སྐད་གཉིས་སློབ་གསོར་བཅོས་བསྒྱུར་དང་ཤུགས་སྣོན་བྱ་རྒྱུ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱིང་གི་རེ་བ་དང་རང་ཞིང་གི་དངོས་ཡོད་གནས་ཚུལ་གཉིས་ལ་བསྟུན་ཏེ། ཡོངས་སུ་ཐག་གཅོད་དང་བཀོལ་ཁྱབ་བཏང་བ་ཞིག་ཡིན་ལ། ཀྲུང་དབྱིང་གི་རེ་བ་དང་མཐུན་ཞིང་། རྒྱལ་ཁྱབ་ཀྱི་ཁྲིམས་ལུགས་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་རེ་འདུན་ལ་ཡང་མཐུན་ཟེར།
ཁ་སང་ཕྱི་ཚེས་ ༢༢ ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་གིས་གསར་བགོད་ལྷན་ཚོགས་ཤིག་བསྐྱངས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་བཅོས་བསྒྱུར་དང་། ལྷག་པར་དུ་སྐད་གཉིས་སློབ་གསོ་བཅོས་བསྒྱུར་ཐད་ཀྱི་སྲིད་ཇུས་ཁག་ཁྱབ་བསྒྲགས་བྱས་ཡོད། སྐབས་དེར་ཞིང་ཆེན་སློབ་གསོ་ཐིན་གྱི་གཙོ་འཛིན་ཝིང་ཡེ་པུའུ་ཟེར་བ་དེས་གཏམ་བཤད་བྱས་དོན། ཉེ་བའི་ལོ་འདི་འགའི་རིང་ལ་ཞིང་ཆེན་ཏིང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་སློབ་གསོའི་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་དང་། ཐབས་ཇུས་གལ་ཆེན་སྐོར་ཞིག་བཏོན་ཏེ། སློབ་གསོའི་ལས་དོན་འཕེལ་རྒྱས་ཡོང་བར་བསྐུལ་འདེད་བཏང་ཞིང་། ཞང་ཆེན་ཡོངས་སུ་རིན་མི་ལེན་པའི་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་བརྡལ་བཏང་སྟེ། ན་གཞོན་ཕལ་ཆེ་བ་ཡིག་རྨོངས་སེལ་ཐབས་ལ་འབད་བརྩོན་བྱས་ཡོད། གྲོང་ཁྱེར་དང་ཞང་སྡེ་རུ་སློབ་རིན་མི་ལེན་པའི་འོས་འགན་སློབ་གསོའི་སྲིད་ཇུས་དངོས་འབེབས་བྱེད་ཐུབ་པ་བྱུང་བ་དང་། མཐོ་རིམ་སློབ་གསོ་དེ་རྒྱལ་ཡོངས་ཀྱི་སློབ་གསོའི་ཆུ་ཚད་དང་འདྲ་མཚུངས་ཀྱིས་འཕེལ་རྒྱས་འབྱུང་བཞིན་པའི་དུས་སྐབས་ཤིག་ལ་འཁེལ་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་སྤུས་ཚད་ཇེ་མཐོར་ཡོང་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ། དམངས་ཀྱི་འཚོ་བ་ལེགས་འགྱུར། མི་རིགས་མཐུན་སྒྲིལ་ལ་ནུས་པ་ཆེན་པོ་ཐོན་ཡོད་སྟབས། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་དེ་ལོ་རྒྱུས་ཐོག་ཆེས་བཟང་བའི་དུས་སྐབས་ཤིག་ལ་འཁེལ་ཡོད། ཅེས་དང་།
ཕྱི་ལོ་༢༠༡༠ ལོའི་ཟླ་ ༩ ཚེས་ ༡༢ ཉིན་ཞིང་ཆེན་ཏིང་ཨུ་དང་ཞིང་ཆེན་སྲིད་འབྱུང་གིས་དུས་རབས་གསར་པའི་ནང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དང་པོ་ཚོགས་ཏེ་རྒྱལ་ཡོངས་སློབ་གསོའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་རང་ཞིང་གི་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་སོ་སོར་གོ་སྒྲིག་བྱས་པའི་སྐབས་དང་བསྟུན་ཏེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ ༢༠༡༠ ནས་ ༢༠༢༠ བར་གྱི་མཚོ་སྔོན་ཞིང་ཆེན་དུས་ཡུན་འབྲིང་རིམ་གྱི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད་ཅེས་པའི་ཡིག་ཆ་དཔར་བ་དང་། དེ་དང་མཉམ་དུ་ཞིང་ཆེན་སྲིད་གཞུང་གིས་སློབ་གསོའི་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་ཞེས་པའི་ཇུས་གཞི་བཏོན་ཡོད་ལ། ༢༠༡༠ ནས་ ༢༠༢༠ བར་དུ་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་གཙོ་གནད་ལས་གཞི་དངོས་འབེབས་བྱེད་པའི་ཇུས་གཞིའི་ཡིག་ཆ་བཟོས་ཡོད། ཞིང་ཆེན་ཡོངས་ཀྱིས་སློབ་གསོའི་ཚོགས་ཆེན་ཚོགས་པ་དེ་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ལ་ཐབས་ལམ་གྱི་གོ་སྐབས་གསར་པ་ཞིག་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས། རྒྱ་ཆེ་བའི་དགེ་རྒན་དང་སློབ་མ་རྣམས་ལ་ཡར་སྐུལ་གྱི་ནུས་པ་བཏོང་ཡོད། ཅེས་བརྗོད་བྱུང་།
ཝིང་ཡེ་པུའུ་ཡིས་འབྱུང་འགྱུར་མཚོ་སྔོན་ཞིང་ཆེན་འོག་གི་ཤེས་རིག་ཐད་ཀྱི་ལས་འཆར་ཁག་ཅིག་ཁྱབ་བསྒྲགས་བྱས་དོན། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དང་། རང་ཞིང་གི་འཆར་འགོད་ཇུས་གཞི་ལྟར་ན། རྗེས་ཕྱོགས་ཀྱི་དུས་ཡུན་ནང་། རང་ཞིང་གི་སློབ་གསོའི་ཇུས་གཞི་འཕེལ་རྒྱས་བྱ་བ་དེ་འབུར་ཐོན་གྱི་གནད་དོན་ཐག་གཅོད་པ་དང་། བར་ཐག་ཇེ་ཉུང་དུ་གཏོང་བ། སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བ་དང་ཁྱད་ཆོས་ཅན་དུ་གཏོང་དགོས་པའི་སྤྱི་ཚོགས་ཀྱི་རེ་བ་ལྟར། སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གནད་དོན་ཤུགས་གང་ཡོད་ཀྱིས་ཐག་གཅོད་བྱ་དགོས་པ་དང་། སློབ་གསོའི་འཕེལ་རྒྱས་འགན་ལེན་གྱི་བྱེད་ཐབས་ཤུགས་ཆེ་རུ་གཏོང་བ། ཐོད་རྒལ་བཞི་མངོན་འགྱུར་དང་རྨང་གཞི་དྲུག མཐོར་འདེགས་གཉིས་སོགས་འགྲུབ་པར་ཤུགས་སྣོན་དགོས།
ཝིང་ཡེ་པུའུ་ཡིས་གོང་གི་ཚིག་དོན་ཁག་ཅིག་བྱེ་བྲག་གིས་འགྲེལ་བཤད་བྱས་དོན། གནད་དོན་འབུར་དུ་ཐོན་པ་ཐག་གཅོད་བྱེད་པ་ནི། དུས་ཡུར་རིང་པོར་རང་ཞིང་གི་སློབ་གསོའི་འཕེལ་རྒྱས་ལ་བར་ཆད་བྱས་མཁན་གྱི་འགལ་བ་གཙོ་བོ་ཐག་གཅོད་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སློབ་གསོའི་འཆར་འགོད་རྩ་གནད་ལག་ལན་མཐར་ཕྱིན་མགོ་རྩོམ་ས་དང་། ཐོད་རྒལ་གྱི་གནས་སུ་ལྷུང་བ་དང་འབུར་དུ་ཐོན་པའི་ཟླ་སྒྲིལ་དང་འབྲེལ་ཏེ། སློབ་གསོ་འཕེལ་རྒྱས་ཀྱི་མིག་འབེན་གཏན་འཁེལ་དང་། སྲིད་བྱུས་དང་ཐབས་ལམ་གཏན་འབེབས་བྱེད་པ། འཕེལ་རྒྱས་ཀྱི་འབྲས་བུ་ལ་བརྟེན་ཏེ། སློབ་གསོ་བྱ་བའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ་དེ་ཡིན།
འཕེལ་རྒྱས་ཀྱིས་མི་འདང་ས་ཇེ་ཉུང་དུ་གཏོང་བ་ཞེས་པ་ནི། རྒྱལ་ཁབ་ཀྱིས་བཏོན་པའི་མིག་འབེན་དང་ལས་འགན་ལ་བསྡུར་ཏེ། དེར་ཡོད་པའི་གནད་དོན་དང་འགོག་རྐྱེན་དབྱེ་ཞིབ་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་བསམ་བློའི་འདུ་ཤེས་བསྒྱུར་དགོས་པ། མིག་སྔའི་ཕན་ཡོན་གྱི་ཆ་རྐྱེན་དང་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཧུར་བརྩོན་ཐོག་འཕེལ་རྒྱས་ཀྱིས་མི་འདང་ས་ཇེ་ཉུང་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྤྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སློབ་གསོ་འཕེལ་རྒྱས་ཀྱི་གོམ་འགྲོས་དེང་རབ་ཅན་ལ་བསྟུན་དགོས་པ་དེ་ཡིན།
སློབ་གསོ་བཅོས་བསྒྱུར་རྒྱ་ཆེར་སྤེལ་བ་ཞེས་པ་ནི། ཞིང་ཆེན་གྱི་རྩ་བའི་གནས་ཚུལ་གཞིར་འཛིན་པ་དང་། སྔོན་ཐོན་གྱི་ཉམས་མྱོང་མིག་དཔེར་འཛིན་པ། གནད་འགག་གི་རིེམ་པ་འབུར་དུ་ཐོན་པ། འགན་ལེན་གྱི་བྱེད་ཐབས་ལ་ཤུགས་སྣོན་པ། ཁྱབ་ཁོངས་གཙོ་བོ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་ཐུགས་འཁུར་ལ་ལན་འདེབས་པ། བྱ་བའི་ཐབས་ལམ་དང་ཤུགས་འདོན་ས་ཡང་དག་འདེམས་པ། སྔོན་ཐོན་དང་ཕུལ་བྱུང་བརྩོན་ལེན་བྱེད་པ། སྔོན་དུ་སྐྱོད་པ་དང་ཚོད་ལྟ་སྔོན་ལ་བྱེད་པ། དུས་ཐོག་ཏུ་ཉམས་མྱོང་བཟང་པོ་སྤྱི་བསྡོམས་དང་ཁྱབ་སྤེལ་གཏོང་བ། ཚད་མཐོ་བའི་སློབ་གསོའི་ནུས་ཤུགས་སྐུལ་སྤེལ་གཏོང་བ་བཅས་ཡིན།
ཁྱད་ཆོས་ཅན་དུ་གཏོང་བ་ཞེས་པ་ནི། ཕྱོགས་ཡོངས་ནས་འཆར་འགོད་ཀྱི་ཕྱོགས་ལ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་དང་ལམ་ལུགས་གསར་བཅོས་ཀྱི་སྲིད་ཇུས་འཛིན་པ། ནང་གི་འཕེལ་རྒྱས་ཀྱི་སྲིད་ཇུས་འཛིན་པ། ཕྱིའི་འཕེལ་རྒྱས་ཀྱི་ལས་གཞི་བསླངས་ཏེ། དོན་དངོས་དང་དམ་པོར་འབྲེལ་ཏེ་བཟང་ཆ་འབུར་དུ་འཐོན་དགོས། སློབ་གྲྭའི་སྒྲིག་གཞི་སྙོམས་སྒྲིག་དང་མཁོ་སྒྲུབ་ཆ་རྐྱེན་ལེགས་བཅོས། སློབ་གསོ་འཁོར་སྐྱོད་བཅོས་བསྒྱུར་དང་མི་རིགས་སློབ་གསོ་འཕེལ་རྒྱས། རིམ་པ་སོ་སོའི་ཤེས་ལྡན་མི་སྣ་གསོ་སྐྱོང་གཙོ་བོར་འཛིན་པ་དང་། ཁྱད་ཆོས་དང་མཐུན་པའི་སློབ་སྒྲུབ་འདུ་ཤེས་དང་། སློབ་སྒྲུབ་ཀྱི་བསམ་གཞིག་བྱེད་སྟངས་གཞུང་ཤིང་དུ་བཟུང་སྟེ། ཆུ་ཚད་མཐོན་པོ་ལྡན་ཞིང་ལོ་རྒྱུས་ཀྱི་བདེན་དཔང་ཐུབ་པའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཏེ། སློབ་གསོའི་ལས་དོན་མཐུན་བསྒྲིགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དེ་ཡིན། ཞེས་བརྗོད་བྱུང་།
ཁོས་མུ་མཐུད་དུ་བསྟན་དོན། ཐོད་རྒལ་བཞི་དང་རྨང་གཞི་དྲུག མཐོར་འདེགས་གཉིས་མངོན་འགྱུར་ཞེས་པའི་བརྗོད་བྱ་གཙོ་བོ་ནི། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྒྲིག་གཞི་སྙོམས་སྒྲིག་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ་ཐོད་རྒལ་གསར་པ་བྱ་དགོས་པ་དང་། སྐད་གཉིས་སློབ་གསོར་བཅོས་བསྒྱུར་དང་ཤུགས་བསྣན་ཏེ་ཐོད་རྒལ་བྱེད་པ། སྟོབས་ཤུགས་ཞན་སར་ཤུགས་བསྣན་ཏེ་ཐོད་རྒལ་བྱེད་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བཏོན་ཏེ་ཐོད་རྒལ་བྱ་དགོས་པ་དང་། ཕྱི་ལོ་ ༢༠༡༢ ལོའི་བར་སློབ་གྲྭ་ཆུང་འབྲིང་གི་གོ་སྒྲིག་སྒྲིག་གཞི་སྙོམས་སྒྲིག་རྨང་གཞིའི་སྟེང་ཡོངས་སུ་འགྲུབ་པར་བྱས་ཏེ། རྨང་གཞི་དང་སློབ་མའི་ཉལ་ཁང་གི་བདེ་འཇགས་དང་རྐྱེན་ངན་མེད་པར་བཟོ་རྒྱུ་མ་ཟད། རྨང་གཞིའི་སྟེང་རྫོང་ནང་ཁུལ་གྱི་འོས་འགན་སློབ་གསོའི་ཐོག་མའི་དོ་མཉམ་མངོན་འགྱུར་བྱ་དགོས། ཕྱི་ལོ་ ༢༠༡༥ ལོའི་བར་དུ་རོང་འབྲོག་ཁུལ་དགེ་རྒན་འཁོར་རྒྱུག་གི་གནད་དོན་ཕལ་ཆེ་བ་ཐག་གཅོད་པ་དང་། ལོ་གཅིག་གི་རྨང་གཞིའི་སློབ་གསོ་དང་། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་རྨང་གཞིའི་དུས་རིམ་སྟེང་ཁྱབ་བརྡལ་དུ་བཏང་སྟེ། མཐོ་རིམ་སློབ་གསོའི་མང་ཚོགས་ཅན་གྱི་ཆུ་ཚད་གོམ་གང་མདུན་སྤོས་ཀྱི་མཐོར་འདེགས་དང་། ལོ་བཅོ་ལྔའི་ཡན་ཆད་གྱི་མི་རེ་སློབ་གསོ་མྱོང་ཚད་ལོ་ལྟར་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་སྤྱི་ཡོངས་ནས་ནུབ་རྒྱུད་ཀྱི་ཆ་སྙོམས་ཆུ་ཚད་ལ་བསླེབ་ཏུ་འཇུག་རྒྱུ། ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་བསླེབ་པར་བརྩོན་ལེན་བྱས་ཏེ། སློབ་གསོ་དེང་རབས་ཅན་དང་། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འགྲུབ་པའི་ཐོག་མའི་ཆ་དེ་མངོན་འགྱུར་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།
ཝིང་ཡེ་པུའུ་ཡིས་དྲི་བ་ཁག་ཅིག་ལ་ལན་འདེབས་བྱས་དོན། མི་རིགས་སློབ་གསོ་འཕེལ་རྒྱས་ཆེན་པོ་བཏང་སྟེ། མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་བཀོལ་སྤྱོད་བྱེད་པ་ནི། ཏང་དང་རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་ལང་ཕྱོགས་ཤིག་ཡིན། དུས་རབས་ཕྱེད་ཙམ་གྱི་འབད་བརྩོན་བརྒྱུད། རང་ཞིང་གི་སྐད་ཡིག་སློབ་གསོའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྨང་གཞིའི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་གྱི་སྐད་གཉིས་སློབ་གསོའི་མ་ལག་རྨང་གཞིའི་སྟེང་བཙུགས་ཟིན་པ་དང་། མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཤེས་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་འབོར་ཆེན་གསོ་སྐྱོང་བྱས་པ་མ་ཟད། ཁོང་ཚོས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོའི་སྟེང་ནུས་པ་གལ་ཆེན་འདོན་བཞིན་ཡོད། ལག་ལེན་ལས་བདེན་དཔང་བྱས་པ་ནི། སྐད་གཉིས་སློབ་གསོས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། མི་དམངས་ཀྱི་འཚོ་བ་བཅོས་བསྒྱུར་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཤུགས་ཆེན་པོས་ཁྱབ་བརྡལ་དུ་གཏོང་དགོས་མོད། འོན་ཀྱང་ང་ཚོས་དེའི་མཉམ་དུ་ཤེས་དགོས་པ་ཞིག་ལ་ཕྱི་རོལ་གྱི་རྒྱུ་རྐྱེན་སྣ་མང་གི་བཀག་རྒྱ་ལ་བརྟེན་ནས་རང་ཞིང་གི་སྐད་གཉིས་སློབ་གསོ་འཕེལ་རྒྱས་གཏོང་བའི་གོ་རིམ་ནང་དུའང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་ཡོད། ཅེས་དང་།
སྐད་གཉིས་སློབ་གསོའི་སྤྱིའི་སྤུས་ཚད་ཅུང་དམའ་བ་དང་། སློབ་མའི་རྒྱ་ཡིག་གི་ཆུ་ཚད་ཞན་པ། སློབ་ཞུགས་ཀྱི་ཚད་ཉུང་བ། བྱ་བའི་ལས་ཀའི་ཚད་དམའ་བ་དང་། རང་སྟེང་གི་མཐུན་རྐྱེན་ནུས་པ་ཞན་པ་བཅས་ཀྱི་ཕྱོགས་དང་། སྐད་གཉིས་སློབ་གསོའི་འཕེལ་རྒྱས་ཀྱི་རྣམ་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས། དེ་བཞིན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་སློབ་གསོ་ལེགས་པོ་ཞིག་འཐོབ་རྒྱུར་རེ་བ་བྱེད་བཞིན་པའི་དགོས་མཁོ་དང་བསྡུར་ན། ད་དུང་མི་འདང་ས་མང་པོ་ཞིག་ཡོད་ལ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་ནང་དོན་དང་། ༢༠༡༠ ནས་ ༢༠༢༠ བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིམ་སློབ་གསོའི་བཅོས་བསྒྱུར་དང་། འཕེལ་རྒྱས་ཀྱི་རྩ་གནད་འཆར་གཞི་གཞིར་བཟུང་སྟེ། དུས་རབས་རྗེས་མའི་ནང་རང་ཞིང་གི་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡིི་གེ་སློབ་ཁྲིད་རྒྱུན་འཁྱོངས་དང་། དེ་དང་མཉམ་དུ་མི་རིགས་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱ་རྒྱུ། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེ་སློབ་ཁྲིད་ཀྱི་སྐད་དུ་བཀོལ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་སློབ་མའི་རྩ་བའི་སྟེང་། རྒྱལ་ཁབ་གཅིག་གྱུར་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེ་དང་། རང་མི་རིགས་ཀྱི་སྐད་དང་ཡི་གེ་བྱང་ཆུབ་ཅིང་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ཡིན། ཞེས་བརྗོད་སོང་།
ད་ཆར་རྒྱ་གཞུང་གིས་གཅིག་གྱུར་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེ་སློབ་ཁྲིད་བྱ་རྒྱུ་གཙོ་གནད་དུ་འཛིན་བཞིན་ཡོད་སྐོར་བརྗོད་དོན། སྐད་གཉིས་སློབ་གསོར་བཅོས་བསྒྱུར་དང་ཤུགས་སྣོན་བྱ་རྒྱུ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱིང་གི་རེ་བ་གཞིར་བཟུང་སྟེ། རང་ཞིང་གི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ཏེ་ཡོངས་སུ་ཐག་གཅོད་དང་བཀོལ་ཁྱབ་བཏང་བ་ཞིག་ཡིན་ལ། ཀྲུང་དབྱིང་གི་རེ་བ་དང་མཐུན་ཞིང་། རྒྱལ་ཁྱབ་ཀྱི་ཁྲིམས་ལུགས་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་རེ་འདུན་ལ་མཐུན་པ་བཅས་ཀྱིས་རང་ཞིང་མི་རིགས་ས་ཁུལ་གྱི་སློབ་གསོ་ལེགས་པོར་འཕེལ་རྒྱས་དང་། ཐོད་རྒལ་གྱི་འཕེལ་རྒྱས། ཚན་རིག་དང་མཐུན་པར་འཕེལ་རྒྱས་འགྲོ་བའི་བྱེད་ཐབས་གལ་ཆེན་ཡིན་སྟབས། དངོས་ཐོག་གི་དོན་སྙིང་ཟབ་མོ་དང་། གཏིང་ཟབ་ཅིང་རྒྱང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན། ཞེས་དང་།
ང་ཚོས་ངེས་པར་དུ་ངོས་ཟིན་ཟབ་མོ་དང་གདེང་ཚོད་ཡོད་པ། རྒྱུས་ལོན་ཡང་དག་བྱས་ཏེ་དོན་དངོས་ཀྱི་སྒོ་ནས་རང་གི་བསམ་བློར་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཆོད་རྒྱའི་གོ་སྒྲིག་དང་གཅིག་གྱུར་བྱ་དགོས་ལ། ལང་ཕྱོགས་གསལ་ལ་རྣམ་འགྱུར་བརྟན་པོ་རྒྱུན་འཁྱོངས་བྱ་དགོས། ང་ཚོའི་དུས་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་ཡིན་པའི་སློབ་གསོ་ལ་ཤུགས་སྣོན་དགོས། གཅིག་ནས་རྒྱལ་སྤྱིའི་གཅིག་གྱུར་གྱི་རྒྱུན་སྲོལ་དང་མཐུན་ལ། རྒྱལ་ནང་ནས་གཅིག་གྱུར་གྱི་སྐད་ཡིག་གཏན་འབེབས་དང་བཀོལ་སྤྱོད་བྱེད་པ་ནི། རྒྱལ་ཁབ་གཅིག་གྱུར་གྱི་མཚོན་རྟགས་རེད། མིག་སྔར་འཛམ་གླིང་སྟེང་གི་མི་རིགས་མང་བའི་རྒྱལ་ཁབ་ཚང་མས་ཁྲིམས་ཐོག་ནས་གཞུང་ཕྱོགས་ཀྱི་སྐད་ཡིག་དེ་རྒྱལ་ཁབ་ཀྱི་སྤྱི་མཐུན་སྐད་ཡིག་སྟེང་གཏན་འབེབས་བྱས་ཡོད་ལ། དེ་བཞིན། སློབ་གྲྭའི་སློབ་ཁྲིད་སྐད་ཡིག་དང་པོ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཞན་པ་ཟུར་ཁྲིད་སྐད་ཡིག་རེད། ཅེས་བརྗོད་སོང་།
ཝིང་གིས་ཐེངས་འདིར་མཚོ་སྔོན་ས་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་བྱས་པ་དེ་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ལ་མཐུན་ལུགས་བསྒྲུབ་དོན། རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས། རྒྱལ་ཁབ་གཅིག་གྱུར་སྐད་ཡིག་བཅའ་ཁྲིམས། སློབ་གསོའི་བཅའ་ཁྲིམས་སོགས་ལའང་མཐུན། རང་རྒྱལ་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་གཏན་འཁེལ་གསལ་བོ་བྱས་ཡོད། སློབ་གྲྭ་དང་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་སློབ་གསོ་སྤེལ་སྐབས། རྒྱལ་ཡོངས་ཀྱི་གཅིག་གྱུར་སྐད་ཡིག་ཁྱབ་བརྡལ་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་། གྲངས་ཉུང་མི་རིགས་ཀྱི་མི་རབས་རྗེས་མ་འཚར་ལོངས་དང་གོང་འཕེལ་འབྱུང་བའི་དགོས་མཁོ་དང་ཡང་མཐུན། རྒྱལ་ཁབ་གྱི་གཅིག་གྱུར་བཀོལ་བའི་སྐད་ཡིག་དེ་སློབ་གསོའི་སྐད་ཡིག་ཏུ་གཏན་འཁེལ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་གཅིག་གྱུར་སྐད་ཡིག་དང་། མི་རིགས་རང་གི་སྐད་ཡིག་ཅུང་སློབ་ཞོར་ལྟ་བུར་བྱང་ཆུབ་པ་བྱུང་ན། གྲངས་ཉུང་མི་རིགས་ཀྱི་སློབ་མ་དེང་རབས་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་པ་དང་། སྤྱི་ཚོགས་རིང་ལུགས་ཁྲོམ་རྭའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་འགྲན་བརྩོད་ནུས་པ་ཇེ་མཐོ་དང་གསོ་སྐྱོང་བྱེད་པར་ཕན་པ་ལྡན་ལ། གྲངས་ཉུང་མི་རིགས་ཀྱི་བྱིས་པ་ལས་བགོས་བྱེད་པར་ཕན་པ་ལྡན་པ་དང་། རིགས་སོ་སོའི་མང་ཚོགས་གོང་འཕེལ་འབྱུང་བ་དང་། འབྱོར་ཕྱུག་ཅན་དུ་འགྱུར་བའི་དགོས་མཁོ་དང་མཐུན། གྲངས་ཉུང་མི་རིགས་ཀྱི་སློབ་མས་སྔར་བས་འཐུས་ཚང་དང་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ཉམས་སུ་མྱོང་ཐུབ་པ་དང་། སློབ་གསོ་གོང་འཕེལ་གྱི་བར་ཐག་ཇེ་ཉེ་རུ་གཏོང་ཐུབ་ལ། གྲངས་ཉུང་མི་རིགས་ཀྱི་མི་རབས་རྗེས་མ་བདེ་ཐང་གིས་འཚར་ལོངས་བྱུང་བར་ཡར་སྐུལ་གྱི་ནུས་པ་ལྡན། ཞེས་བརྗོད་བྱུང་།
ཝིང་ཡེ་པུའུ་ཡིས་རྒྱ་སྐད་དེ་རིམ་བཞིན་རྒྱལ་སྤྱིའི་སྐད་ཡིག་གཙོ་བོ་ཞིག་ཏུ་འགྱུར་དགོས་སྐོར་བརྗོད་དོན། ཚད་ལྡན་གྱི་རྒྱ་སྐད་དང་རྒྱ་ཡིག་ནི་རང་རྒྱལ་གྱི་གཅིག་གྱུར་སྐད་ཡིག་ཡིན་པ་དང་། མི་རིགས་སོ་སོའི་མི་དམངས་ཚོས་འབྲེལ་འདྲིས་བྱེད་པའི་སྐད་ཡིག་གཙོ་བོ་ཡང་ཡིན་སྟབས། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཁྱད་པར་ཅན་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་ཞིང་། རྒྱལ་ཁབ་ཀྱི་གོ་གནས་ཇེ་མཐོར་སོང་བ་དང་བསྟུན་ཏེ། རྒྱལ་ཁབ་ཀྱི་སྤྱི་སྐད་དེ་རིམ་བཞིན་རྒྱལ་སྤྱིའི་སྟེང་གི་སྐད་ཡིག་གཙོ་བོ་ཞིག་ཏུ་འགྱུར་དགོས་པ་རེད། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་དང་། ཚན་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ། ཤེས་བྱའི་རྣམ་གྲངས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁ་སང་དེ་རིང་ལ། རྒྱ་སྐད་མ་སྦྱང་ན་རྒྱལ་ཁབ་ལ་ཁ་ཕྱོགས་དཀའ་བ་དང་། དབྱིན་སྐད་མ་སྦྱང་ན་འཛམ་གླིང་ལ་ཁ་ཕྱོགས་དཀའ་བའི་གནས་ཚུལ་དེར་ཀུན་གྱིས་ཁས་ལེན་ཐོབ་ཡོད། ཅེས་དང་།
མི་རིགས་ཀྱི་སྐད་དང་ཡི་གེ་ནི། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་ཚུལ་དང་འབྲེལ་འདྲིས་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་རྩ་ཁྲིམས་ཁྲོད་གྲངས་ཉུང་མི་རིགས་ཀྱིས་སྐད་དང་ཡི་གེ་བཀོལ་སྤྱོད་ཀྱིས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐག་གཅོད་གསལ་བོ་བྱས་ཡོད་པས་ང་ཚོས་དོན་འཁྱོལ་མཐར་ཕྱིན་པ་ཞིག་བྱ་དགོས། དེ་བས་སྐད་གཉིས་སློབ་གསོ་བཅོས་བསྒྱུར་བྱ་རྒྱུ་དེ་དོན་དངོས་སུ་ཕྱོགས་གང་ཞིག་བྱས་ན་དེའི་ཕྱོགས་ལ་ཤུགས་སྣོན་དགོས་པའི་དོན་ཡིན་པ་ལས། སྐད་ཡིག་གཅིག་གིས་སྐད་ཡིག་གཞན་ཞིག་ཉམས་སུ་འཇུག་རྒྱུའི་དོན་དག་གཏན་ནས་མིན་པར། རྒྱལ་ཁབ་ཀྱི་སྤྱི་སྐད་དང་མི་རིགས་རང་གི་སྐད་ཡིག་དེ་ཕྱོགས་གཉིས་ནས་བཅོས་བསྒྱུར་བྱེད་པ་དང་། ཕྱོགས་གཉིས་ནས་ཤུགས་སྣོན་བྱེད་པར་འབད་བརྩོན་བྱ་དགོས་པ་དེ་རེད། ཅེས་བསྟན་སོང་།
མཚོ་སྔོན་ཞིང་ཆེན་འོག་ནས་སྐད་གཉིས་སློབ་གསོ་བཅོས་བསྒྱུར་བྱ་དགོས་པའི་རྩ་དོན་སྐོར་ལ་བསྟན་དོན། སྐད་གཉིས་སློབ་གསོི་བཅོས་བསྒྱུར་གྱི་ཁ་ཕྱོགས་གསལ་བོ་ཡིན་མོད། འོན་ཀྱང་ལག་ལེན་གྱི་བརྒྱུད་རིམ་རིང་པོ་ཞིག་ཡིན་ལ། བརྒྱུད་རིམ་དེའི་ནང་ངེས་པར་དུ་ཁ་ཕྱོགས་རྒྱུན་འཁྱོངས་དང་གོ་རིམ་ལྡན་ལ་ཁྲིམས་དང་མཐུན་པ། གོམ་སྟབས་བརྟན་པོས་ཁྱབ་བརྡལ་དང་ཆོས་ཉིད་ལ་བརྩི་འཇོག མི་དམངས་ཀྱི་འདོད་མོས་ལ་བརྩི་འཇོག་དང་ཧུར་ཐག་གིས་སྣེ་ཁྲིད་དེ་ཆ་རྐྱེན་གང་ལེགས་བསྐྲུན་རྒྱུ། དྲང་ཕྱོགས་ཀྱི་སྣེ་འཁྲིད་རྒྱུན་འཁྱོངས་ཀྱིས་རིགས་སོ་སོའི་མང་ཚོགས་དང་དགེ་སློབ་ཡོངས་ལ་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་དང་། འཕེལ་རྒྱས་ཀྱི་དོན་སྙིང་ཆེན་པོས་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་དང་། སྐད་ཡིག་སྦྱོང་བའི་བྱིས་པའི་དུས་སྐབས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་གྱིས་སྔོན་འགྲོར་རྒྱ་ཡིག་དང་། མི་རིགས་སྐད་ཡིག་གི་སློབ་ཁྲིད་ལ་ཤུགས་སྣོན་བྱ་རྒྱུ། རྨང་གཞི་དེའི་སྟེང་ས་གནས་མི་འདྲ་བའི་དོན་དངོས་གནས་ཚུལ་གཞིར་བཟུང་སྟེ། ཁྲིམས་ལ་བརྟན་ཞིང་ནུས་ཤུགས་ལྡན་པ། གོ་རིམ་ལྡན་པ་བཅས་ཀྱིས་རང་ཞིང་གི་སྐད་གཉིས་སློབ་གསོ་བཅོས་བསྒྱུར་གཏོང་བར་སྐུལ་འདེད་བྱ་རྒྱུ། སློབ་གསོ་སློབ་ཐོན་གྱི་ཆོས་ཉིད་དང་། སློབ་མའི་སློབ་གསོ་ཡར་སྐུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། སློབ་མ་དང་ཁྱིམ་བདག་གི་རེ་བར་ཉན་རྒྱུ། ཆ་རྐྱེན་འཛོམ་ཚེ་ལག་ལེན་སྐུལ་འདེད་དང་། ཆ་རྐྱེན་མི་འཛོམ་ཚེ་ད་ལྟའི་གནས་སྟངས་བརྩི་འཇོག་བྱེད་པ་ལས་བཙན་འོག་ཏུ་ཐག་གཅོད་དང་། དྲག་ཤུགས་ཀྱི་སྐུལ་སྤེལ་བྱེད་མི་རུང་། དེ་དང་མཉམ་དུ་མུ་མཐུད་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སློབ་ཁྲིད་ལ་གུས་ཞབས་དང་ཤུགས་སྣོན་བྱ་དགོས་ལ། མ་དངུལ་ཇེ་མང་དང་ཆ་རྐྱེན་ཇེ་བཟང་། སློབ་གསོའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་དགོས། སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་ཆེད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ནས་སློབ་གྲྭ་ཆུང་འབྲིང་གི་གྲུབ་ཚུལ་སྙོམས་སྒྲིག་ལས་གཞི་དང་། སློབ་གྲྭ་ཆུང་འབྲིང་གི་ཉལ་ཁང་བདེ་འཇགས་ལས་གཞི་ལག་བསྟར་བྱ་རྒྱུ་ཐག་གིས་བཅད་ཡོད། ཅེས་བརྗོད་སོང།
དེང་སྐབས་བོད་ནང་གི་སློབ་གྲྭ་མང་པོ་ཞིག་གཅིག་གྱུར་དང་ཟླ་སྒྲིལ་གཏོང་གིན་ཡོད་པའི་དགོས་དམིགས་སྐོར་ལ་ཝིང་གིས་བཤད་རྒྱུར། རང་ཞིང་གིས་ཞིང་ཆེན་ཡོངས་ནས་སློབ་གྲྭ་ཆུང་འབྲིང་གི་གྲུབ་ཚུལ་སྙོམས་སྒྲིག་ལས་གཞི་དང་། སློབ་གྲྭ་ཆུང་འབྲིང་གི་བདེ་འཇགས་ལས་གཞི་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། འདི་ལ་སྤྱིའི་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་ ༧༦༠༠༠༠༠༠༠༠ བཏང་བ་ཡིན། འདི་ནི་རང་ཞིང་གི་ལོ་རྒྱུས་སྟེང་མ་དངུལ་བཏང་བ་ཆེས་མང་བའི་སྣ་འཛོམས་རང་བཞིན་གྱི་སློབ་གསོའི་ལས་གཞི་ཞིག་ཡིན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་གཞི། དམངས་མཐུན་ལས་གཞི་གལ་ཆེན་ཞིག་ཡིན། ས་གནས་སོ་སོ་ནས་ཐོན་པའི་སློབ་སྒྲུབ་གྲུབ་ཚུལ་སྙོམས་སྒྲིག་བྱེད་པའི་འཆར་གཞི་ནི། རིམ་པ་སོ་སོའི་ས་གནས་སྲིད་གཞུང་གིས་ཡང་དང་བསྐྱར་དུ་ཞིབ་འཇུག་དཔྱད་བསྡུར་བྱས་པའི་རྨང་གཞིའི་སྟེང་ནས་བཏོན་པ་ཡིན་ལ། དེའི་ཁྲོད་ཀྱི་མི་རིགས་སློབ་གྲྭ་མཉམ་འདུག་བྱེད་པའི་ཟླ་སྒྲིལ་དེའི་དམིགས་ཡུལ་གཙོ་བོ་ནི། སྤུས་བཟང་སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་གིས་རྒྱ་ཆེ་བའི་སྒོ་ནས་སློབ་གྲྭ་བསྒྲུབ་པ་དང་། ཚད་ལྡན་གྱི་སྒོ་ནས་སློབ་གྲྭ་བསྒྲུབ་པར་སྐུལ་འདེད་བཏང་སྟེ། སློབ་གསོའི་སྤུས་ཀ་དང་། སློབ་སྒྲུབ་ཐད་ནས་མཐོར་འདེགས་གཏོང་བ་དང་། རིགས་སོ་སོའི་སློབ་མ་རྣམས་ཀྱིས་ཕན་ཚུན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་སྐུལ་མ་གཏོང་བ། གོམ་གང་མདུན་སྤོས་ཀྱིས་མཐུན་སྒྲིལ་དང་མཛའ་བརྩེ་ཇེ་དམ་དུ་གཏོང་རྒྱུའི་ཆེད་དུ་ཡིན། མི་རིགས་སློབ་གྲྭ་མཉམ་འདུག་བྱས་པའི་ཐད། མཉམ་འདུག་བྱེད་མི་བྱེད་དང་། ཇི་ལྟར་བྱེད་པའི་ཐད་ལ་ཞིང་ཆེན་གྱི་སྲིད་ཇུས་ནང་ཁ་གསལ་ཁུངས་དག་ཡིན། ཡོངས་ཁྱབ་མཉམ་འདུག་བྱེད་པའི་རེ་འདུན་དྲག་པོ་མེད་པར་མ་ཟད། བཙན་གྱིས་མཉམ་འདུག་བྱེད་པའང་མིན་པར་ཡུལ་བབ་དང་བསྟུན་ཏེ། སློབ་གྲྭ་མཉམ་འདུག་བྱེད་པ་ལས་འཛིན་གྲྭ་ཁ་ཁ་སོགས་ཀྱི་ཐབས་ལམ་མང་པོ་སྤྱད་ཆོག་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཅུང་མང་བའི་སློབ་གྲྭ་དག་ཏུ་གྲངས་ཉུང་མི་རིགས་ཀྱི་འཛིན་གྲྭའང་འཛུགས་ཆོག་པ་ཡིན། ཞེས་བརྗོད་བྱུང་།
མཇུག་མཐར་ཝིང་ཡེ་པུའུ་ཡིས་བོད་ཁུལ་གྱི་སྐད་ཡིག་བཅོས་བསྒྱུར་དེས་དགེ་རྒན་ཚོར་ཕོག་ཐུག་འགྲོ་མིན་སྐོར་བརྗོད་དོན། སྐད་གཉིས་སློབ་གསོ་བཅོས་བསྒྱུར་གྱི་འཕེལ་རྒྱས་དེས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་རེ་བ་གསར་པ་དང་། རེ་བ་མཐོན་པོ་བཅིངས་ཡོད། དེ་ནི་རང་ཞིང་གི་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་བྱེད་པའི་གནད་འགག་ཀྱང་ཡིན། ང་ཚོས་སྐད་གཉིས་དགེ་རྒན་གྱི་དཔུང་སྡེ་འཛུགས་བསྐྲུན་ལ་ཤུགས་བསྣན་ཏེ། སྐད་གཉིས་དགེ་རྒན་གྱི་གྲངས་ཀ་ཉུང་བ་དང་། སྤུས་ཀ་ཞན་པའི་གནས་ཚུལ་ཐག་གཅོད་བྱ་དགོས་པར་མ་ཟད། དོན་དངོས་བབ་བསྟུན་དང་། བསམ་བློ་གཅིག་གྱུར་བྱས་ཏེ། མི་འདང་ས་ཁ་གསབ་དང་གསོ་སྦྱོང་ཇེ་མང་ཇེ་ལེགས། ཆེད་དམིགས་ཟབ་སྦྱོང་དང་། སྐུལ་འདེད་རང་བཞིན་གྱི་ཐབས་ཤེས་བཅས་སྤྱད་དེ། གསོ་སྦྱོང་བརྒྱུད་དགེ་རྒན་གྱི་ནུས་པ་ཇེ་མཐོར་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། ལྷག་པར་དུ་བསམ་གཞིག་བྱ་དགོས་པ་ཞིག་ནི། སྐད་གཉིས་ཀྱི་སློབ་གསོ་བཅོས་བསྒྱུར་དེ་དགེ་རྒན་ཁག་ཅིག་དང་། དེ་དང་འབྲེལ་བའི་མི་སྣ་དག་གི་ཁེ་ཕན་ལ་ཐུགས་ཡོད་མོད། དེར་སྐད་ཡིག་གནད་དོན་རྐྱེན་བྱས་ཏེ་དགེ་རྒན་གྱི་ལས་གནས་དང་བྲལ་མི་དགོས་ལ། དེ་ལས་གཞན་ཟླ་ཕོགས་དང་ཕན་བདེ་ཐོབ་ཐང་སོགས་ལའང་ཤུགས་རྐྱེན་ཐེབས་མི་སྲིད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
མཚོ་སྔོན་གྱི་རྒྱ་དཔོན་དེས་རྒྱ་སྐད་མ་ཤེས་ན་རྒྱལ་ཁབ་ལ་ཁ་ཕྱོགས་མི་ཐུབ། དབྱིན་སྐད་མ་ཤེས་ན་འཛམ་གླིང་ལ་ཁ་ཕྱོགས་མི་ཐུབ་ཟེར་བ་དེ་བོད་སྐད་སློབ་མི་དགོས་པའི་རྒྱུ་མཚན་དུ་བཀོད་ཁུལ་བྱེད་པ་མཐོང་དུས་ང་གད་མོ་ཞིག་ཤོར་བྱུང་། དེ་ན་བོད་སྐད་མ་ཤེས་ན་མི་རིགས་ལ་ཁ་ཕྱོགས་ག་ལ་ཐུབ། མི་རིགས་ལ་ཁ་ཕྱོགས་མ་ཐུབ་ན་མི་རིགས་ཀྱི་ལས་དོན་ག་འདྲ་བྱས་ནས་བསྒྲུབ་དགོས། མི་རིགས་ཀྱི་ལས་དོན་ཙམ་ཡང་བསྒྲུབ་མ་ཐུབ་ན་རྒྱལ་ཁབ་དང་འཛམ་གླིང་ལ་ཇི་ལྟར་ཕྱོགས་རྒྱུ་ཡིན་ནམ།
གཤམ་དུ་གསར་འགོད་པའི་དྲི་བ་ཞིག་ལ་ལྦང་ཡུ་པོས་ལན་འདེབས་བྱས་པ་ཞིག་དྲྭ་གྲོགས་ཤིག་གི་རེ་བ་ལྟར་བདག་གིས་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་ཡོད།
གསར་འགོད་པས། རང་ཞིང་གི་༼སྐད་གཉིས༽་སློབ་གསོ་བཅོས་བསྒྱུར་ལག་བསྟར་བྱེད་པའི་རྩ་བའི་རྩ་དོན་དེ་གང་ཡིན་ནམ།
ལྦང་ཡུ་པོས། ༼སྐད་གཉིས༽་སློབ་ཁྲིད་བཅོས་བསྒྱུར་གྱི་ཁ་ཕྱོགས་ངེས་གཏན་ཟིན་པ་ཡིན། ཡིན་ན་ཡང་། དེ་ལག་ལེན་དུ་བསྟར་བར་རིམ་བགྲོད་ཀྱི་གོ་རིམ་ཞིག་བརྒྱུད་དགོས་པ་སྟེ། འགྲུབ་སླ་བ་ཞིག་གཏན་ནས་མིན། བརྒྱུད་རིམ་དེའི་ཁྲོད་དུ་ངེས་པར་དུ་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཁྲིམས་ལྟར་གོ་རིམ་ལྡན་པ། ཡུལ་བབ་དང་བསྟུན་པ། གོམ་པ་བརྟན་པོས་སྐུལ་འདེད། ཆོས་ཉིད་བརྩི་སྲུང་། རེ་འདུན་བརྩི་བཀུར། ཧུར་བརྩོན་གྱིས་སྣེ་ཁྲིད་པ། ཆ་རྐྱེན་བསྐྲུན་པ་བཅས་ཀྱི་རྩ་འཛིན་སྲུང་དགོས་ལ། དྲང་ངོས་ནས་སྣེ་ཁྲིད་པར་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་མི་དམངས་དང་དགེ་སློབ་ཚང་མས་༼སྐད་གཉིས༽་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གལ་གནད་ཤེས་རྟོགས་ཐུབ་པ་བྱེད་དགོས། དེར་མ་ཟད། བྱིས་པའི་དུས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་དེ་བེད་སྤྱོད་ཀྱིས་རྒྱ་ཡིག་དང་མི་རིགས་ཀྱི་སྐད་ཡིག་སློབ་པར་ཤུགས་སྣོན་བརྒྱག་དགོས། རྨང་གཞི་དེའི་སྟེང་། ས་ཁུལ་མི་འདྲ་བའི་དངོས་ཡོད་གནས་ཚུལ་ལ་བསྟུན་ཏེ། བཅའ་ཁྲིམས་ལྟར་ནུས་པ་ལྡན་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཅས་ཀྱིས་རང་ཞིང་གི་༼སྐད་གཉིས༽་སློབ་གསོར་བཅོས་བསྒྱུར་བྱེད་དགོས། སློབ་གསོའི་སློབ་ཁྲིད་ཀྱི་ཆོས་ཉིད་དང་སློབ་མའི་སློབ་སྦྱོང་གི་འཚར་ལོངས་དང་ལེན་བྱེད་དགོས། སློབ་མ་དང་ཁྱིམ་བདག་གི་བསམ་ཚུལ་དང་རེ་འདུན་ལ་གང་ལེགས་ཀྱིས་ཉན་པ་དང་བརྩི་འཇོག་ཞུ་དགོས། ཆ་རྐྱེན་འཛོམས་སར་བདེ་བླག་ངང་སྐུལ་འདེད་དང་། ཆ་རྐྱེན་མི་འཛོམས་སར་དངོས་ཡོད་གནས་ཚུལ་ལ་བརྩི་འཇོག་བྱས་ཏེ། གྲི་གཅིག་གིས་ཚང་མ་གཏུབ་པའི་མཁྲེགས་བཟུང་གི་ལྟ་བ་མི་འཛིན་པར་སྐུལ་འདེད་གཏོང་དགོས། དེ་དང་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་དང་མཐོར་འདེགས་གཏོང་དགོས། མ་རྩ་མང་དུ་གཏོང་བ་དང་ཆ་རྐྱེན་ལེགས་བཅོས། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་དགོས། །
记者:请问我省实施“双语”教育改革的基本原则是什么?
王予波:
“双语”教学改革的方向已经明确,但实施是一个渐进的过程,不是一蹴而就的。在这个过程中,必须体现坚持方向、依法有序,因地制宜、稳步推进,遵循规律、尊重意愿,积极引导、创造条件的原则。要坚持正面引导,使各族群众和师生了解“双语”教育改革发展的重大意义。要充分利用幼儿时期这一学习语言的最佳阶段,加强学前汉语和民族语文教学。在此基础上,根据不同地区实际情况,依法有力、有序推进我省“双语”教育改革。要遵循教育教学规律和学生学习成长规律,充分听取并尊重学生和家长的意见建议,条件成熟的顺势推进,条件不成熟的尊重现状,不搞一刀切,不搞硬性推进。同时要继续加强和改进少数民族语文教学,加大投入,改善条件,提高教育质量。
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐད་གཉིས་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཟེར་བ་དེ་ནི་གྲངས་ཉུང་མི་རིགས་རྣམས་ཀྱི་དངོས་ཡོད་བསམ་བློའི་འདོད་ཚུལ་དང་མི་མཐུན་ཞིང་། རྒྱལ་ཁབ་དང་མི་རིགས་ཀྱི་བཅའ་ཁྲིམས་ལ་རྒྱབ་འགལ་བྱས་པ། མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་སྒྲིལ་ལ་གནོད་སྐྱོན་བཅས་བཏང་ཡོད་དེ། དེ་ནི་རྒྱ་ནག་རང་གི་《མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།》ཞེས་པ་དང་དངོས་སུ་རྒྱབ་འགལ་བྱས་ཡོད་པ་འཛམ་གླིང་མི་དམངས་རྣམས་ཀྱི་མིག་ལམ་དུ་མཐོང་ཆོས་སུ་གྱུར་ཡོད། བོད་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་བཀོལ་སྤྱོད་བྱེད་པ་དང་རྒྱལ་ཁབ་ཀྱི་སྐད་ཡིག་གཅིག་གྱུར་ཟེར་བ་དེ་ནི་བོད་རིགས་མང་ཚོགས་ལ་མགོ་སྐོར་གཏོང་པའི་སྲིད་ཇུས་ངན་པ་ཞིག་སྟེ། རང་རེའི་རིག་གཞུང་དང་། སྐད་ཡིག གོམས་གཤིས་ལ་སོགས་རྩ་མེད་དུ་བཏང་ནས་བོད་ཀྱི་མི་རབས་རྗེས་མ་རྣམས་རྒྱ་རིགས་སུ་བསྒྱུར་པའི་དམིགས་རྒྱང་རིང་བོའི་ཐབས་ཇུས་ངན་པ་ཞིག་ཡིན་ནོ། །
སྙན་པོ་ཞེ་དྲགས་བཤད་འདུག།ད་དུང་དེ་ལས་སྙན་པ་ཞིག་ནི་སློབ་མ་དང་ཁྱིམ་བདག་གིས་རེ་བ་ལ་ཉན་རྒྱུ་དང་དྲག་ཤུགས་དང་བཙན་འོག་ཏུ་ཐག་གཅོད་མི་རུང་ཟེར།དེ་འདྲས་སྙན་པ་ལ་ཨང་།སློབ་མ་དང་ཁྱིན་བདག་ལ་འདོད་པ་མེད་ནས་སྐད་འབོད་བྱས་པ་མ་རེད་དམ།དེ་ལྟར་ཤེས་བཞིན་དུ་ངོ་ཚ་མེད་པའི་གཏམ་བཤད་དེ་ནི་རྒྱ་གོ་ཁྲིན་གཏམ་བཤད་བཅོས་མེད་དེ་རེད།
སློབ་གྲྭ་མཉམ་འདུག་ཟེར་བ་དེ་ནི་བོད་ས་ཁུལ་ལ་སློབ་གྲྭ་ཉུང་དུ་གཏང་ཡག་དང་གྲོང་གསེབ་པ་ཚོ་ཡིག་སྨོངས་བཟོ་ཡག་གི་ཐབས་ཤིག་མ་རེད་པས།
བརྒྱ་བཤད་སྟོང་བཤད་རུང་རྒྱ་སྤྲང་ཁོ་རང་ཚོས་བསམ་བཞིན་མ་འགྲུབ་ན་བཞག་ལེ་མ་རེད།
ཁ་སང་གུས་པའི་དྲ་ཐོག་ནས་མཚོ་སྔོན་ནས་ཡིན་པའི་སློབ་ཕྲུག་བུ་མོ་ཞིག་ལ་གླེང་མོལ་བྱས་པ་ཡིན། སློབ་ཕྲུག་དེས་གཤམ་གྱི་དོན་ཚན་འདི་གསར་འགོད་གསལ་བསྒྲགས་ནང་གི་དོན་ཚན་གལ་ཆེན་དེ་ཡིན་པ་དང་། སློབ་ཕྲུག་ཚོར་རྒྱལ་ཁ་ཐོབ་ཡོད་ཚུལ་གསུངས་སོང་། གསར་འགོད་པས་བོད་བསྒྱུར་གནང་ཐུབ་ན་ཡག་ཤོས་ཆེ་བས། འདིར་བཀོད་ཡོད། རྒྱལ་ཁ་ལོན་ཡོད་མེད་ལ་དྲ་མཁན་ལྷན་རྒྱས་ནས་བགྲོ་གླེང་གནང་རོགས།
记者:请问我省实施“双语”教育改革的基本原则是什么?
王予波:
“双语”教学改革的方向已经明确,但实施是一个渐进的过程,不是一蹴而就的。在这个过程中,必须体现坚持方向、依法有序,因地制宜、稳步推进,遵循规律、尊重意愿,积极引导、创造条件的原则。要坚持正面引导,使各族群众和师生了解“双语”教育改革发展的重大意义。要充分利用幼儿时期这一学习语言的最佳阶段,加强学前汉语和民族语文教学。在此基础上,根据不同地区实际情况,依法有力、有序推进我省“双语”教育改革。要遵循教育教学规律和学生学习成长规律,充分听取并尊重学生和家长的意见建议,条件成熟的顺势推进,条件不成熟的尊重现状,不搞一刀切,不搞硬性推进。同时要继续加强和改进少数民族语文教学,加大投入,改善条件,提高教育质量。
༼ ཝིང་ཡེ་པུའུ་ཡིས་གནད་དོན་ ༨ གསལ་བཤད་བྱས་འདུག ༽
དང་པོ། “ སྐད་གཉིས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡིི་གེ་སློབ་ཁྲིད་རྒྱུན་འཁྱོངས་དང་། དེ་དང་མཉམ་དུ་མི་རིགས་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱ་རྒྱུ། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེ་སློབ་ཁྲིད་ཀྱི་སྐད་དུ་བཀོལ་རྒྱུ་དེ་ཡིན”
གཉིས་པ། “སྐད་གཉིས་སློབ་གསོར་བཅོས་བསྒྱུར་དང་ཤུགས་སྣོན་བྱ་རྒྱུ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱིང་གི་རེ་བ་གཞིར་བཟུང་སྟེ། རང་ཞིང་གི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ཏེ་ཡོངས་སུ་ཐག་གཅོད་དང་བཀོལ་ཁྱབ་བཏང་བ་ཞིག་ཡིན་ལ། ཀྲུང་དབྱིང་གི་རེ་བ་དང་མཐུན་ཞིང་། རྒྱལ་ཁྱབ་ཀྱི་ཁྲིམས་ལུགས་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་རེ་འདུན་ལ་ཡང་མཐུན”
གསུམ་པ། “ང་ཚོའི་དུས་ལ་རྒྱལ་ཁབ་གཅིག་གྱུར་ཡིན་པའི་སློབ་གསོ་ལ་ཤུགས་སྣོན་དགོས། གཅིག་ནས་རྒྱལ་སྤྱིའི་གཅིག་གྱུར་གྱི་རྒྱུན་སྲོལ་དང་མཐུན་ཞིང་། རྒྱལ་ནང་ནས་གཅིག་གྱུར་གྱི་སྐད་ཡིག་གཏན་འབེབས་དང་བཀོལ་སྤྱོད་བྱེད་པ་ནི། རྒྱལ་ཁབ་གཅིག་གྱུར་གྱི་མཚོན་རྟགས་རེད། མིག་སྔར་འཛམ་གླིང་སྟེང་གི་མི་རིགས་མང་བའི་རྒྱལ་ཁབ་ཚང་མས་ཁྲིམས་ཐོག་ནས་གཞུང་ཕྱོགས་ཀྱི་སྐད་ཡིག་དེ་རྒྱལ་ཁབ་ཀྱི་སྤྱི་མཐུན་སྐད་ཡིག་སྟེང་གཏན་འབེབས་བྱས་ཡོད་ལ། དེ་བཞིན། སློབ་གྲྭའི་སློབ་ཁྲིད་སྐད་ཡིག་དང་པོ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཞན་པ་ཟུར་ཁྲིད་སྐད་ཡིག་རེད”
བཞི་བ། “ རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས། རྒྱལ་ཁབ་གཅིག་གྱུར་སྐད་ཡིག་བཅའ་ཁྲིམས། སློབ་གསོའི་བཅའ་ཁྲིམས་སོགས་ལའང་མཐུན། རང་རྒྱལ་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་གཏན་འཁེལ་གསལ་བོ་བྱས་ཡོད། སློབ་གྲྭ་དང་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་སློབ་གསོ་སྤེལ་སྐབས། རྒྱལ་ཡོངས་ཀྱི་གཅིག་གྱུར་སྐད་ཡིག་ཁྱབ་བརྡལ་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་། གྲངས་ཉུང་མི་རིགས་ཀྱི་མི་རབས་རྗེས་མ་འཚར་ལོངས་དང་གོང་འཕེལ་འབྱུང་བའི་དགོས་མཁོ་དང་ཡང་མཐུན ”
ལྔ་བ། “ཚད་ལྡན་གྱི་རྒྱ་སྐད་དང་རྒྱ་ཡིག་ནི་རང་རྒྱལ་གྱི་གཅིག་གྱུར་སྐད་ཡིག་ཡིན་པ་དང་། མི་རིགས་སོ་སོའི་མི་དམངས་ཚོས་འབྲེལ་འདྲིས་བྱེད་པའི་སྐད་ཡིག་གཙོ་བོ་ཡང་ཡིན་སྟབས། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཁྱད་པར་ཅན་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་ཞིང་། རྒྱལ་ཁབ་ཀྱི་གོ་གནས་ཇེ་མཐོར་སོང་བ་དང་བསྟུན་ཏེ། རྒྱལ་ཁབ་ཀྱི་སྤྱི་སྐད་དེ་རིམ་བཞིན་རྒྱལ་སྤྱིའི་སྟེང་གི་སྐད་ཡིག་གཙོ་བོ་ཞིག་ཏུ་འགྱུར་དགོས་པ་རེད”
དྲུག་པ། “རང་ཞིང་གིས་ཞིང་ཆེན་ཡོངས་ནས་སློབ་གྲྭ་ཆུང་འབྲིང་གི་གྲུབ་ཚུལ་སྙོམས་སྒྲིག་ལས་གཞི་དང་། སློབ་གྲྭ་ཆུང་འབྲིང་གི་བདེ་འཇགས་ལས་གཞི་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། འདི་ལ་སྤྱིའི་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་ ༧༦༠༠༠༠༠༠༠༠ བཏང་བ་ཡིན། འདི་ནི་རང་ཞིང་གི་ལོ་རྒྱུས་སྟེང་མ་དངུལ་བཏང་བ་ཆེས་མང་བའི་སྣ་འཛོམས་རང་བཞིན་གྱི་སློབ་གསོའི་ལས་གཞི་ཞིག་ཡིན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་གཞི། དམངས་མཐུན་ལས་གཞི་གལ་ཆེན་ཞིག་ཡིན”
བདུན་པ། “མི་རིགས་སློབ་གྲྭ་མཉམ་འདུག་བྱས་པའི་ཐད། མཉམ་འདུག་བྱེད་མི་བྱེད་དང་། ཇི་ལྟར་བྱེད་པའི་ཐད་ལ་ཞིང་ཆེན་གྱི་སྲིད་ཇུས་ནང་ཁ་གསལ་ཁུངས་དག་ཡིན། ཡོངས་ཁྱབ་མཉམ་འདུག་བྱེད་པའི་རེ་འདུན་དྲག་པོ་མེད་པར་མ་ཟད། བཙན་གྱིས་མཉམ་འདུག་བྱེད་པའང་མིན་པར་ཡུལ་བབ་དང་བསྟུན་ཏེ། སློབ་གྲྭ་མཉམ་འདུག་བྱེད་པ་ལས་འཛིན་གྲྭ་ཁ་ཁ་སོགས་ཀྱི་ཐབས་ལམ་མང་པོ་སྤྱད་ཆོག་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཅུང་མང་བའི་སློབ་གྲྭ་དག་ཏུ་གྲངས་ཉུང་མི་རིགས་ཀྱི་འཛིན་གྲྭའང་འཛུགས་ཆོག་པ་ཡིན”
བརྒྱད་པ། “སྐད་གཉིས་ཀྱི་སློབ་གསོ་བཅོས་བསྒྱུར་དེ་དགེ་རྒན་ཁག་ཅིག་དང་། དེ་དང་འབྲེལ་བའི་མི་སྣ་དག་གི་ཁེ་ཕན་ལ་ཐུགས་ཡོད་མོད། དེར་སྐད་ཡིག་གནད་དོན་རྐྱེན་བྱས་ཏེ་དགེ་རྒན་གྱི་ལས་གནས་དང་བྲལ་མི་དགོས་ལ། དེ་ལས་གཞན་ཟླ་ཕོགས་དང་ཕན་བདེ་ཐོབ་ཐང་སོགས་ལའང་ཤུགས་རྐྱེན་ཐེབས་མི་སྲིད”