་ཚོས་སྐད་འབོད་བྱས་པ་དེ་ལ་རྗེས་སུ་ཡིད་རངས་དང་།
    ལག་ཟུང་ཐལ་མོ་སྦྱར་ནས་གུས་ཕྱག་འཚལ་དགོས་མོད།
    འོན་ཀྱང་ང་བློ་མ་བདེ་ས་ཞིག་ཡོད་པ་དེ་ནི། བཙན་བྱོལ་ནང་གི་སྐུ་ངོ་རུལ་བ་དེ་ཚོ་རེད། ཁོང་ཚོས་ག་དུས་ཡིན་ན།
    རྒྱབ་སྐྱོར་མི་བྱེད་པར། ད་དུང་རང་སྲོག་བློས་གཏོང་ཕོད་མཁན་གྱི་བོད་ནང་གི་བོད་དེ་ཚོར་འཕྱ་དམོད་བྱེད་རྒྱུ་འདུག་ཅེས་སྐད་ཆ་མང་པོ་ཐོས་རྒྱུ་འདུག རྒྱུ་མཚན་འདི་དག་གི་སྐྱེན་པས་བོད་ནང་གི་བོད་བླ་ཞེན་ཅན་དེ་ཚོས་སྐད་འབོད་བྱས་པ་ཡིན་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་སྟབས།

    ང་ཚོས་འདི་ཕྱོགས་ནས་ནུས་ཤུགས་གང་ཡོད་འདོན་རྒྱུ་ལས་བལྟད་མོར་བལྟས་ནས་འདུག་རྒྱ་རྩ་བ་ནས་མ་རེད་བསམ་རྒྱུ་ཡོད། ཡིན་ནའང་ང་ཚོའི་སྐུ་ངོ་ཕྱོགས་ཞེན་ཅན་དེ་ཚོས་དེ་ལྟར་ག་ལ་སེམས།

    བོད་ནང་གི་བོད་ཕྲུག་ཚོ་སྙིང་རེ་རྗེ། མེ་མདའི་སོ་ཁ་ན་ཚེ་སྲོག་གིས་རྩེད་མོ་རྩེ་པ་དེ་མཐོང་ན་སེམས་ནས་བཟོད་པར་དཀའ།

    ཐབས་བྱས་གང་ཡང་མི་འདུག
    གང་ཁོང་ཚོར་པར་ཆད་མི་ཡོང་པའི་སྨོན་ལམ་འདེབས།

    Reply
  11. གངས་ཅན། says:
    ལོ་ 16 སྔོན།

    དེ་རིང་ཆབ་ཆ་ནས་སློབ་མ་ཁྲི་ལྷག་ཅིག་གིས་ཞི་བས་ངོ་རྒོལ་བྱས་ཏེ་སྲིད་གཞུང་ལ་མི་རིགས་འདྲ་མཉམ་དང་ཐོབ་ཐང། སྐད་ཡིག་ལ་རང་དབང་དགོས་པའི་དགོས་འདུན་བཏོན་འདུག་ཟེར། དེ་བཞིན་དུ་རྩི་གོ་ཐང་རྫོང་གི་སློབ་མ་རྣམས་ཀྱིས་ཀྱང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་དེ་ལྟར་དགོས་འདུན་བཏོན་འདུག་ཟེར། དེ་མིན་ཟི་ལིང་གི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་དང་ལྷ་ས་ནས་ཀྱང་དེ་ལྟར་ལངས་ཡོད་པའི་གནས་ཚུལ་ཞིག་འདུག་པས་རྒྱུས་ཡོད་རྣམས་ཀྱིས་འབྲེལ་བ་བྱས་ཏེ་གནས་ཚུལ་དུས་ཐོག་སྤེལ་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན་ལ། དེ་བཞིན་དུ་རྒྱལ་སྤྱི་སྒང་དུ་ཁྱབ་བསྒྲགས་དང་རེ་སྐུལ་བྱེད་རྒྱུ་ནི་གལ་ཆེ།

    Reply
  12. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དངོས་གནས་དཔའ་བོའི་བུ་ཕྲུག་རང་རེད་སྔོན་སོང་གི་གྲག་སྣོན་ལ་ཕྱི་མིག་དང་རྗེས་ཡོངས་གི་གནར་གཅོད་ལ་མ་བསམ་པར་བོད་མི་རིགས་ཀྱི་ཕྱེད་དུ་མཐུན་སྒྲིལ་གི་ངང་ནས་རང་མི་རིགས་ཀྱི་སྐད་རིག་དང་མི་རིགས་འདྲ་མཉམས་ཀྱི་ཐོབ་ཐང་གི་ཆེད་དུ་འོས་ལངས་དེ་ལྟ་བུའི་རྒྱ་ཆེན་པོ་ཞིག་གནང་བར་གུས་པ་ཡུལ་གྱར་བ་དཔའ་མེད་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ཡིན།

    Reply
  13. སོག་ནག་ཚང་། says:
    ལོ་ 16 སྔོན།

    སློབ་ལྭ་གྱོན་པའི་ན་ཆུང་གཞོན་ནུ་འདི་ཚོའི་རང་གི་མི་རིགས་དང་སྐད་ཡིག་ལ་དུང་ཞེན་དང་། ལ་རྒྱའི་མགོ་བོ་གྱེན་ཏུ་བཏེགས་ནས་རླབས་ཆེན་གྱི་བྱ་གཞག་འདི་འདྲ་སྤེལ་བ་ནི་དངོས་གནས་ཡིད་མགུ་ཞིང་། ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་ལ་ང་ཚོའི་གུས་བཀུར་ཞུ།

    Reply
  14. ཚང་མ། says:
    ལོ་ 16 སྔོན།

    ལས་འགུལ་འདི་ནི་སློབ་ཕྲུག་ཚོའི་ངོས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་
    རིགས་ས་གནས་རང་སྐྱོང་གི་སྲོལ་ཡིག་དང་མ་འགལ་བ་གཙོ་བོར་བཞག་ནས་སྤེལ་གྱི་ཡོད་པ་ཞིག་ཡིན་པ་ལས། དེ་ལས་བརྒལ་བའི་རྣམ་འགྱུར་དང་འབོད་ཚིག་གང་ཡང་སྒྲོག་གིན་མེད་

    Reply
  15. ཕུན་ཚོགས ། says:
    ལོ་ 16 སྔོན།

    ་ལྟའི་བོད་ནང་གི་སློབ་འབྲིང་སློབ་མའི་ལོ་ཚོད་དམ་ན་ཚོད་ཀྱི་ཆ་ནས་བཤད་ན་བཙན་བྱོལ་གྱི་འཛིན་གྲྭ་བརྒྱད་པ་དང་དགུ་བར་འགྲོ་བཞིན་པའི་སློབ་མ་ཚོ་དང་ཤིན་ཏུ་ན་མཉམ་ཟེར་ན་མི་ཆོག་པ་མེད། ཁོ་ཚོ་མང་ཆེ་ཤོས་ནི་ལོ་བཅུ་གསུམ་ནས་བཅོ་བརྒྱད་བར་གྱི་ན་ཚོད་ཅན་རྐྱང་རྐྱང་ཡིན་པ་མ་ཟད། ཕ་མ་དང་ཡུན་རུང་ཁ་བྲལ་མ་མྱངས་པའི་སྤྱིར་བཏང་གི་བྱིས་པ་པྲ་ཚག་ཚོ་དང་ཤིན་ཏུ་མཚུངས་ཆོག་ཆོག་ཡིན།
    ཡིན་ཡང་བློ་ངོར་མི་ཤོང་བ་ཞིག་ནི། ཁོ་བ་ཚོ་ནི་འདུ་ཤེས་དང་ཡོ་ལང་གསར་བ་ཞིག་གི་དར་ཆ་སྒྲེང་མཁན་དུ་འགྲེང་ཞིང་། བཙན་པོར་གཉའ་མི་སྒུར་བར་མི་རིགས་ཀྱི་ལས་དབང་ལ་ཀི་རིང་འདེབ་ཕོད་པའི་གཞོན་ནུ་གསོན་ཤུགས་ཀྱིས་བཏེགས་པ་རྐྱང་རྐྱང་དུ་གྱུར་འདུག་པ་མ་ཟད། ད་ལོ་ཡང་རྨ་ཆུའི་སློབ་འབྲིང་ནས་སྣེ་ཁྲིད་དེ་བསང་ཆུ་དང་ཀན་ལྷོ།་ཞོན་ཧ། རེབ་གོང་སོགས་བོད་ཁུལ་ཀྱི་བོད་རིགས་སློབ་འབྲིང་གང་མང་ཞིག་གི་སློབ་མ་ཚོའི་སྤོབས་པ་དང་སྙིང་སྟོབས་ཀྱིས་བསྒུལ་ཞིང་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ལས་འགུལ་མི་ཉུང་བ་ཞིག་སྤེལ་བ་འདིས་ནི། ང་ཚོར་རང་བཞིན་གྱིས་བསམ་གཞིགས་གསར་བ་ཞིག་གི་རྒྱགས་ཕྱེ་གསར་བ་ཞིག་སྤྲོད་ཀྱིན་ཡོད་པ་མ་ཡིན་ནམ།

    Reply
  16. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཐེངས་འདིའི་སློབ་གྲོགས་སྙིང་རྗེ་བོ་འདི་དག་གི་ལས་འགུལ་གྱི་འབྱུང་རྩ་དང་སྙིང་སྟོབས་ཀྱི་རྒྱབ་རི་བརྟན་ཞིང་བརླིང་པ་དག་ཀྱང་དགེ་རྒན་དང་དགེ་རྒན་ཚོའི་གསེར་ལས་ལྷག་པའི་གདམས་པ་དང་སློབ་གསོ། དྲང་ཚུགས་ལྡན་པའི་གཤིས་ཀ བདེན་པ་སྨྲ་བའི་སྤོབས་པ། ལར་ཞེན་གྱི་རང་བཞིན། གདོང་མཆོངས་ཀྱི་སྙིང་སྟོབས་སོགས་བྱས་པ་མ་ཟད། བབ་ཆགས་ཀྱི་ཁོར་ཡུག་དང་བདེན་ཐུབ་ཀྱི་ལོ་རྒྱུས་སོགས་བྱས་ཡོད་ལ། དེ་ལས་ཀྱང་ཕ་མ་དང་ཁྱིམ་རྒྱུད་ཀྱི་དྲང་བདེན་ལ་དགའ་བའི་གཤིས་ཀ་དང་རང་དབང་ལ་སྨོན་པའི་འདུན་པ། འཚོ་གནས་དང་གཞིས་ཁྱིམ་ལ་དུང་བའི་འབོད་པ། རྨི་ལམ་དང་ཕུགས་བསམ་ལ་རེ་བའི་སྤོབས་པ་སོགས་དྲང་ཐད་དུ་བཟུང་ཡོད་འདུག་སྙམ་ལ། ལོ་རྒྱུས་ཀྱི་དཀྱོག་མཚམས་རེ་རེར་མིའི་རིགས་ཀྱི་འཚོ་བའི་བདེན་པ་ལ་ཕྱོགས་པའི་ཀི་རྒྱངས་ཐེངས་མང་བྱས་ཤིང་། འཚོ་བར་ཉེ་ཞིང་མི་དོན་གླེང་མྱངས་མཁན་ཀྱི་མི་རབས་རྒན་པ་སྐོར་ཞིག་གི་མདུན་མཆོང་གི་སྤོབས་པ་དང་ཤི་གསོན་ལ་མི་སྐྲག་པའི་སྙིང་སྟོབས། སྐབས་དང་སྐབས་མཚམས་སུ་འཕག་ཚག་གི་ང་རོ་ཡང་ཡང་བསྒྲགས་མྱོང་བའི་མི་རབས་གསོན་པོ་ཞིག་གི་ངར་སྐད་ཀྱང་འདྲེས་འདུག་སྙམ།

    Reply
  17. ཕུན་ཚོགས ། says:
    ལོ་ 16 སྔོན།

    འདི་ནི་ཆེས་རླབས་ཆེ་བའི་ལས་འགུལ་ཞིག་ཡིན་པ་དང་། འདིས་ནི་བོད་ཀྱི་མི་རབས་གསར་བའི་སེམས་ཤུགས་དང་སྙིང་སྟོབས་སོགས་ཡུག་གཅིག་ཏུ་མཚོན་པར་བྱས་འདུག འདི་དག་གི་རྗེས་སུ་སློབ་མ་སྙིང་རྗེ་བོ་ཁ་ཤས་ལ་མནར་གཅོད་ཚད་མེད་གཏོང་རྒྱུར་སྒུག་བསྡད་ཡོད་པར་བསམ་ན་ངོ་མ་ཤ་འདར་ཞིང་སྙིང་ཚ་གི་འདུག

    Reply
  18. ནོར། says:
    ལོ་ 16 སྔོན།

    དེ་རིང་ཕྱི་ཚེས་༢༠ཉིན། མཚོ་ལྷོ་ཁུལ་དགེ་འོས་སློབ་གྲྭ་དང་རྩི་གོར་ཐང་བོད་ཡིག་སློབ་འབྲིང་གི་སློབ་ཕྲུག་ཚོས་ཀྱང་སྐད་ཡིག་སྲུང་སྐྱོབས་ཀྱི་ཞི་བའི་ངོ་རྒོལ་གནང་འདུག

    Reply
  19. བློ་ཡར། says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་རིག་གཞུང་རང་སྲོག་ལས་གཅེས་པའི་སློབ་ཕྲུག་ཚོའི་བསམ་དོན་བཞིན་འགྲུབ་པའི་རེ་བ་དང་བོད་ཕྱི་ནང་གཉིས་ཀྱིས་ཐོབ་ཐང་འདིའི་ཐོག་ཆབ་སྲིད་ཀྱི་ཟློས་གར་དང་བྲལ་བའི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་རོགས་གནང་།
    མ་གཞི་བོད་མིའི་ཆོས་དང་རིག་གཞུང་ཁོར་ཡུག། མདོར་ན་སྣོད་བཅུད་གཉིས་རྩ་མེད་གཏོང་བའི་མགྱོག་ཤུགས་ཇེ་ཆེར་འགྲོ་བཞིན་པའི་ཐོག་ང་ཚོས་ངེས་པར་དུ་ཞི་བའི་གྲོས་མོལ་བྱེད་རྒྱུ་ལས་ཕར་ག་ཚོད་ཀྱག་ཀྱག་བྱས་ན་ཚུར་ཀྱག་ཀྱག་བྱེད་རྒྱུ་ཡིན་པ་མིག་མཐོང་རེད། དེ་རྗེས་གྱོང་ང་ཚོར་རག་གི་འདུག། དཔེར་ན་ཨོ་ལིམ་པིཀ་རྩེད་འགྲན་སྐབས་ང་ཚོས་གང་ལ་གང་འཚམ་ལས་འགུལ་སྤེལ་དེ་ཕྱིར་བསྒྲགས་དང་རྒྱ་དམར་སུན་པོ་བཟོས་ཡོད་པ་རེད། དེ་རྗེས་སྔར་ལས་ལྷག་བོད་མིའི་གནད་ཡོད་དང་ཤེས་ལྡན་མི་སྣ་རྣམས་ལས་གནས་ལས་ཕྱིར་ཕུད་དང་བཙོན་འཇུག་བཀག་ཉར་བྱེད་རྒྱུ་ཇེ་མང་དུ་འགྲོ་བཞིན་པ་གསལ་པོ་རེད།
    བོད་ནང་ལྟ་བུར་མཚོན་ན་བོད་མིའི་ཤ་ཁྲག་རུས་གསུམ་ཅན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྣང་མེད་གཏོང་མཁན་དང་དོན་དུ་བོད་མི་ཡིན་ལ་རྣམ་པ་རྒྱ་རིགས་ཡིན་པ་དེ་བས་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ཚོའི་འགྱུར་འགྲོས་ལ་གཞིག་ཚེ་ང་ཚོས་རང་བཙན་བསྒུག་ནས་བསྡད་ན། སྔོན་དུ་བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་རྩེ་མེད་འགྲོ་བ་འདི་ཐོབ་ཉེན་ཧ་ཅང་ཆེ། ཉིན་དེ་ནས་བཟུང་ཅི་ཡང་མེད་པའི་ལྟ་བ་རྙེད་པ་ལས་རང་བཙན་བློས་བཏང་ཏེ་རིག་གཞུང་དང་ཁོར་ཡུག་བརྟན་ཐབས་ལ་འབད་ན། ཁ་ཚ་དགོས་གཏུགས་རེད།
    དེང་རྒྱ་གཞུང་གི་དཔལ་འབྱོར་ཡར་རྒྱས་ཀྱི་མགྱོག་ཚད་དང་། བོད་མིའི་ངོ་བོ་རླག་པའི་མགྱོག་ཚད་འདྲ་པོ་ཆགས་ཡོད་པ་རེད། སྔ་མོ་པཎ་ཆེན་རིན་པོ་ཆེས་གཙོས་གནད་ཡོད་དཔའ་བོ་ཁ་ཤས་ཡོད་པ་ཚོར་རྒྱའི་འགོ་འཁྲིད་ཚོ་འཛེམ་གྱི་ཡོད་ལ་དེང་སང་སྣང་བ་གང་དྲན་བྱས་ཀྱང་འཛེམ་ས་ཚེར་ས་གཅིག་ཀྱང་མེད་པ་རེད།

    Reply
  20. ངར་ལྕགས། says:
    ལོ་ 16 སྔོན།

    ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དགོས་ཀྱི་འདུག་དྲ་གྲོགས་རྣམ་པ་ལགས།

    Reply
  21. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 16 སྔོན།

    ཁོ་ཚོའི་ཚེ་སྲོག་ལ་བར་ཆད་མེད་པར་སྨོན།།
    བསམ་དོན་འགྲུབ་པར་སྨོན།།

    Reply
  22. ནགས་མཚོ says:
    ལོ་ 16 སྔོན།

    མ་འོངས་བོད་ཀྱི་སོན་རྩ་ཟེར་བ་འདི་འདྲ་ཞིག་ལོས་ཡིན། དངོས་གནས་ཡིད་སྨོན་ཤོར་བ་ཞིག་འདུག ཁོ་ཚོའི་ཚེ་སྲོག་ལ་བར་ཆད་མེད་པར་ཤོག ཁོ་ཚོའི་བསམ་དོན་དེ་འགྱོག་ནས་མྱུར་འགྲུབ་ཤོག བོད་རྒྱལ་ལོ། ངའིགཅེས་པའི་སྤུན་ཟླ་ཚོ་རྒྱལ་ལོ།
    ཁྱེད་རྣམས་བསམ་འདོན་ལྷུན་འགྲུབ་ཡོངས་བ་སྨོན།
    བོན་དོན་བདེན་མཐའ་མྱུར་དུ་གསར་ཤོག།
    བོད་རྒྱལ་ལོ་་་་་་་་་་་་་་་་་བོད་རྒྱལ་ལོ་

    Reply
  23. ཨ་འཇམ། says:
    ལོ་ 16 སྔོན།

    ང་ཚོས་ཕྱི་རོལ་ནས་ཁྱབ་བསྒྲགས་དང་རྒྱབ་སྐྱོར་གྱི་རྣམ་པ་གང་ལ་བརྟེན་ཡང་སློབ་ཕྲུག་དག་གི་དགོས་འདོད་བཞིན་སྐད་ཡིག་བཀོལ་སྤྱོད་རང་དབང་ཞེས་པ་དེ་རྩ་འཛིན་གྱིས་འབྲེལ་ཡོད་སྡེ་ཚན་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེ་བ་ལས། མི་རིགས་བར་གྱི་འགལ་ཟླ་སོགས་ཀྱི་གླེང་གཞི་དགོས་མཁོ་མེད་པའི་ཆབ་སྲིད་ཀྱི་ཉོག་གཏམ་མང་བོ་དང་མཉམ་དུ་སྦྲེལ་ན་སློབ་ཕྲུག་དག་གི་མ་འོངས་པའི་མདུན་ལམ་ལ་གནོད་ངེས་པ་དང་། པར་རིས་དེ་དག་ལས་གདོང་གསལ་བོ་མཐོང་བ་དག་རབ་རིབ་ཏུ་བསྒྱུར་ན་ལེགས་པར་སེམས།

    Reply
  24. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    ལས་འགུལ་སྦེལ་སྟངས་ཧ་ལས་པའི་ཡག་པོ་རེད། འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཞག་ནས་ལས་འགུལ་ཞིག་སྦེལ་ན་སྤེལ་སྟངས་འདི་འདྲ་ཞིག་ལོས་ཡིན། མ་འོངས་བོད་ཕྲུག་གཞོན་ནུ་ཚོས་སྣེ་ཁྲིད་པའི་བོད་དོན་འཐབ་རྩོད་ཅིག་བྱེད་ན། འཚེ་བ་མེད་པའི་འོག་ཤར་བསྐྱོད་བྱེད་མཁན་གྱི་རྒྱ་ཆེའི་མི་མང་གིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་གཅིག ལས་འགུལ་གང་ཞིག་སྤེལ་རུང་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་གཏོར་བཅོམ་གྱི་རིགས་མི་ཡོང་ཐབས་ལ་གཟབ་དགོས།

    Reply
  25. བཀྲ་ཤིས། says:
    ལོ་ 16 སྔོན།

    མ་འོངས་བོད་ཀྱི་སོན་རྩ་ཟེར་བ་འདི་འདྲ་ཞིག་ལོས་ཡིན། དངོས་གནས་ཡིད་སྨོན་ཤོར་བ་ཞིག་འདུག ཁོ་ཚོའི་ཚེ་སྲོག་ལ་བར་ཆད་མེད་པར་ཤོག ཁོ་ཚོའི་བསམ་དོན་དེ་འགྱོག་ནས་མྱུར་འགྲུབ་ཤོག བོད་རྒྱལ་ལོ། ངའིགཅེས་པའི་སྤུན་ཟླ་ཚོ་རྒྱལ་ལོ།

    Reply
  26. བཀྲ་ཤིས། says:
    ལོ་ 16 སྔོན།

    མ་འོངས་བོད་ཀྱི་སོན་རྩ་ཟེར་བ་འདི་འདྲ་ཞིག་ལོས་ཡིན། དངོས་གནས་ཡིད་སྨོན་ཤོར་བ་ཞིག་འདུག ཁོ་ཚོའི་ཚེ་སྲོག་ལ་བར་ཆད་མེད་པར་ཤོག ཁོ་ཚོའི་་བསམ་དོན་དེ་འགྱོག་ནས་མྱུར་གྲུབ་ཤོག བོད་རྒྱལ་ལོ། ངའི་གཅེས་པའི་སྤུན་ཟླ་ཚོ་རྒྱལ་ལོ།

    Reply
  27. ནད་པ says:
    ལོ་ 16 སྔོན།

    ལོ་ན་བཅུ་དྲུག་བཅུ་བདུན་ཙམ་ལ་སོན་པའི་ལོ་ཆུང་སློབ་མ་འདི་དག་གིས་ལག་ཏུ་་་་མི་རིགས་འདྲ་མཉམ་དང་སྐད་རིགས་འདྲ་མཉམ་་་་དགོས་ཞེས་སྐད་འབོད་གནང་བཞིན་ཡོད་པ་འདི་མཐོང་མ་ཐག་སེམས་ནང་བརྗོད་དུ་མེད་པའི་དགའ་བ་དང་སྤོབས་པ་ཞིག་རང་བཞིན་གྱིས་སྐྱེས་ཡོང་གིན་འདུག

    བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་བཞིན་སྒྲུབ་མཁན་གྱི་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་རྒྱ་མི་རིགས་དང་བོད་མི་གཉིས་ཀར་ཕན་པའི་གཉིས་ཕན་ཁོ་ནའི་ལམ་ནས་ཞི་བའི་ཐབས་ལམ་འཚོལ་དགོས།

    མི་དབང་མཁས་པ་བཀའ་ཁྲི་ཟམ་དོང་མཆོག་གིས་གསུང་ལྟར། རྒྱ་བོད་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་ཤོག །

    Reply
  28. ཚང་མ། says:
    ལོ་ 16 སྔོན།

    ཕྱི་ཚེས་༡༩ སྔ་དྲོ་ཨ་མདོ་རེབ་གོང་ཁུལ་དུ་ཞི་རྒོལ་ཤུགས་ཆེན་བྱས་དོན་
    གཙོ་བོ་ནི།
    རྒྱ་གཞུང་གིས་འབྱུང་འགྱུར་ལོ་ལྔའི་ནང་བོད་ཡིག་ཉམས་འགུད་དུ་གཏོང་རྒྱུ་
    འཆར་གཞི་ལ།
    སི་ཏཱ་ལེན་གྱི་སྐད་ཆའི་ནང་མི་རིགས་ཤིག་ཉམས་རྒུད་ལ་འགྲོ་དགོས་ན་ཐོག་མར་མི་
    རིགས་དེའི་སྐད་དང་ཡི་གེ་རྩ་མེད་ག་ཏོང་དགོས་ཞེས་པ་དང་།
    རྒྱ་གཞུང་སྲིད་ཇུས་འབྱུང་འགྱུར་ལོ་ལྔའི་ནང་བོད་ཡིག་ཉམས་འགུད་དུ་གཏོང་རྒྱུའི་འཆར་གཞི་དེ་དང་གཅིག་མཚུངས་ཡིན་པ་མཁྱེན་རྟོགས་བྱུང་བ་དང་།་
    སྔོན་མ་གཟའ་འཁོར་རེ་ནང་ཉིན་མ་རེསློབ་ཁྲིད་རེ་གཅིག་ཡོད་པ་དང་།
    དེང་སྐབས་གཟའ་འཁོར་རེ་ལ་ཉིན་གཉིས་ལས་སློབ་ཁྲིད་གནང་གི་མེད་པར་བརྟེན།
    སློབ་གྲ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་སུམ་སྟོང་ལྷག་ནས་ཡོངངས་ནས་གནད་མ་
    འཁྱོགས་པར་ཆུ་ཚོད་བརྒྱད་པ་ཟིན་མ་ཟིན་ཙམ་འགོ་ཚུགས་ཏེ་སྐད་འབོད་ཤུགས་ཆེར་བྱས་འདུག

    Reply
  29. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བོད་ནང་གི་བོད་མིའི་སྙིང་སྟོབས་དང་གོ་རྟོགས་འདི་དང་འདི་ལྟ་བུས་བོད་བསྐྱབ་གི་རེད། དེ་མིན་བོད་རྒྱ་ཞི་མོལ་དང་བཀའ་ཁྲི་འོས་འདེམས་དེ་ཚོ་ལ་ངས་དོ་སྣང་ཆེན་པོ་ཞིག་བྱེད་ཀྱིན་མེད། བོད་ནང་གི་མིས་གྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ན་གང་ཡོད་པའི་ཐོབ་ཐང་དེ་ལེན་ཤེས་དགོས་པ་དེ་གལ་ཆེན་པོ་རེད། དེང་སྐབས་དེ་ཙམ་ལས་ང་ཚོས་བྱེད་ཐུབ་གི་མི་འདུག ཡིན་ན་ཡང་བཙན་བྱོལ་བའི་ངོས་ནས་གྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ན་གང་ཡོད་པ་དེ་ལས་གཞན་གང་ཡང་མི་དགོས་ཞེས་ལབ་ན་ཞབས་འདྲེན་རེད། ལོ་རྒྱུས་ལ་ནག་ཐིག་བཀོད་པ་རེད། གང་ཡིན་ཞེ་ན་བཙན་བྱོལ་བ་ལ་གཞན་གང་ཡང་མེད་མོད་མིང་ཆེན་པོ་ཁུར་ཡོད་པས་སོ༎
    སྐབས་འདིའི་ངོ་རྒོལ་ལས་འགུལ་འདི་དང་མཉམ་དུ་རྩ་ཁྲིམས་དང་བཅའ་ཁྲིམས་དང་སྒྲིག་ཁྲིམས་གཞིར་བཞག་གིས་སྙན་ཞུ་མང་པོ་འབུལ་དགོས་པ་དེ་ལས་ཀྱང་གལ་ཆེན་པོ་རེད། སྤྱིར་ན་སྙན་ཞུ་སྔོན་དུ་འབུལ་དགོས་པ་དང་། སྙན་ཞུ་དེ་ཡང་དང་པོ་རྫོང་ནས་རང་སྐྱོང་ཁུལ་དང་ཞིང་ཆེན་རིམ་པར་འབུལ་དགོས་པ་དང་། གལ་ཏེ་ཞིང་ཆེན་མན་ཆོད་ཀྱིས་སྙན་ཞུར་རྩིས་འཇོག་མ་བྱས་ན་དབུས་གྲུང་དབྱང་ལས་ཁུངས་ལ་འབུལ་དགོས་ཀྱིན་ཡོད་འདུག སྙན་ཞུའི་རེ་འབྲས་དོན་སྨིན་མ་བྱུང་ན་གཞི་ལས་ངོ་རྒོལ་ཁྲོམ་སྐོར་བྱེད་དགོས་པ་གལ་ཆེན་རེད།
    ང་ཚོས་མི་རིགས་རང་སྐྱོང་གི་ཁྲིམས་ཡིག་དེ་ཚོ་བཀླགས་ཡོང་དུས་མི་ཆོག་ཟེར་བ་མང་པོ་ཞིག་ཡོད་མོད་ཆོག་ཟེར་བ་དེ་ལས་ཀྱང་མང་བ་ཤེས་དགོས་ཀྱིན་འདུག མདོར་ན་རྒྱ་ནག་གི་ཁྲིམས་ཚུད་པའི་འཛམ་གླིང་གི་ཁྲིམས་ཚང་མ་ཡང་མི་ཡུལ་དེའི་མི་མང་ལ་ཉེས་ཆད་གཅོད་སྟངས་ཤིག་མ་ཡིན་པར་མི་མང་གི་ཁེ་ཕན་སྲུང་ཐབས་ཤིག་ཡིན་པར་ངེས་ཤེས་རྙེད་དགོས་པ་ཧ་ཅང་གལ་ཆེན་དོན་ཆེན་རེད། དབྱིན་ཡིག་གི་law དང་legal ཟེར་བའི་མིང་ཚིག་འདི་ལ་དེང་སྐབས་ང་ཚོས་ཁྲིམས་ཟེར་བའི་ཐ་སྙད་འདི་སྦྱར་རྐྱང་བྱས་པ་དེ་ཡང་ཅུང་ཙམ་འགྲིགས་མེད་པ་འདྲ། ཐ་སྙད་གཞན་ཞིག་སྦྱར་ན་ཅུང་ཙམ་དྲག་གི་མེད་དམ་སྙམ། ང་ཚོའི་བག་ཆགས་ཀྱི་ངོར་ཁྲིམས་ཟེར་དུས་རྡུང་བརྡེགས་འཕྲོག་གསུམ་དང་གསོད་གཅོད་མནར་གསུམ་ཞིག་ལ་གོ་བའི་བག་ཆགས་ཤིག་ཡོད་པས་ཁྲིམས་ཟེར་དུས་རང་ཤུགས་ཀྱིས་སྐྲག་སྣང་ཞིག་ཡོང་གིན་ཡོད་པ་འདྲ།

    Reply
  30. Ngawang Norbu says:
    ལོ་ 16 སྔོན།

    ༄༅། །བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་གི་ཡོད། སོ་སོའི་མི་རིགས་དང་སྐད་ཡིག་རིག་གཞུང་ལ་ཞན་ཁོག་ཡོད་པའི་མངོན་རྟགས་གསལ་པོ་རེད་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ། །

    Reply
  31. བོད་པ་ says:
    ལོ་ 16 སྔོན།

    རེབ་སྐོང་གི་སློབ་གྲ་བས་སྐད་འབོད་བྱས་པ་འདིས་ཕན་ལས་གནོད་ཆེ། ཁམས་ཕྱོགས་དང་ལྷ་ས་ནས་འདི་འདྲའི་སྐད་བྱས་ན་རྒྱག་དགོས་པ་དང་རྒྱབ་ན་ཡང་སྐྱོན་ཆེར་ཡོད་པ་མ་རེད། ས་དེ་དག་ན་སློབ་གྲ་ཉུང་བ་དང་ཡོད་ཀྱང་བོད་ཡིག་སློབ་ཚན་པས།
    སྐད་འབོད་བྱས་ན་ད་ལྟ་རེབ་སྐོང་དང་ཆབ་ཆ་ནི་བོད་ཡིག་གི་གཞི་རྐང་འཛིན་ས་ཡིན་པས་རྒྱ་མིས་དམིགས་འབེན་ལ་བཟུང་ནས་མེད་པར་བཟོ་སྲིད་གི་རེད།

    Reply
  32. འཇིགས་མེད་བཀྲ ་ཤིས། says:
    ལོ་ 16 སྔོན།

    ངོ་མ་ལས་འགུལ་ཡག་པོ་སྤེལ་གྱི་འདུག ས་གནས་ལ་འབྲེལ་བ་བྱེད་ཐུབ་མཁན་ཚོས། འདིའི་འགོ་ཁྲིད་མཁན་ཚོར། འདི་དྲག་ཟིང་གི་ངོ་བོར་མི་འགྱུུར་ཐབས་དང། མཐའ་གཅིག་ཏུ་ཞི་བ་ཁོ་ན་བྱེད་རྒྱུ། འདིའི་ནང་རྒྱ་མིའི་སོ་ཉུལ་མི་འདྲེས་ཐབས། ཁྲིམས་དང་མཐུན་པའི་ལམ་ནས་ངོ་རྒོལ་མཇུག་སྐྱེལ་ཐུབ་ཐབས། འདི་ཆབ་སྲིད་ཀྱི་ངོ་བོར་མི་འགྱུར་ཐབས་སོགས་གལ་ཆེ་ཚུལ་བཤད་ཐུབ་ན་ལེགས།
    ད་དུང་། བོད་ཁུལ་གྱི་སློབ་གྲྭ་གཞན་དག་ལ་འཕྲལ་དུ་བརྡ་ལན་སྤྲད་དེ། འདི་དང་གཅིག་མཚུངས་ཀྱི་ཁྲིམས་མཐུན་ངོ་རྒོལ་བྱེད་ཐབས་དང། ཆ་ཚང་གཅིག་རྒྱབ་གཅིག་གནོན་དང། ཚང་མའི་བྱེད་སྟངས་གཅིག་པ། འབོད་སྒྲ་གཅིག་པ་བྱས་ཏེ། སློབ་གྲྭ་ཡོངས་རྫོགས་སྡེབ་ལངས་ཡོང་ཐབས་བྱེད་རྒྱུ་གལ་ཆེ། འདི་ལྟར་བྱས་ན་བོད་ནང་གི་སློབ་གསོའི་ལམ་ལུགས་ལ་ལེགས་བཅོས་ཡོང་ཐུབ་པའི་རེ་བ་ཆེ། འདི་ཆབ་སྲིད་ཀྱི་ངོ་བོར་མ་འགྱུར་ན་མ་འགྱུར་བས་དགའ།

    Reply
  33. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    མཁས་དབང་དགེ་ཆོས་དང་དཔལ་དོན་གྲུབ་རྒྱལ་གཉིས་ཀྱི་བསམ་བློའི་ནུས་ཤུགས་རེབ་གོང་ན་ད་དུང་གསོན་པོ་ཡིན་པ་ཚོར་གི སློབ་མའི་སྙྀང་སྟོབས་ལ་དགའ་གི སློབ་འཆར་གཞི་བཏང་ནོ་ལེགས་ཀི སློབ་མ་དངོསགནས་་རེད། མི་རིགས་ཀྱི་ལྟ་བ་འདི་ལྟར་འཛིན་དགོས་པ་རེད། སྐད་ཡིག་ཆེད་དུ་འདི་ལྟར་ཤི་ཡང་འགྱོད་པ་མེད་པ་བྱེད་དགོས་ནི་རེད། དངོས་གནས་བོད་མི་རིགས་ལ་རེ་བ་ཡོད་པ་མཚོན་གི

    Reply
  34. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    གོང་དུ་གསར་འགྱུར་ནང་བཀོད་དོན་ད་རེ་ལས་འགུལ་ཐེངས་དང་པོ་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་པོ་ནས་མགོ་འཛུགས་བྱས་འདུག་ཅེས་པའི་སྐད་ཆ་འདིའི་རིགས་དངོས་སུ་གསར་འགྱུར་ནང་བཀོད་ན་ཧ་ཅང་ཉེན་ཚབས་ཆེ་བས་སྤྱི་ཡོངས་ནས་ལས་འགུལ་འགོ་བརྩམས་པ་སོགས་བརྗོད་ན་རང་བཞིན་གྱིས་དམིགས་སུ་བཀར་ནས་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་པོར་ལག་པ་འཆང་དཀའ་བའི་ཁྱད་པར་ཡོད་ངེས།

    Reply
  35. མིག་གསུམ་པ། says:
    ལོ་ 16 སྔོན།

    བོད་ནང་གི་མང་ཚོགས་དང་སློབ་ཕྲུག་དག་གིས་རང་ཉིད་ཀྱི་ཚེ་སྲོག་དོར་དེ་འདི་ལྟར་སྐད་འབོད་བསྐོར་བསྐྱོད་བྱེད་དུས། བཙན་བྱོལ་ནང་གི་བོད་མི་ཚོ་ཁྱི་ལ་རྒྱག་བྱེད་ཀྱི་གཡུག་པ་དེའང་མི་ཉན་ཀི ་ད་རེབ་ཀྱི་ལས་འགུལ་དེ་ནི་རླབས་ཆེན་གྱི་ལས་འགུལ་དང་། འབོད་ཚིག་དེ་ནི་སྙན་འཇེབས་ཀྱི་འབོད་ཚིག་ཅིག་འདུག་ག ངོ་རྒོལ་གྱི་འཛུལ་ཞུགས་པ་ཚང་མར་གཅར་རྡུང་མི་ཡོང་བའི་སྨོན་ལམ་འདེབས་ཆོག་ཀྱང་། རྒྱ་དེ་བ་ཚང་གི་ཁ་ནང་ནས་ད་ཅིག་དཀའ་ཀོ གང་ལྟར རླབས་ཆེན་གྱི་བྱ་བཞག་དེ་ནམ་ཡང་རླབས་ཆེན་གྱི་ངོ་བོར་གནས་འདུག་གི་རེད།

    Reply
  36. གསེར་སྦྲང་། says:
    ལོ་ 16 སྔོན།

    རྒྱ་རོ་དེ་ཚོས་རང་ང་བཞག་གི་མ་རེད་་་ང་སེམས་ཁུར་ཆེ་གི་ཡ་ང་སེམས་ཁུར་ཆེ་གི
    ཡང་དཔའ་བོ་དཔའ་མོ་ཁ་ཤས་ཞིག་

    Reply
  37. ཀུན་དགའ། says:
    ལོ་ 16 སྔོན།

    རླབས་ཆེན་གྱི་ལས་འགུལ་རྒྱལ་བར་གྱུར་ཅིག   ཕྱི་ཕྱོགས་ཀྱི་གསར་འགོད་ལས་རིགས་པ་དང་།   ཟིན་བྲིས་བདག་པོ་རྣམས་ཀྱིས་དོན་དག་འདིའི་ཐབས་གཟབ་གཟབ་བྱས་ནས་གསར་འགྱུར་དང་ཟིན་བྲིས་སྤེལ་རོགས།   ལས་འགུལ་འདི་ཡོངས་གྲགས་ཀྱི་བོད་རྒྱའི་འཐབ་རྩོད་ཟེར་བ་དང་འབྲེལ་བ་མེད་པས་དེ་ལུགས་བྱེད་དགོས།  
    ལྷག་པར་ཁོང་ཚོའི་འབོད་ཚིག་༼མི་རིགས་འདྲ་མཉམ།   སྐད་ཡིག་རང་དབང་།༽  གཉིས་ཁོ་ན་ཡིན་པས་འདི་གཉིས་ལ་བཅོས་སླད་རྩ་བ་མ་བྱེད་རོགས།   རྒྱ་བཙོག་ཚང་གིས་ལས་འགུལ་འདིའི་ཁ་ཕྱོགས་བསྒྱུར་ཐབས་ལ་སྒུག་བསྡད་ཡོད་རེད།
    དེ་ཙམ་ཡིན།

    Reply
  38. lobsang says:
    ལོ་ 16 སྔོན།

    ཡར་ལངས་ཀྱི་གཏམ་བཟང་འདི་ཉིད་བོད་མི་ཡོངས་ཀྱི་སྙན་ལམ་དུ་གོ་ནས་ནུས་ཤུགས་ཆིག་སྒྲིལ་ཡོང་བའི་སྨོན་འདུན་ཞུ་གི་ཡོད། ཕྱི་ལོ་ ༢༠༠༨ ལོར་ཡང་བོད་ཆོལ་གསུམ་ལས་ཐོག་མར་རེབ་སྐོང་ནས་མགོ་བཙུགས་ཏེ་ཆོལ་གསུམ་གཞིས་བྱེས་ཡོངས་འགུལ་སྐྱོད་ཐེངས་གཅིག་བྱེད་དུ་བཅུག་སོང། ད་ལམ་ཡང་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་པའི་འབོད་སྒྲ་བསྒྲགས་ནས་བོད་མིའི་བདེ་སྡུག་གླེང་བའི་རྟོག་སད་ཅིག་གི་དར་ཆ་བསྒྲེང་བ་འདིའི་མཇུག་འབྲས་དོན་ལྡན་དུ་འགྱུར་བའི་སྨོན་ལམ་འདེབས།

    Reply
  39. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    རྒྱ་གཞུང་གིས་སློབ་ཕྲུག་དེ་ཚོས་འབོད་སྒྲ་ལ་ཆབ་སྲིད་ཀྱི་མིང་འདྲ་མིན་མེད་པའི་ཐོག་ནས་བསམ་བཞེང་བྱེད་དགོས་པ་གལ་ཆེ་པོ་ཞིག་རེད།

    Reply
  40. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    སྦྱར་བྱང་དངོས་ཀྱི་སྟེང་དེ་རིང་གི་འབོད་ཚིག་ལ་༼ མི་རིགས་འདྲ་མཉམ། སྐད་རིགས་རང་དབང་༽ ཞེས་འཁོད་འདུག

    Reply
  41. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    རྒྱ་གཞུང་གིས་བོད་ཕྲུག་དེ་ཚོས་འབོད་སྒྲ་ལ་ཆབ་སྲིད་ཀྱི་མིང་འདྲ་མིན་མེད་པའི་ཐོག་ནས་བསམ་བཞེང་གནང་བའི་རེ་བ་ཆེན་པོ་ཡོད།

    Reply
  42. གངས་ཕྲུག says:
    ལོ་ 16 སྔོན།

    མདོ་དབུས་ཁམས་གསུམ་ནས་མཁས་པ་དང་སློབ་མ་སྐྱ་སེར་ཚང་མ་ལ་བསྔག་བརྗོད་དང་རྗེས་སུ་ཡི་རང་ཞུ་བ་ཡིན། དམིག་བསལ་རེབ་གོང་གི་སློབ་ཕྲུག་དང་
    རོང་པོ་དགོན་པའི་དགེ་འདུན་པ་དང་མི་མང་བཅས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  43. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    གནས་ཚུལ་འདིའི་ཤུགས་རྐྱེན་ཆོལ་ཁ་གསུམ་ལ་ཁྱབས་སྲིད་པའི་ན། ང་ཚོས་གཟབ་ནན་གྱིས་བལྟ་དགོས་པ་ཞིག་དང་། ཕྱི་རྒྱལ་གྱི་བརྒྱུད་ལམ་ཁག་ལ་གནས་ཚུལ་དུས་ཐོག་མཁོ་སྤྲོད་བྱ་དགོས་པའང་གལ་ཆེན་པོ་རེད།

    Reply
  44. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    དེ་རིང་གི་འབོད་ཚིག ༼ མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་། ༽ཞེས་པ་འདི་རེད།

    Reply
  45. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    ཏཱ་ན་བློ་བཟང་ལགས་ཀྱིས་གནས་ཚུལ་མཁོ་འདོན་གནང་བ་ཐུགས་རྗེ་ཆེ།
    ད་དུང་མུ་མཐུད་དེ་ང་ཚོས་སྐར་ཆ་རེ་རེའི་གནས་ཚུལ་ཞིབ་ཕྲ་དགོད་མ་ཐུབ་ཀྱང་ཉིན་མ་རེ་རེའི་གནས་ཚུལ་འཚོལ་སྒྲུབ་བྱ་གལ་ཆེ།
    ཡིན་ན་ཡང་ལས་འགུལ་འདི་བོད་ནང་གི་འབོད་རང་བྱས་ནས་བཞག་ན་མ་གཏོགས་དེ་ལས་རྒལ་བའི་ཁྱབ་བསྒྲགས་འགྲོ་ཐབས་སུ་སྒྲོ་བཏགས་སོགས་མ་གནང་རོགས་གནང་།
    རྒྱུ་མཚན་ཁོང་ཚོས་ལས་འགུལ་སྤེལ་བར་ཞིབ་འཇུག་ནན་མོ་བྱས་ནས་སྤེལ་བའི་ལས་འགུལ་འདིའི་རིགས་ལ་ང་ཚོས་དེའི་སྒང་ལ་ཚིག་གཅིག་བསྣན་པ་ཡིན་ན་ཁོང་ཚོའི་ལས་འགུལ་ལ་གནོད་པ་ཆེན་པོ་ཐེབས་ངེས་པས་གཟབ་ནན་བྱ་གལ།
    མཁྱེད་དཔྱོད་ཡོངས་པ་ཚོས་ཁྱབ་བསྒྲགས་བྱེད་སྟངས་དང་ཕན་གནོད་སྐོར་ལ་ལམ་སྟོན་ཁ་གསལ་རེ་གནང་ཐུབ་ན་མ་གཏོགས་ང་ཚོས་རླབས་ཆེ་བའི་ལས་འགུལ་འདི་ཚོ་འཕྲོ་བརླགས་སུ་བཏང་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་གསབ་ཐབས་བྲལ་བའི་གྱོང་གུད་ཚབས་ཆེན་མ་ཡིན་ནམ།

    Reply
  46. རྐང་གསུམ། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན་ཁོ་བ་ཚོའི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས། བདེ་ལགས་ངང་རང་རང་ས་ནས་ལས་དོན་འདི་འགྲུབ་པར་སྨོན།

    Reply
  47. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ད་ཐེངས་ཀྱི་ངོ་རྒོལ་འབོད་ཚིག་ཡག་གི འདི་དག་གི་མངོན་འདོད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།

    སློབ་ཕྲུག་དག་ནི་རང་རེའི་ཡིད་བཞིན་གྱི་ནོར་བུ་ཡིན་ཟེར་བའང་འདི་ལ་ཟེར།

    Reply
  48. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༼ ཏཱ་ན་བློ་བཟང་ལགས་ཀྱི་ཟིན་ཐོ། ༽
    དེ་རིང་རེབ་གོང་ན་འོས་ལངས་བྱེད་ཀྱིན་ཡོད་གི ཤུགས་དྲག་པོ་བྱེད་གི་ཡོད་གི དྲི་བ། མི་ག་ཚོད་ཡོད། ལན། སྟོང་ལྷག་ཡོད་གི སློབ་མ་ཏག་ཏག་རེད། དྲི་བ། གང་ཕྱོགས་ཀྱི་སློབ་མ་རེད། ལན། རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། རྨ་ལྷོ་དགེ་ཐོན་སློབ་གྲྭ་རྨ་ལྷོ་མཐོ་འབྲིང་སློབ་གྲྭ་སོགས་རེད། དྲི་བ། འབོད་ཚིག་ཅི་ཞིག་ཟེར་གིན་འདུག ད་དུང་བསྡད་ཡོད་དམ། ལན། མི་རིགས་འདྲ་མཉམ སྐད་ཡིག་དར་སྤེལ་ཟེར་གྱིན་འདུག་པ་དང་། ད་ནིང་ཞོགས་པའི་ཆུ་ཚོད་བརྒྱད་ནས་ད་དུང་འགྲོ་ཀྱིན་འདུག དྲི་བ། ནང་ན་དགེ་རྒན་འདུག་གམ། ལན། དེ་ཅང་མེད་གི་པ། ཉེན་རྟོགས་པས་རྒྱང་ན་བལྟས་འདུག དྲི་བ། ཉེན་རྟོགས་པ་ག་ཚོད་འདུག ལན། ཉེན་རྟོགས་པ་རླངས་འཁོར་ཉི་ཤུ་སུམ་ཅུ་འདུག གྲངས་ཏག་ཏག་མ་ཤེས། དྲི་བ། ས་གནས་གང་དང་གང་ན་སྐད་འབོད་བྱེད་ཀྱིན་འདུག ལན། རྨ་ལྷོ་ཁུལ་སྲང་ལམ་གང་ཡིན་ས་ན་ཡོད་གི དྲི་བ། སློབ་མ་ཞི་ལུ་མང་ག་ཞི་མོ་མང་གི ལན། འདྲ་མཉམ་རེད། དྲི་བ། མི་མང་གཞན་མཉམ་ཞུགས་བྱེད་ཀྱིན་འདུག་གམ། ལན། མེད་གི ༢༠༡༠ ཟླ་ ༡༠ ཚེས་ ༡༩ ཆུ་ཚོད་ ༢དང་སྐར་ ༤༥ཐོག་ཁུའུ་ཁུའུ་བོའི་རྒྱུད་ལམ་ནས་ཐོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese