མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་དག་ངོ་མར་དོ་སྣང་མ་སྤྲད་པར་འཐུས་ཤོར་འགྲོ་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ནོར་༧གོས་ས་མཆོག་གིས་ཨ་རིའི་ནང་མཛད་འཕྲིན་སྐྱོང་གི་ཡོད་པ་ལྟར། ཕྱི་ཚེས་ ༡༠ ཉིན་ཨེ་མོ་རི་གཙུག་ལག་སློབ་གྲྭའི་ནང་ཆིབས་སྒྱུར་བསྐྱངས་ཏེ། མི་གྲངས་ ༤༠༠༠ ལྷག་འདུ་འཛོམས་དབུས་གསུང་བཤད་གནང་དོན། གདོད་མའི་སྤྱི་ཚོགས་སྐབས་མི་རྣམས་དཀའ་ངལ་ལས་གྲོལ་སླད་དཀོན་མཆོག་ལ་ཡིད་ཆེས་བྱ་རྒྱུའི་བསམ་བློ་དེ་བསླེབས་པ་རེད། སྐབས་དེར་མི་རྣམས་ལ་དཀའ་ངལ་འཕྲད་སྐབས། སྨོན་ལམ་རྒྱག་རྒྱུ་ལས་ཐབས་གཞན་རྙེད་ཀྱི་ཡོད་པ་མ་རེད། རིམ་པས་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དང་བསྟུན་ཏེ། མི་རྣམས་ཀྱིས་ཚན་རིག་ལ་ཡིད་ཆེས་བྱེད་མགོ་བརྩམས་པ་རེད། འདས་པའི་དུས་རབས་ཉི་ཤུའི་རིང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། འདས་མ་ཐག་པའི་དུས་རབས་ཉི་ཤུ་བ་དེ་འཐབ་འཁྲུག་ཆེ་ཤོས་ཤིག་ཆགས་ཡོད།

ཚན་རིག་གི་ལམ་ནས་བརྙེད་པའི་གྲུབ་འབྲས་ཕལ་ཆེ་བ་གཏོར་བཅོམ་ཁོ་ནའི་ཆེད་བེད་སྤྱོད་བཏང་ཡོད། དེར་བརྟེན་ཕྱི་དངོས་པོའི་ཡར་རྒྱས་དེར་ཚད་གཞི་ངེས་ཅན་ཞིག་ཡོད། དཀའ་རྙོག་འདི་དག་ཚན་རིག་རང་གིས་བཟོས་པ་ཞིག་མ་རེད། ཚན་རིག་བེད་སྤྱོད་བྱེད་མཁན་གྱི་མིས་བཟོས་པ་ཞིག་ཆགས་ཡོད་ཀྱང་། དཀའ་ངལ་དེ་དག་སེལ་དགོས་ན་མིའི་རྣམ་དཔྱོད་གཅིག་པུས་ཡོང་གི་མ་རེད། བྱམས་བརྩེ་ནི་དཀའ་རྙོག་དེ་དག་གི་གཉེན་པོ་ལྟ་བུ་ཆགས་ཡོད་ལ། བྱམས་བརྩེའི་ས་བོན་དེ་མི་ཚང་མར་ཡོད། ཡང་བྱམས་བརྩེ་ཕྱོགས་སུ་ལྷུང་བ་དང་མ་ལྷུང་བའི་ཆ་གཉིས་ཡོད་སྟབས། ང་ཚོས་སྦྱོང་བརྡར་གྱི་ལམ་ནས་ཕྱོགས་སུ་མ་ལྷུང་བའི་བྱམས་བརྩེ་དེ་རྒྱ་སྐྱེད་གཏོང་ཐུབ་པ་བྱ་དགོས། ཞེས་གསུངས་ཡོད།

 

ཁ་སང་ཕྱི་ཚེས་ ༡༩ ཉིན་༧གོང་ས་མཆོག་ཨེ་མོ་རི་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ། ཨ་རིའི་ནེའུ་ཡོག་སྐུ་ཚབ་དོན་གཅོད་དང་ཨེ་མོ་རི་གཙིག་ལག་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཕེབས་ཏེ་བཀའ་སློབ་བསྩལ་དོན། ངོས་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་ཆེན་མགོ་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་པ་ནི་ཧ་ཅང་ཆེ་མཐོང་བྱས་པ་རེད། བོད་ཀྱི་སངས་རྒྱས་པའི་ཆོས་དེ་གནའ་བོའི་རིག་གཞུང་ཙམ་མིན་པར་དེང་སང་འཛམ་གླིང་སྤྱི་ལ་འབྲེལ་བ་ཆེན་པོ་ཡོད། འདས་པའི་ལོ་ ༥༡ རིང་རྒྱ་གར་ནང་བོད་ཀྱི་སངས་རྒྱས་པའི་ཆོས་དེ་སྲུང་སྐྱོབ་བྱ་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་པ་མ་ཟད། གཡུང་དྲུང་བོན་གྱི་བསྟི་གནས་ཀྱང་སྒྲིག་འཛུགས་སྲ་བརྟན་ཡོད།

ད་ལྟའི་ཆར་རྒྱ་གར་ནང་དགེ་འདུན་པ་ ༡༠༠༠༠ ཙམ་དང་སོག་པོའི་དགེ་འདུན་པ་བརྒྱ་སྐོར་ཙམ་ནས་ནང་ཆོས་སློབ་གཉེར་གནང་བཞིན་ཡོད་ལ། ནང་ཆོས་སློབ་གཉེར་གནང་མཁན་སློབ་ཕྲུག་ལྔ་སྟོང་ནས་དྲུག་སྟོང་བར་ཡོད། དེ་བཞིན། བཙུན་མ་ཡང་གང་ཙམ་ཞིག་ཡོད། ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ནང་བོད་ཀྱི་ནང་ཆོས་སློབ་ཁྲིད་གནང་མཁན་བླ་མ་དགེ་བཤེས་འགའ་རེ་ནུབ་ཕྱོགས་སུ་ཕེབས་ཏེ་ཆོས་ཚོགས་བཙུགས་ཡོད། འོན་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་མ་དོར་བ་བྱ་རྒྱུའི་ང་ཚོའི་གཞི་རྩའི་བསམ་བློར་འགྱུར་བ་མེད། ཆོས་ལུགས་བསྒྱུར་རྒྱུ་དེར་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད། རང་གི་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེའི་རྗེས་སུ་འཇུག་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་ཡོད།

 

ཁོང་གིས་མུ་མཐུད་དུ་བོད་ཀྱི་གནད་དོན་སྐོར་གསུངས་དོན། བོད་ཀྱི་གནས་སྟངས་དེ་ཕྱོགས་གཅིག་ནས་བློ་ཕམ་པོ་ཞིག་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན་སྔར་མེད་པའི་གོ་སྐབས་ཤིག་ཀྱང་རེད། སྤྱིར་ཆོས་ལུགས་འདྲ་མིན་བར་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ནའང་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་། ཕན་ཚུན་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་འདང་ངེས་ཤིག་བྱུང་ཐུབ་མེད། དཔེར་ན།  པཱ་ལིའི་སྲོལ་རྒྱུན་ནང་དུ་ནང་ཆོས་སློབ་གཉེར་གནང་མཁན་དང་། ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་ནས་ནང་ཆོས་སློབ་གཉེར་གནང་མཁན་བར་གྱི་འབྲེལ་བས་འདང་གི་མེད། བོད་པར་ཆ་བཞག་ནའང་མཚམས་རེར་ཆོས་ལུགས་སོ་སོའི་རིང་ལུགས་དེར་གཙིགས་ཆེན་བྱས་ཏེ། ཚང་མ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་གཅིག་པ་ཡིན་བསམ་པའི་འདུ་ཤེས་ཀྱིས་འདང་གི་མེད། ཅེས་དང་། བོད་པའི་ནང་པ་ཚོས་ཀྱང་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས། འཆམ་སོགས་ལ་དོ་སྣང་ཆེན་པོ་བྱས་ཏེ་ནང་པའི་ཆོས་ཀྱི་དོན་དག་ངོ་མ་དེར་དོ་སྣང་དེ་ཙམ་མ་སྤྲད་པར་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཡོད། འོན་ཀྱང་ཚང་མ་དེ་འདྲ་མིན་པར་ནང་ཆོས་ཉམས་ལེན་པ་ཡག་པོ་དེ་འདྲའང་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ནང་ཆོས་ཉམས་ལེན་དེ་གཙོ་བོ་དགེ་སློང་ཚོས་གནང་གི་ཡོད། ཕྱིས་སུ་དུས་རབས་བརྒྱད་པའི་སྐབས། བོད་ནང་གྲྭ་པ་དང་སྐྱ་བོ་གཉིས་ཀས་འགན་ཁུར་རྐང་ལེན་གྱིས་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་གནང་ཡོད། ཅེས་གསུངས་ཡོད།

མཇུག་ཏུ་༧གོང་ས་མཆོག་གིས་རེ་བ་གཉིས་གསུངས་དོན། ཁྱེད་ཚོར་དོན་དག་གལ་ཆེན་པོ་གཉིས་འབོད་སྐུལ་ཞུ་རྒྱུ་ཡོད། དང་པོ་དེ་རིང་འདིར་ཕེབས་པ་ཚང་མས་ཕན་ཚུན་ངོ་ཤེས་པའི་ཐོག་བསམ་ཚུལ་བརྗེ་ལེན་གནང་དགོས་པ་རེད། ནང་པའི་ཆོས་ཚོགས་དར་རྒྱས་ཆེ་རུ་སོང་བ་དང་བསྟུན་ཏེ་མིའི་གྲངས་འབོར་ཡང་འཕེལ་བཞིན་ཡོད། དེར་བརྟེན་རང་བཞིན་གྱིས་ལྐོག་ཟ་རུལ་སུངས་དང་ཀུན་སྤྱོད་སོགས་ལ་ཉམས་རྒུད་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་རེད། ཉེན་ཁ་དེ་དག་ཐོག་བགྲོ་གླེང་གནང་དགོས། གཉིས་པ། ནང་པའི་ཆོས་ཚོགས་ཚང་མས་ནཱ་ལེཎྜའི་སྲོལ་རྒྱུན་ལ་དོ་སྣང་མང་ཙམ་སྤྲོད་དགོས། བོད་ཀྱི་སངས་རྒྱས་པའི་ཆོས་དང་བོན་གྱི་གཞུང་གཉིས་ཀའི་ནང་། ནཱ་ལེཎྜའི་སྲོལ་རྒྱུན་ཐོག་སློབ་སྦྱོང་བྱེད་པའི་ལམ་སྲོལ་ཡོད། ཚང་མས་ནཱ་ལེཎྜའི་མཁས་པ་ཚོས་བརྩམས་པའི་གཞུང་ལ་ཁུངས་གཏུགས་ཏེ། ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་གལ་ཆེན་པོ་རེད། གནད་དོན་འདི་དག་ཐོག་ཚོགས་བཅར་བ་ཚང་མས་ཐུགས་ཁུར་ཆེ་བཞེས་གནང་སྟེ་བགྲོ་གླེང་ལྷུག་པོ་གནང་རོགས། ཞེས་སོགས་གསུངས་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 4

  1. ནད་པ says:
    ལོ་ 15 སྔོན།

    ༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་མཁྱེན་རླབས་མཚུངས་པའི་ཐུགས་རྗེའི་བཀའ་དྲིན་འོག་བོད་ཀྱི་ཆོས་ལུགས་ཁག་དབར་སྔར་བྱུང་མ་མྱོང་བའི་མཐུན་སྒྲིལ་ཆེན་པོ་ཞིག་དང་སྔར་དར་མ་ཐུབ་པ་ཞིག་ད་ཆ་འཛམ་གླིང་ཧྲིལ་པོར་དར་རྒྱས་འགྲོ་བཞིན་ཡོད།

    དེ་ཙམ་མ་ཟད་འཛམ་གླིང་ཆོས་ལུགས་སྤྱི་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་དར་རྒྱས་སུ་གཏོང་བཞིན་ཡོད་འདི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་མཆོག་གང་ཉིད་ཀྱི་མཛད་རྗེས་རྨད་དུ་བྱུང་བ་ཞིག་ཡིན།

    རྒྱལ་བ་རིན་པོ་ཆེ་གང་ཉིད་ཀྱིས་གསུང་ལྟར་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་གཅིག་བལྟས་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁ་ལ་ཁྱེར་ནས་དབང་བསྒྱུར་གྲལ་རིམ་དང་སྤྱི་ཚོགས་ནང་བསམ་སྤྱོད་ལས་འདས་པའི་གནད་དོན་ལྷག་ཡོད།

    དཔེར་མཚོན་ན་རྭ་སྒྲེང་དང་སྟག་བྲག་གཉིས་སངས་རྒྱས་ཀྱི་རྗེས་འཇུག་ཞིག་དང་། དགེ་སློང་ཞིག ནང་པ་ཞིག བོད་རིགས་ཞིག་བཅས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིར་ཡིད་ཆེས་བྱེད་མཁན་གྱི་བོད་ཀྱི་རྒྱབ་ཚབ་ཡིན་ཟེར་མཁན་གྱི་མི་སྣ་དེ་དག་གིས་མི་རིགས་ནང་ཁུལ་དང་། ཆོས་ལུགས་ནང་ཁུལ། བོད་མི་ནང་ཁུལ་དུ་གསོད་རེས་བཏང་ཡོད།

    དེ་བཞིན་བོད་བརྒྱུད་ནང་བསྟན་དེ་བོད་རིགས་མི་དམངས་ཚོས་ཤེས་ནས་དད་པ་ཐོབ་པ་སྤྱི་ཚོགས་ཁྲོད་ད་བར་བྱུང་མྱོང་མེད། ད་ལྟའང་མི་དམངས་དཀྱུས་མ་ཚོས་སངས་རྒྱས་ཀྱིས་ཆོས་ལ་བསླབ་གཉེར་བྱེད་ཐུབ་ཀྱིན་མེད་ལ་༸ སྟོན་པ་བླ་ན་མེད་པའི་རྒྱལ་ཚབ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད། འགྲོ་བ་ལྷ་དང་བཅས་པའི་གཙུགས་རྒྱན། ༸ གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འདི་འདྲ་ཞིག་ཡོད་ཀྱང་ང་ཚོའི་བོད་རིགས་མི་དམངས་ཚོས་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་མཐའ་མེད་པའི་ཐུགས་རྗེའི་མཁྱེན་ཡོན་དང་། ཟབ་རྒྱས་གསུང་གི་དུད་རྩིའི་རོ་བཅུད་ད་དུང་མྱོང་ཐུབ་ཀྱིན་མེད།

    ཁོང་གི་མཛུངས་ཟླ་མེད་པའི་མཁྱེན་རླབས་དང་གཞལ་བར་དཀའ་བའི་མཁྱེན་ཡོན་དག་ལ་ལོངས་སུ་སྤྱོད་མཁན་མང་ཆེ་བ་ཕྱི་རྒྱལ་བ་དག་ཡིན།

    བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་དགོས་ལ་བོན་གྱི་ཆོས་ལུགས་ལ་སློབ་སྦྱོང་བྱེད་དགོས། ཤེས་ཡོན་དེ་དག་སྤྱི་ཚོགས་ལ་ཁ་ཕྱོགས་དགོས་ལ་མི་དམངས་ལ་ཁ་ཕྱོགས་ནས་ཤེས་ཡོན་སློབ་གཉེར་སྤྲོད་ཐུབ་པ་བྱེད་དགོས།

    དེ་ནི་ཆོས་ལུགས་ཀྱི་བླ་ཆེན་དང་། མཁན་པོ། དགེ་བཤེས། དགེ་འདུན་བཅས་ཚང་མར་འཁྲི་བའི་འགན་ཁྲི་ཆེན་པོ་ཞིག་རེད།

    བོད་བརྒྱུད་ནང་བསྟན་དང་བོན་གྱི་ཆོས་ལུགས་འདི་མི་གནས་ཡུན་རིང་གི་སྐུ་ཚེ་བརྟན་དགོས་ན་ངེས་པར་སྤྱི་ཚོགས་ལ་ཁ་ཕྱོགས་པ་དང་། མི་དམངས་ལ་ཁ་ཕྱོགས་པ། དུས་རབས་ལ་ཁ་ཕྱོགས་པ་བཅས་ཁ་ཕྱོགས་གསུམ་ལ་བརྟེན་དགོས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཁ་བརྡའི་ནང་ལ་བན་བོན་བགྲོ་གླེང་སྐབས་ལ། ང་ནི་བོད་ཀྱི་ནང་བསྟན་བཞི་གར་དག་སྣང་སྦྱོང་བཞིན་སྟེང་། ལྟ་གྲུབ་ཚང་མ་ཨ་ཤེས་མི་ཤེས་ལྟ་མཁན་ཅིག་ཡིན་ཀྱང་། བོན་ཆོས་དེ་ངས་མི་ཤེས། ཟེར་དགོས་པ་དེ་ཡི་ཁུངས་ཕྱོགས་གཅིག་ནི། དེང་ཀྱི་བོན་ཆོས་ནྰལེནཌའི་ནང་ཆོས་ལ་ཁུངས་གཏུགས་ཡོད་པ་འདི་གཅིག་རེད། རྒྱུ་མཚན་གཞན་ནི་བོན་ཆོས་ནང་ལ་ནང་ཆོས་ནང་ལ་མེད་པའི་ཐུན་མོང་པ་གཅིག་ཡོད་དགོས་ལ། དེ་ང་ལྟ་བུས་མི་ཤེས་པས་སོ། །

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གནས་ཚུལ་ཡག་པོ་བཀོད་འདུག འོན་ཀྱང་མཇུག་མཐའི་རེ་སྐུལ་ལས་གཉིས་པ་དེར། ༼བོད་ཀྱི་སངས་རྒྱས་པའི་ཆོས་དང་བོན་གྱི་གཞུང་གཉིས་ཀའི་ནང་། ནཱ་ལེཎྜའི་སྲོལ་རྒྱུན་ཐོག་སློབ་སྦྱོང་བྱེད་པའི་ལམ་སྲོལ་ཡོད། ༽ཅེས་པ་འདི་གོ་བ་ཐེངས་དང་པོ་ཡིན། འདི་ལ་ངེས་པར་དུ་ཤེས་རྟོག་རེ་བྱ་དགོས་པ་གལ་ཆེན་པོར་མཐོང་། ཐུགས་རྗེ་ཆེ་ཞུ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ཐུགས་རྗེ་ཆེ། སྡེབ་སྦྱོར་དང་དག་ཆ་སྤུས་ཚང་གི་ལམ་ནས་དོན་སྙིང་ལྡན་པའི་གསར་འགྱུར་འདོན་སྤེལ་གནང་པར་བསྔགས་བརྗོད་དང་འབྲེལ། འབྱུང་འགྱུར་ཡང་༸མགོན་པོ་མཆོག་བཀའ་སློབ་གང་མང་འདོན་སྤེལ་གནང་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese