མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུང་ཧྭའི་ཤེས་རིག་དར་སྤེལ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཕྱི་དྲོ་༼ ཏའོ་ཝེ ༽ རྒྱ་ཡིག་དྲ་ཚིགས་ཀྱིས་ཊེ་ཝེ་ཊར་གློག་འཕྲིན་གྱི་གནས་ཚུལ་འདྲེན་བཀོད་བྱས་པ་ལྟར་ན། དེ་རིང་ཉིན་གུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ ༤༠༠ ཙམ་གྱིས་སློབ་གྲྭའི་ར་བ་ནས་མགོ་འཛུགས་ཀྱིས་ “མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭའི་ཤེས་རིག་དར་སྤེལ” ཞེས་པའི་འཕྲེད་དར་ཕྱར་ཏེ། རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ད་སྔ་འབྱོར་མ་སོང་།

  

མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭེའི་ཤེས་རིག་དར་སྤེལ།

མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭེའི་ཤེས་རིག་དར་སྤེལ།

མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭེའི་ཤེས་རིག་དར་སྤེལ།

གསར་འགོད་པ། ཚེ་རིང་རྒྱལ།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 16

  1. དུག་མདའ། says:
    ལོ་ 15 སྔོན།

    མི་ལོ་ལྔ་བཅུའི་འབད་བརྩོན་གྱིས་བྱིས་པ་འདི་ཚོ་མགོ་སྐོར་གཏོང་ཐུབ་མ་སོང་། ད་ཡང་བསྐྱར་རིག་གནས་གསར་བརྗེ་ཞིག་བྱས་ན་ཅི་འདྲ་ཡིན་ནམ། ད་ངོ་གནས་བོད་པ་འདི་ཚོ་ལ་གཅིག་སྟེར་དགོས་ཀྱི་འདུག གོང་བྲན་ལ་ཤུལ་ལམ་མེད་པའི་ཚད་ལ་ད་དུང་སླེབས་མེད་ཁོ་ཐག་ཡིན། ཁྱེད་རང་དགྱ་བཙན་རྒྱལ་བའི་རྗེས་འཛིན་ཡིན་པའི་དབང་དུ་བཏང་ན་ཏང་གི་སྲིད་དབང་སྲ་གཏན་དུ་གཏོང་བའི་ཅུས་བཟང་ཅི་ཞིག་ཡོད། ང་ཡིན་ན་ཡར་བསྟུན་མར་བསྟུན་གྱི་དཀའ་ལས་མི་རྒྱག་པར་ཐད་ཀར་བོད་ཡིག་གཏན་འགོག་བྱེད་ས་རེད།

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    ཡྭལ་དངོས་ཀྱི་གནས་ཚུལ། ད་ལྟ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་ཆུ་ཚོད་
    བདུན་དང་སྐར་མ་བཞི་བཅུ་རེད། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་བོ་དང་
    གཉིས་པ་གཉིས་ཀྱི་སློབ་མསྟོང་གསུམ་ལ་ཉེ་བ་ཙམ་གྱིས་ སྲི་གཞུང་གི་མདུན་དུ་
    སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་བྱེད་དང་བྱེད་མུས་འདུག
    ཡིད་སྐྱོ་བ་ཞིག་ལ་བདག་ལ་པར་ཆས་མེད་པས་པར་མཁོ་འདོན་བྱེད་མ་ཐུབ་ཐ།
    དགྲ་སྟ་ནས
    ཞེས་བོད་ནང་གི་དྲ་ཚིགས་ཤིག་གི་མཆན་ནང་བཀོད་འདུག

    Reply
  3. སོག་ནག་ཚང་། says:
    ལོ་ 15 སྔོན།

    དབང་བསྒྱུར་བའི་དྲག་སྤྱོད་ཀྱི་མངའ་འོག་ན་ལྷག་པའི་གཞིས་ལུས་ན་ཆུང་སློབ་ཕྲུག་ཚོས་རང་གི་མི་རིགས་དང་རིག་གཞུང་ལ་བཅིངས་བའི་འདུ་ཤེས་གཙང་མ་དང་། རང་གི་ཕ་སྐད་དང་བོད་ཡིག་ལ་དུང་བའི་ཞེན་པ་དཀར་པོ་འདིའི་ཆེད་དུ། དྲག་སྤྱོད་པའི་འཇིགས་སྐུལ་དང་གདུག་རྩུབ་ལ་མ་འཛེམས་པར་ཞི་བའི་ལས་འགུལ་སྤེལ་སྟངས་ཀྱི་ཆོད་སེམས་དང་བརྟན་པོ་དང་། དཀའ་སྡུག་དང་ཐ་ན་རང་གི་ཚེ་སྲོག་ལའང་མི་འཛེམས་པའི་ལས་འགུལ་སྤེལ་བའི་སྙིང་སྟོབས་འདིས་ཅི་ཞིག་འཚོལ་བཞིན་འདུག
    རང་དབང་དམངས་གཙོའི་ལུང་པར་གནས་འཆའ་བའི་ང་ཚོ་བཙན་བྱོལ་བོད་མའི་སློབ་ཕྲུག་ཚོས་རང་གི་མི་རིགས་དང་རིག་གཞུང་། སྐད་ཡིག་སོགས་འཕོངས་ཕྱིས་ཀྱི་རྡོ་ལྟར་གཡུག་སྟེ་སྐད་ཡིག་གཞན་ལ་ཤི་འཐམ་རོ་འཐམ་བྱེད་དགོས་པའི་གནད་འགག་གང་ལ་ཐུག་ཡོད།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ལ་རྒྱ་ཆེ་ཡ་ལ་རྒྱ་ཆེ།
    ཁྱོད་ཚོ་ནི་དོན་ངོ་མའི་བོད་མི་འོ།
    སྙིང་སྟོབས་ཆེ་འོ་སྙིང་སྟོབས་ཆེ།
    ཁྱོད་ཚོ་ནི་དོན་ངོ་མའི་བཙན་པོའི་རྒྱུད།།

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ངོ་རྒོལ་ཞེས་པའི་མིང་ཚིག་དེ་རྒྱལ་ཁབ་ལ་རྒྱབ་གཏོད་དམ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་ཞིག་ཟེར་ནི་ཡོད་མ་རེད།
    སློབ་མ་ཚོའི་ཞི་བའི་ངོ་རྒོལ་དེ་ང་ཚོ་ཡུལ་གྱར་ལ་ཡོད་པའི་བོད་རིགས་ཚོས་དེ་ཆབ་སྲིད་དམ་དགྱ་དམར་གཞུང་ལ་ངོ་རྒོལ་ཡིན་པའི་ལས་འགུལ་གྱི་ངོ་བོར་མ་འགྱུར་རོགས་ཤེས་གུས་པའི་རེ་བསྐུལ་ཞུ།

    Reply
  6. རོ་བདག says:
    ལོ་ 15 སྔོན།

    འབོད་སྒྲ་གཅིག་དང་དམིགས་ཡུལ་གཅིག་ལང་ཕྱོགས་གཅིག་གི་ལས་འགུལ་ལ་ངོ་མ་ལྗིད་ཉམས་ལྡན་པའི་འབྲས་བུ་མི་དམན་པ་ཞིག་ཐོན་སྲིད་།

    Reply
  7. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    སེམས་སྟེང་ནས་བཙན་བྱོལ་སློབ་བུ་ཚོ་ཡར་ལངས་ཤོག
    ཁོང་ཚོ་ལ་གདུང་སེམས་མཉམ་བསྐྱེད་རེ་བྱེད་རོགས།
    བཙན་བྱོལ་བ་ཚོས་བལྟ་མོར་བལྟ་ཡ་མ་གཏོགས་ཐབས་ཤེས་བྱེད་ཀྱི་མི་འདུག
    ཧ་ཅང་གི་སེམས་པ་སྐྱོ་བ་ཞིག་རེད།
    བཙན་བ་ཚོ།ཡར་ལོངས་ཤོག
    གདུང་སེམས་མཉམ་བསྐྱེད་བྱེད་རོགས།

    Reply
  8. བསེ་རུ། says:
    ལོ་ 15 སྔོན།

    ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་ཏུ་འབོད་པས་སྤྱི་ལོ་༢༠༡༠ལོའི་ཟླ་༡༠པའི་ཚེས་༡༨ལ་ཤར་མར་བྲིས་པའི་དཔྱད་རྩོམ་ཞིག་གི་གཤམ་དུ་འདི་འདྲ་ཞིག་འཁོད་འདུག

    ཱཱཱ”དེང་རབས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དམངས་སྤྱིའི་ཡིག་རྨོངས་སེལ་བ་ནས་སློབ་ཆུང་དང༌། སློབ་འབྲིང་དང་མཐོ་རིམ་སློབ་འབྲིང༌། དེ་ནས་རིམ་པར་ཆེད་སྦྱོང་སློབ་གསོ་ནས་མཐོ་རིམ་སློབ་གསོ་སོགས་སློབ་གསོའི་ལས་རིགས་ཆེ་ཆུང་དང་མཐོ་དམན་གང་དུ་མི་རིགས་རང་རང་གི་སྐད་དང་ཡི་གེ་གཙོ་བོར་བཟུང་བའི་སྒོ་ནས་ཕྱི་ནང་གི་རིག་གནས་ཐམས་ཅད་དང་། ཁྱད་པར་དུ་ཚན་རིག་དང་ལག་རྩལ་སོགས་སློབ་སྦྱོང་དང༌། བེད་སྤྱོད། འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་སྲིད་ཇུས། མི་རིགས་རང་སྐྱོང་བཅའ་ཁྲིམས་སོགས་ལག་ལེན་དུ་བསྟར་བའི་ཆབ་སྲིད་ཀྱི་འོས་འགན་ཆེས་གལ་ཆེན་ཞིག་ཡིན་པ་ཤེས་དགོས་སོ། །”
    ཁོང་གི་རྩོམ་ཡིག་འདི་ཆ་ཚང་གཟིགས་འདོད་ན། ལྷ་ས་ཆོས་གྲོགས་དྲ་ཚིགས་http://www.lhasan.cn/Item/Show.asp?m=1&d=194འདིར་གཟིགས་རོགས།།

    Reply
  9. སྦྲ་ནག་ཚང་། says:
    ལོ་ 15 སྔོན།

    ཁྱོད་རྣམས་པ་གུས་པས་ཕྱགས་གསུམ་འཚལ།

    Reply
  10. དམུ་ཐག་དཀར་པོ། says:
    ལོ་ 15 སྔོན།

    ད་ཐེངས་བོད་ནང་དུ་སློབ་ཕྲུག་ཚོས་སྐད་ཡིག་གི་ཆེད་དུ་སྐད་འབོད་བྱས་པ་དེ་ཞི་རྒོལ་དང་དྲག་རྒོལ་གང་ཡང་མ་རེད། འདི་ནི་བོད་མི་རིགས་ལ་ཐོབ་ཐང་དང་བདག་དབང་ཡོད་པའི་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཙམ་རེད། གཞིས་པ་ཚོས་ལས་འགུལ་ཅི་འདྲ་ཞིག་བརྩམས་ཀྱང་ང་ཚོས་དེ་ལ་འགྲེལ་ལོག་བརྒྱགས་ཏེ་ཞི་རྒོལ་དང་དྲག་རྒོལ་གྱི་ཐ་སྙད་ཅིག་སྦྱར་ཏེ་རྒྱ་ནག་གཞུང་གི་ཁྲིམས་འགལ་གྱི་ལས་འགུལ་ལྟབུ་ཞིག་བཟོ་བཞིན་ཡོད།
    འདི་ནི་རྒྱ་གཞུང་གི་ཁྲིམས་འགལ་དང་སྲིད་ཇུས་ལ་གནོད་པའི་ལས་འགུལ་དེ་འདྲ་གང་ཡང་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདིའི་ཁྲིམས་འོག་ཏུ་ཡོད་པའི་མི་རིགས་ཤིག་གི་བསམ་བློའི་རྟོགས་སད་དང་ཡར་རྒྱས་ཀྱི་མངོན་རྟགས་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡར་རྒྱས་དགོས་ན་དེའི་སྒྲིག་འཛུགས་ཀྱི་ཆ་ཤས་བོད་མི་རིགས་དང་དེའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་པ་ནི་ད་ལྟའི་རྒྱ་ནག་གི་སྲིད་ཇུས་ལ་བོད་ཀྱི་སློབ་ཕྲུག་ཚོས་རྒྱབ་སྐྱོར་དང་མཐུན་འགྱུར་བྱས་པ་ལས།
    རྒྱ་ནག་གི་སྲིད་ཇུས་དང་རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་འགལ་དང་རྒོལ་བ་གཏན་ནས་མ་རེད། དེས་ན་ཕྱི་ལོགས་ན་ཡོད་པའི་བོད་མི་ཚོས། སློབ་ཕྲུག་ཚོས་སྤེལ་བའི་ཁྲིམས་མཐུན་གྱི་ལས་འགུལ་དེ་ཞི་དྲག་གི་རྒོལ་བའི་ཐ་སྙད་ཅིག་བཙན་སྤྱར་བྱས་ཏེ་ཁོང་ཚོ་ཁྲིམས་འགལ་དང་ཉེས་ཅན་ཞིག་མ་བཟོ་རོགས་གནང།

    Reply
  11. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ཨ་མའི་བུ་འདི་དག་ལ་སྙིང་ནས་དད་གུས་ཞུ། ད་ནི་དབུས་ཁམས་གཉིས་ཀྱི་སློབ་ཕྲུག་ཚོས་འདི་ལྟར་བྱེད་ཐུབ་ན་ཅི་མ་རུང་།

    Reply
  12. མཐུ་སྟོབས། says:
    ལོ་ 15 སྔོན།

    སློབ་མ་ཚོས་རྒྱ་ནག་གཞུང་གི་ཁྲིམས་ལུགས་དང་མཐུན་པའི་ཞི་བའི་འབོད་བསྐུལ་བྱས་པ་དེ་དག་ལ་རིམ་པས་གྲུབ་འབྲས་སྨིན་པའི་རེ་བ་ཡོད། གསར་འགོད་པ་རྣམ་པ་དང་ཀློག་པ་པོ་རྣམ་པས་ཁོང་ཚོའི་བསམ་འདུན་ཞི་བ་དང་། བདེན་པ་ཡོད་པའི་གནས་ལུགས་ལ་རྒྱལ་སྤྱིས་དོ་སྣང་ཡོང་བའི་རེ་བ་བྱ་རྒྱུར་འབད་བརྩོན་བྱ་དགོས་པ་ལས། གཞུང་ལ་ངོ་རྒོལ་བྱས་པ་ཟེར་བ་དང༌། དེ་ལས་ཁག་ཅིག་གིས་མ་ཤེས་ཤེས་མདོག་གིས་བསམ་ཚུལ་ཤུགས་ཆེ་བྲིས་ཏེ་དོགས་པ་ལ་དགའ་བའི་རྒྱ་ནག་གཞུང་ནས་སླར་ཡང་དོགས་གཞི་བྱུང་སྟེ་ལས་འགུལ་དེ་ཚོར་བར་ཆད་གཏོང་བའི་བསམ་ཚུལ་མ་འབྲི་རོགས། གདུང་སེམས་མཉམ་སྐྱེད་བྱ་སྐབས་འུར་རྒྱག་པ་དང༌། བོད་ནང་འབྲེལ་བ་མེད་བཞིན་དུ་འབྲེལ་བ་ཡོད་མདོག་གིས་མ་ཤེས་ཤེས་ཁུལ་བྱེད་པའི་མཆན་དེ་འདྲ་མ་བཀོད་རོགས་གནང་ཞུ་རྒྱུ་ཡིན་ལ། སློབ་ཕྲུག་ཞུ་འབོད་གནང་མཁན་ཚོའི་གྲངས་ཚད་དེ་དག་ཀྱང་རྒྱུན་དུ་སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་འབོར་དང་མཐུན་པ་དང་། སློབ་མ་ཡོངས་ཀྱི་མཉམ་ཞུགས་བྱས་ཡོད་མིན་ལ་གཟིགས་ཏེ་འོས་མཚམས་ཤིག་གསུང་རོགས་གནང་ཞུ་རྒྱུ་ཡིན་ལ། མཐའ་མ་དེར་ཞི་བའི་འབོད་བསྐུལ་ཞུ་མཁན་གྱི་སློབ་ཕྲུག་རྣམས་ལ། དངོས་གནས་ཁ་བ་ཅན་པའི་བོད་ཕྲུག་རངརེད་འདུག་ཅེས་ཞུ་རྒྱུ་ཡིན།

    Reply
  13. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    རྣམ་པ་ཚོ་ཐུགས་རྗེ་ཆེ། འདི་ནི་མི་རིགས་ཤིག་གི་བློ་གྲོས་རེད།

    Reply
  14. ཐོ་རེངས། says:
    ལོ་ 15 སྔོན།

    པེ་ཅིན་མི་རིགས་སློབ་གྲྭར་ཡོད་པའི་བོད་རིགས་སློབ་ཕྲུག་རྣམས་ལ་གུས་འདུད་དང་དུང་སེམས་མཉམ་སྐྱེད་ཡོད།
    མ་འོངས་པའི་མདུན་ལམ་དང་མི་རིགས་ཀྱི་སྲོག་རྩ་གཉིས་ནི། ད་ལྟ་གལ་ཆེ་བའི་འགག་ཕྲང་ཞིག་རེད།
    མི་རིགས་ཀྱི་སྲོག་རྩ་བརྟན་པོར་གནས་ན། མ་འོངས་པའི་མདུན་ཐོག་ཏུ་གོམ་པ་སྤོ་ཐུབ།
    གཞན་གྱིས་བཀོད་འདོམས་དང་བསྐུལ་འདེད་ཞིག་གིས་མདུན་བསྐྱོད་ཀྱི་གར་སྟེགས་ཐོག་ལ་འབུད་མི་ཐུབ།

    Reply
  15. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    ཁྱེད་རྣམས་ལ་ཐུགས་རྗེ་ཞུ།

    Reply
  16. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    སློབ་མ་འདི་ཚོའི་སྙིང་སྟོབས་དང་རིག་འགྲོས་ཅན་གྱི་ངོ་རྒོལ་དེ་དག་ལ་སྙིང་ནས་ཡི་རངས་དང་བར་ཆད་མེད་པར་སྨོན་ལམ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese