མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐོམ་པ་ཆུ་འདོད་བཞིན་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༥ ཉིན་གྱི་ངྷ་སའི་ཞོགས་པ་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པ། སྟོན་མཇུག་གི་བསིལ་རླུང་དང་བསྡོངས་ནས་ཁ་སང་གི་ངལ་དུབ་ཡོངས་སུ་སངས་ཏེ། དེ་རིང་གི་ལས་དོན་ལ་སྤྲོ་སྣང་གིས་ཀུན་ནས་བརྟས་བྱུང་། ཉིན་དེར་ལས་ཁུངས་ཀྱིས་བཀོལ་མངགས་བཞིན་སྔར་ང་རང་དབུས་སྣེ་ལེན་ཁང་ལ་བོད་ནས་གསར་དུ་ཕེབས་པ་ཚོར་བཅར་འདྲིར་སྐྱོད་པ་ཡིན། ནམ་རྒྱུན་དབུས་སྣེ་ལེན་ཁང་དུ་བསྐྱོད་སྐབས་རླངས་འཁོར་དང་མི་ཚོགས་ཀྱི་འདུ་འཛི་ཆེ་བའི་མཱེག་ལོར་ཁྲོམ་ལ་འགྲོ་དགོས་ཀྱང་། དེ་རིང་ངྷ་ཤོད་བརྒྱུད་ཁ་ཁུ་སིམ་པོར་ཤེས་རབ་དགའ་ཚལ་སློབ་གླིང་གི་ཕྱོགས་སུ་བསྐྱོད་དགོས་པ་དེ་རེད། འདི་ནི་གསར་འགོད་པ་ཞིག་ལ་མཚོན་ན། གསར་འགྱུར་སྔོག་འདོན་བྱེད་སྟངས་ལ་བསམ་བློའི་སྟ་གོན་དང་། གསར་འགྱུར་གྱི་གོ་རིམ་སྒྲིག་ཕྱོགས་ལ་གྲ་སྒྲིག་གི་དུས་ཚོད་རྩ་ཆེན་ཞིག་ཆགས་ཡོད། ང་ངྷ་ཤོད་ནས་གླ་འཁོར་ལ་བསྡད་དེ་སྣེ་ལེན་ཁང་གི་ཕྱོགས་སུ་བསྐྱོད་པའི་ལམ་བར་ནས་ཉིན་དེའི་ལས་ཀའི་སྒྲོམ་གཞི་ཆ་ཚང་བཟོས་པ་ཡིན།

 

སྣེ་ལེན་ཁང་གསར་པའི་སྒོ་ཆེན་ནང་འཛུལ་མ་ཐག གདོང་པ་དམར་ལ་ཤ་རྩ་དཀར་བ། མར་དྲི་དང་རྩམ་དྲི་མ་ཡལ་བའི་བུ་མོ་འགའ་མཐོང་བྱུང་། ང་ཁོང་ཅག་གི་སར་བཅར་ཏེ་སྐད་ཆ་འདྲི་རྩིས་བྱས་སྐབས། དེའི་ཁྲོད་ཀྱི་བུ་མོ་ཞིག་གིས། “ང་ཚོ་སློབ་གྲྭར་འགྲོ་མྱོང་མེད་པས་སྐད་ཆ་བཤད་ཤེས་ཀྱི་མེད” ཟེར། མོའི་སྐད་ཆ་དེ་ནི་ཏག་ཏག་ངས་ལམ་བར་ནས་གྲ་སྒྲིག་བྱས་པའི་དེ་རིང་གི་ཞིབ་འཇུག་བྱ་ཡུལ་གཅིག་རེད། སྐབས་དེར་ངས་ཡང་བསྐྱར་བུ་མོ་དེར་སློབ་གྲྭར་མ་སོང་བའི་རྒྱུ་མཚན་གང་ཡིན་དང་། མོ་རང་མ་གཏོགས་སློབ་གྲྭར་མ་ཕྱིན་པའི་བུ་མོ་གཞན་ཡོད་མེད་དྲིས་སྐབས། སློབ་གྲྭར་འགྲོ་མ་མྱོང་བའི་བུ་མོ་མང་པོ་འདུག ཅེས་ལན་བཏབ་བྱུང་། སྤྱིར་བུད་མེད་ཚོར་སློབ་སྦྱོང་གི་གོ་སྐབས་རག་གི་མེད་པ་འདི་ལ་སྲོལ་རྒྱུན་གྱི་གོམས་སྲོལ་ངན་པའི་ཤན་ཞུགས་ཡོད་ལ། ལྷག་པར་དུ་བོད་ནང་གི་གྲོང་གསེབ་ཁུལ་གྱི་གནད་དོན་ཆེ་ཤོས་ཤིག་ཀྱང་ཆགས་ཡོད།  

 

ཐོག་མར་ཕ་ཡུལ་ཁམས་ཆ་ཕྲེང་ནས་ཡིན་པའི་རང་ལོ་ ༡༦ ཅན་གྱི་བུ་མོ་བློ་བཟང་སྒྲོལ་མས་བརྗོད་དོན།  ང་རང་སློབ་གྲྭར་འགྲོ་རྒྱུར་དགའ་བོ་ཡོད་ཀྱང་ཆུང་དུས་ནས་ཕ་ལགས་ནད་མནར་གྱིས་གྲོངས་སྟབས།  ཁྱིམ་ཚང་གི་འཚོ་བ་སྐྱོ་བོ་ཆགས་ཏེ་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་མ་བྱུང་ལ། དཀའ་ངལ་དེའི་རྐྱེན་གྱིས་ངའི་གཅུང་མོ་ཡང་སློབ་གྲྭར་འགྲོ་མ་ཐུབ། གྲོང་གསེབ་ཏུ་སློབ་གྲྭ་མེད་པ་དང་རྫོང་ཐོག་གི་སློབ་གྲྭར་ཞུགས་ན། སློབ་ཡོན་ཆེན་པོ་སྤྲོད་དགོས་སྟབས་ངེད་གཅེན་གཅུང་གཉིས་ཁྱིམ་ནས་ལྷག་སོང་། གྲོང་གསེབ་ཀྱི་བྱིས་པ་ཚོ་སློབ་གྲྭར་འགྲོ་བ་མཐོང་སྐབས་ང་ཡང་སློབ་གྲྭར་འགྲོ་འདོད་ཆེན་པོ་སྐྱེས་བྱུང་། འོན་ཀྱང་། ཁྱིམ་དུ་ལས་ཀ་ཧ་ཅང་མང་བའི་རྐྱེན་གྱིས་སློབ་གྲྭར་འགྲོ་རྒྱུ་ཕར་ཟད། ཐ་ན་ས་གནས་གཞན་ལའང་འགྲོ་མྱོང་མེད། ང་ཚོ་ནི་གྲོ་དང་མ་རྨོས་ལོ་ཏོག་ལ་བརྟེན་པའི་ཞིང་པ་དཀྱུས་མ་ཞིག་ཡིན་ཞིང་། ལོ་གཅིག་ལ་སྟོན་ཐོག་ཐེངས་གཉིས་བསྡུ་དགོས་དུས་ལས་བྲེལ་ཆེན་པོ་ཡོད། ད་བར་ངེད་གཅེན་གཅུང་གཉིས་ཀྱིས་ཁྱིམ་དུ་ཨ་མར་རོགས་པ་བྱས་ནས་བསྡད་པ་ཡིན། ཞེས་བརྗོད་བྱུང་།

ཁོ་མོས་རྒྱ་གར་ལ་ཡོང་དོན་སྐོར་བརྗོད་དོན། ང་རང་གིས་ཕ་ཡུལ་ནས་རྒྱ་གར་ནང་སློབ་ཡོན་མི་དགོས་པར་སློབ་སྦྱོང་གི་གོ་སྐབས་རག་གི་ཡོད་ཚུལ་གོ་སོང་། དེ་ནས་ཨ་མ་དང་གྲོས་བསྡུར་བྱས་ཏེ་ངེད་གཅེན་གཅུང་གཉིས་ཀ་རྒྱ་གར་ལ་འགྲོ་རྒྱུའི་ཐག་གཅོད་བྱས་པ་ཡིན། ཕ་ཡུལ་ནས་ལྷ་སར་གནས་སྐོར་ལ་འགྲོ་མཁན་ཞིག་དང་མཉམ་དུ་ཡོང་བ་ཡིན། ལྷ་ས་ནས་ཉིན་ཤས་བསྡད་རྗེས་ཕ་ཡུལ་གཅིག་པའི་བུད་མེད་ཅིག་གིས་ས་མཚམས་འགྲམ་དུ་འགྲོ་མཁན་ཨ་མདོ་བ་ཞིག་གི་རྗེས་སུ་མངགས་བྱུང་། འགྲམ་ནས་བལ་ཡུལ་གྱི་ལམ་ཁྲིད་པ་ཞིག་ལ་རྒྱ་སྒོར་ཆིག་ཁྲི་བཞི་སྟོང་ ༡༤༠༠༠ ཙམ་སྤྲད་དེ། མཚན་མོ་ཞིག་ལ་བལ་བོད་ས་མཚམས་བརྒལ་བ་ཡིན། དགོང་མོ་དེར་འཇིགས་སྣང་ཆེན་པོ་སྐྱེས་སོང་། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་འབྱོར་ཏེ་བོད་མི་མང་པོ་མཐོང་སྐབས་སེམས་པ་ཧ་ཅང་དགའ་སོང་། དེ་ནས་མི་ཞིག་གི་རོགས་རམ་འོག་བལ་ཡུལ་སྣེ་ལེན་ཁང་ལ་བསྐྱལ་སོང་། ང་རང་རྒྱ་གར་དུ་ཡོང་བ་སློབ་སྦྱོང་གི་ཆེད་ཡིན་སྟབས། སློབ་གྲྭར་སོང་སྟེ་བོད་ཡིག་དང་དབྱིན་ཡིག་གཉིས་ཡག་པོ་ཞིག་སྦྱང་གི་ཡིན། ངའི་ཨ་མས་ཀྱང་རེ་ལྟོས་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

 

རང་ལོ་ ༡༤ ཡིན་པའི་བུ་མོ་བློ་བཟང་སྒྲོལ་མའི་གཅུང་མོ་ཚེ་རིང་སྒྲོལ་དཀར་གྱིས་བརྗོད་དོན། ང་རང་ལོ་གཅིག་ཙམ་རིང་ས་གནས་སློབ་གྲྭར་ཕྱིན་པ་ཡིན། ཡིན་ནའང་། སློབ་གྲྭའི་ནང་རྒྱ་ཡིག་མ་གཏོགས་གང་ཡང་སློབ་ཀྱི་མེད། དགེ་རྒན་ཚང་མ་རྒྱ་མི་རེད། སློབ་ཁྲིད་ལའང་མཚམས་རེར་མ་གཏོགས་ཡོང་གི་མི་འདུག གནས་སྟངས་དེ་འདྲ་ཞིག་གི་འོག་ནས་དུས་ཚོད་འཕྲོ་བརླག་ཏུ་གཏོང་རྒྱུ་ལས་རྒྱ་གར་དུ་སོང་ན་བཟང་གི་རེད་ཟེར་ནས་ཨ་ཅག་དང་ངེད་གཉིས་ཡོང་བ་ཡིན། ཁྱིམ་ནས་ཁ་བྲལ་ཁར་ཨ་མས་རྒྱ་གར་ལ་སོང་ན། ༧གོང་ས་མཆོག་ལ་མཇལ་ཐུབ་པར་མ་ཟད། སློབ་སྦྱོང་གི་གོ་སྐབས་ཀྱང་ཡག་པོ་རག་གི་རེད་ཟེར། གཅེན་མོ་ངེད་གཉིས་དུས་གཅིག་ལ་ཁྱིམ་ནས་ཐོན་ཡོང་ན། ཨ་མར་དཀའ་ངལ་འཕྲད་ཀྱི་རེད་ཅེས་བཤད་ཀྱང་། ཨ་མས་ཁྱིམ་ཚང་ལ་སེམས་ཁྲལ་མི་དགོས། རྒྱ་གར་དུ་ཕྱིན་རྗེས་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་པ་རེད་ཅེས་ལབ་སོང་། ངེད་གཉིས་བལ་ཡུལ་དུ་སླེབས་སྐབས་ས་ཆ་གང་སར་༧གོང་ས་མཆོག་གི་སྐུ་པར་མཐོང་རྒྱུ་འདུག སེམས་ལ་བྲེལ་བ་ཆེན་པོ་ལང་གི་འདུག གང་མགྱོགས་༧གོང་ས་མཆོག་ལ་མཇལ་ཁ་རེག་ན་བསམ་སོང་། ཞེས་བརྗོད་སོང་།

 

ཕ་ཡུལ་ཁམས་དཀར་མཛེས་ནས་ཡིན་པའི་རང་ལོ་ ༣༠ ཅན་གྱི་བུ་མོ་ཟླ་བཟང་གིས་བརྗོད་དོན། ངའི་ཕ་མ་གཉིས་ཀ་ཞིང་པ་ཡིན། ང་ཚོའི་རྫོང་ཐོག་ཏུ་སློབ་གྲྭ་ཡོད་ཀྱང་ང་སྡོད་སའི་གྲོང་གསེབ་ཏུ་སློབ་གྲྭ་ཡོད་པ་མ་རེད། རྫོང་གི་སློབ་གྲྭར་དངུལ་མེད་ན་ཚུད་ཐབས་མེད་སྟབས། ད་བར་ཞིང་ལས་བྱས་ཏེ་ཁྱིམ་ནས་བསྡད་པ་ཡིན་ལ། ངའི་གཅེན་མོ་དང་གཅུང་པོ་གཉིས་ལ་ཡང་སློབ་སྦྱོང་གི་གོ་སྐབས་རེག་མོད། ང་རང་རྒྱ་གར་དུ་ཡོང་དོན་ནི་༧གོང་ས་མཆོག་ལ་མཇལ་རྒྱུ་དང་སློབ་སྦྱོང་ཕྲན་བུ་ཞིག་བྱ་ཨེ་ཐུབ་བསམ་ནས་ཡོང་བ་ཡིན། ཞེས་བརྗོད་བྱུང་། བུ་མོ་ཟླ་བཟང་ལགས་ཀྱིས་ལྷ་ས་ནས་ལམ་འཁྲིད་པ་ཞིག་ལ་རྒྱ་སྒོར་ཆིག་ཁྲི་སུམ་སྟོང་ ༡༣༠༠༠ ཙམ་སྤྲད་དེ། བལ་བོད་ས་མཚམས་འགྲམ་བརྒྱུད་རྒྱ་གར་དུ་ཡོང་ཞིང་། སྔོན་ཆད་སློབ་གྲྭར་འགྲོ་མ་ཐུབ་པའི་བསླབ་བྱ་དེ་སེམས་ལ་ཉར་ཏེ་སློབ་སྦྱོང་ལ་ཧུར་བརྩོན་དང་། མ་མཐར་ཡང་བོད་ཡིག་འབྲི་ཀློག་ཡག་པོ་ཤེས་ཐུབ་བྱ་རྒྱུའི་དམ་བཅའ་ཡོད་སྐོར་བརྗོད་བྱུང་ལ། ཁོང་མོ་ཕ་ཡུལ་ནས་ཆང་ས་བརྒྱབ་ཟིན་པ་མ་ཟད། ད་ཆར་རང་ལོ་ ༡༡ ལ་སོན་པའི་བྱིས་པ་ཞིག་ཀྱང་ཡོད་པ་དང་། རྗེས་ཕྱོགས་བྱིས་པ་དེ་རྒྱ་གར་དུ་ལེན་འདོད་ཡོད་ཚུལ་ཡང་བརྗོད་བྱུང་།

 

ཕ་ཡུལ་ཁམས་ལི་ཐང་ནས་ཡིན་པའི་རང་ལོ་ ༢༥ ཅན་གྱི་བུ་མོ་སྒྲོལ་མ་ཚེ་རིང་གིས་བརྗོད་དོན། ང་རང་སློབ་གྲྭར་འགྲོ་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། ངའི་པ་ལགས་ཀྱིས་གསུངས་ན། སྤྱི་ཚོགས་རྙིང་པའི་སྐབས་ངེད་ཚང་ས་བདག་གྲལ་རིམ་རེད་ཟེར། རིག་གནས་གསར་བརྗེ་ཆེན་མོའི་སྐབས་རྒྱ་གཞུང་གིས་ངའི་པ་ལགས་ཀྱི་ཨ་མར་མནར་གཅོད་ཚད་མེད་བཏང་ཡོད་ས་རེད། ས་བདག་གི་བུ་ཕྲུག་ཡིན་སྟབས་སློབ་གྲྭ་ནས་དཀའ་ངལ་འཕྲད་སྲིད་པའི་དོགས་གཞིའི་འོག ང་སློབ་གྲྭར་མ་བཏང་བ་རེད། ལོ་ན་ཆེན་པོ་ཆགས་ཡོང་དུས་སློབ་གྲྭར་འགྲོ་བསམ་ཡང་གོ་སྐབས་ཡོད་པ་མ་རེད། དེའི་སྟབས་ཀྱིས་ད་བར་ཞིང་ལས་དང་མཚམས་རེར་ཕྱུགས་རྫི་བྱས་ཏེ་བསྡད་པ་ཡིན།  ངའི་ཕ་ཡུལ་ལ་མཚོན་ན། བྱིས་པ་ཚོ་རང་ལོ་ ༩ ལས་བརྒལ་ན་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཡོད་པ་མ་རེད། ཉེ་ལམ་རྒྱ་གར་ནས་གྲྭ་པ་གཉིས་ཀྱིས་ཕ་ཡུལ་ལ་ཁ་པར་ཡོང་སྟེ། ༧གོང་ས་མཆོག་གི་བཀའ་དྲིན་འོག་རྒྱ་གར་ནང་སློབ་སྦྱོང་གི་མཐུན་རྐྱེན་འཛོམས་པོ་ཡོད་པ་དང་། གཞོན་སྐྱེས་ཚོ་བོད་ནང་ནས་འཕྲོ་བརླག་ཏུ་འགྲོ་བ་ལས་རྒྱ་གར་ལ་ཡོང་ན་བཟང་ཚུལ་བཤད་ཡོད་སྟབས། ང་རྒྱ་གར་ལ་སློབ་སྦྱོང་ཁོ་ནའི་ཆེད་དུ་ཡོང་བ་ཡིན་ཟེར། ཡང་ཁོ་མོས་ལམ་དུ་ཕ་ཡུལ་གཅིག་པའི་ཚོང་པ་ཞིག་དང་མཉམ་དུ་ཁྲིན་ཏུའུ་དང་ཟི་ལིང་། ལྷ་ས་བཅས་སུ་སྐོར་སྐྱོད་བྱས་མཐར་འགྲམ་ལ་ཡོང་བ་ཡིན། སྐབས་དེར་ངའི་གཅེན་པོའི་ངོ་ཤེས་ཚོང་པ་ཞིག་གིས་ལམ་ཁྲིད་མཁན་ཞིག་བཙལ་ཏེ། རྒྱ་སྒོར་བརྒྱད་སྟོང་ལྔ་བརྒྱ་ ༨༥༠༠  ཙམ་སྤྲད་མཐར་བལ་ཡུལ་དུ་བསྐྱལ་སོང་། ཁྱིམ་ནས་ཐོན་ཁར་གཅེན་པོས་ང་ལ་རྒྱ་གར་དུ་སོང་སྟེ་སློབ་སྦྱོང་ལ་ཤུགས་རྒྱོབས། དེང་སྐབས་སློབ་སྦྱོང་མེད་ན་མི་གྲལ་དུ་ཚུད་ཀྱི་མ་རེད་ཅེས་གསུངས་བྱུང་ཟེར།

བུ་མོ་དེ་དག་གི་གླེང་མོལ་བརྒྱུད་དེ་ང་ལ་རེ་དོགས་དང་སེམས་ཁྲལ་མང་པོ་ཞིག་བསླངས་སོང་ལ། ཁོང་ཅག་གི་རེ་འདུན་ལྟར། སློབ་སྦྱོང་ལ་གྲུབ་འབྲས་དང་ཀུན་སྤྱོད་ལ་འཕོ་འགྱུར་གང་འདྲ་ཞིག་འབྱུང་སྲིད་དམ། འདས་ཟིན་པའི་ཐོབ་ཤོར་གྱི་ལོ་ཟླ་ལ་ཕངས་སེམས་དང་། མ་འོངས་པའི་ཀྱག་ཀྱོག་གི་མདུན་ལམ་ལ་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཕྱིར་ལམ་ལ་ཆས་སྐབས། ངས་གོང་དུ་བཅར་འདྲི་ཞུ་ཡུལ་གྱི་བུ་མོ་ཟླ་བཟང་ལགས་སླར་ཡང་ངའི་གམ་དུ་ཡོང་སྟེ། ང་ལ་ཐུགས་རྗེ་ཆེ་ཟེར་བཞིན་ཤིང་ཏོག་ཅིག་སྤྲད་བྱུང་ལ། བོད་པའི་བུ་མོའི་ལྷད་མེད་དྭངས་གཙང་གི་གཤིས་རྒྱུད་དེས་ངའི་བསམ་གཞིག་ཡོངས་སུ་དཀྲོགས་སོང་།

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ༼ཐོག་མར་ཕ་ཡུལ་ཁམས་ཆ་ཕྲེང་ནས་ཡིན་པའི་རང་ལོ་ ༡༦ ཅན་གྱི་བུ་མོ་བློ་བཟང་སྒྲོལ་མས་བརྗོད་དོན། ༽ཞེས་དང་། དེའི་འོག་ནས་༼རང་ལོ་ ༡༤ ཡིན་པའི་བུ་མོ་བློ་བཟང་སྒྲོལ་མའི་གཅུང་མོ་ཚེ་རིང་སྒྲོལ་དཀར་གྱིས་བརྗོད་དོན།༽ཞེས་པའི་བློ་བཟང་སྒྲོལ་མ་གོང་འོག་གཉིས་མི་གཅིག་རེད་དམ། མི་ག

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ༼ཐོག་མར་ཕ་ཡུལ་ཁམས་ཆ་ཕྲེང་ནས་ཡིན་པའི་རང་ལོ་ ༡༦ ཅན་གྱི་བུ་མོ་བློ་བཟང་སྒྲོལ་མས་བརྗོད་དོན། ༽ཞེས་དང་། དེའི་འོག་ནས་༼རང་ལོ་ ༡༤ ཡིན་པའི་བུ་མོ་བློ་བཟང་སྒྲོལ་མའི་གཅུང་མོ་ཚེ་རིང་སྒྲོལ་དཀར་གྱིས་བརྗོད་དོན།༽ཞེས་པའི་བློ་བཟང་སྒྲོལ་མ་གོང་འོག་གཉིས་མི་གཅིག་རེད་དམ། མི་གཅིག་ཡིན་ཚེ་ལོ་གྲངས་ནོར་འདུག མི་གཅིག་མིན་ན་རྗེས་མ་དེའི་ཕ་ཡུལ་སོགས་ངོ་སྤྲོད་བྱས་མི་འདུག ཡང་མི་གཅིག་ཡིན་ཚེ། བློ་བཟང་སྒྲོལ་མ་དང་ཁོ་མོའི་གཅུང་མོས་བཤད་པའི་སྐད་ཆ་གཉིས་མི་འདྲ་གི དེ་ནི་ཕ་ཡུལ་གྱི་ས་གནས་སུ་སློབ་གྲྭ་ཡོད་མེད་དེ་རེད། སྐད་ཆ་དེ་སྔ་གཞུག་གཉིས་ཀ་ཁོང་གཅེན་གཅུང་གཉིས་ཀྱིས་བཤད་པས་རེད་ཟེར་ན། ཁྱོད་ཀྱི་གསར་འགྱུར་གྱི་གཞི་འཛིན་ས་ནི་མིས་བཤད་པའི་སྐད་ཆ་ཙམ་ལས་དོན་ལ་འགལ་ཟླ་ཡོད་པར་གཞི་འཛིན་བྱས་མི་འདུག་སྙམ། ངས་ཁྱོད་ལ་ནམ་རྒྱུན་ནས་ལྡ་ངེ་ལྡིང་ངེ་མ་བྱེད་ཅེས་ལན་ཁྲི་སྟོང་ལ་བཤད་མྱོང་བ་མ་བརྗེད་ཅིག སྤྱིར་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese