མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་སློབ་མའི་རྒྱབ་ལངས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༤  ཉིན་གྱི་དགོང་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་དང་བོད་གཞུང་སློབ་གྲྭ རྒྱ་གར་དབུས་གཏན་སློབ་བཅས་མཉམ་འབྲེལ་ཐོག ཉིན་འདི་གར་བོད་ནང་གི་སློབ་ཕྲུག་ཚོས་སྐད་ཡིག་སྲུང་སྐྱོབ་ཐད་ཁྲོམ་སྐོར་སྐད་འབོད་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་ཐད། གདོང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག སྐབས་དེར་སློབ་གྲྭ་ཁག་གསུམ་གྱི་སློབ་ཕྲུག་ ༦༠༠ ལྷག་སྦེལ་ཀོབ་བྱང་ཆུབ་མཆོད་རྟེན་མདུན་ཐང་དུ་འཛོམས་ཏེ། རྒྱ་གཞུང་གིས་བོད་པའི་སྐད་ཡིག་རིག་གཞུང་བཀག་སྡོམ་མཚསམ་འཇོག་བྱ་དགོས། ང་ཚོ་བོད་ནང་སློབ་ཕྲུག་ཚོའི་རྒྱབ་ཏུ་ལངས་ཡོད། མི་རིགས་འདྲ་མཉམ། སྐད་ཡིག་འདྲ་མཉམ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་མར་མེ་ཁྲོམ་སྐོར་བྱས་ཡོད་འདུག 

 

གོང་གི་གནས་ཚུལ་དེའི་སྐོར་ཁ་པར་བརྒྱུད་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་ཟུར་བློ་བཟང་ཡེ་ཤེས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་སྦེལ་ཀོབ་བོད་ཁྱིམ་དང་རྒྱ་གར་དབུས་ཉིན་སློབ། བོད་གཞུང་གཏན་སློབ་བཅས་ཀྱི་འཛིན་གྲྭ་མཐོ་བའི་སློབ་མ་རྒན་པ་ཁག་ཅིག་དང་། སློབ་གྲྭའི་འགན་བདག་སྐོར་ཞིག་གི་གོ་སྒྲིག་འོག སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་གྱི་མདུན་ཐང་དུ་སློབ་གྲྭ་ཁག་གསུམ་གྱི་སློབ་མ་ ༦༠༠ ཙམ་འཛོམས་ཏེ། བོད་ནང་གི་སློབ་ཕྲུག་ཚོའི་འོས་ལངས་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་ཆེད་མར་མེ་ཁྲོམ་སྐོར་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་སོང་།

 

ལས་འགུལ་དེའི་ཐོག་མར་དབུས་ཉིན་སློབ་ཀྱི་འགན་བདག་བདེ་སྐྱིད་མཚོ་མོས་ལས་རིམ་ངོ་སྤྲོད་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་སོང་། དེའི་རྗེས་བོད་ཁྱིམ་གྱི་སློབ་མ་དབང་རྒྱལ་ལགས་ཀྱིས་བོད་སྐད་དང་སློབ་བུ་བསྟན་འཛིན་ལྷ་མོ་ལགས་ཀྱིས་དབྱིན་སྐད་ཐོག ཐེངས་འདིར་སློབ་ཕྲུག་རྐྱང་པའི་ངོས་ནས་མར་མེ་ཁྲོམ་སྐོར་བྱེད་དགོས་པའི་རྒྱུ་མཚན་ནི། ད་ཆར་བོད་ནང་དུ་སོ་སོའི་མི་རིགས་ཀྱི་སྐད་ཡིག་གི་ཆེད་དུ་སློབ་ཕྲུག་སྟོང་ཕྲག་མང་པོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱིན་ཡོད་པ་རེད། དེ་ནི་ཆབ་སྲིད་དང་མ་འབྲེལ་བའི་ཐོག་ནས་སོ་སོའི་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་རེད། ང་ཚོས་ཀྱང་ངེས་པར་དུ་དེ་ལ་གདུང་སེམས་མཉམ་སྐྱེད་དང་། མཐུན་སྒྲིལ་དཔུང་རྡང་གཅིག་གྱུར་གྱི་ལས་འགུལ་སྤེལ་དགོས་པ་རེད། སྐད་དང་ཡི་གེ་ནི་མི་རིགས་དེའི་སྲོག་རྩ་ཡིན་སྟབས། སྐད་ཡིག་གི་བདག་དབང་ཡོངས་སུ་ཤོར་བ་ཡིན་ན། ཉི་མ་དེ་ནས་བཟུང་མི་རིགས་དེ་ཡང་མི་རིགས་གཞན་གྱི་གནོན་བཙིར་འོག་ཤུལ་མེད་དུ་ཆགས་འགྲོ་བ་རེད་ཟེར་ནས་གཏམ་བཤད་གནང་སོང་། ཞེས་ངོ་སྤྲོད་གནང་བྱུང་།

 

གསར་འགོད་པས་ཁོང་ལ། ཉིན་འདི་འགར་བོད་ནང་གི་ས་གནས་མང་པོ་ཞིག་ཏུ་བོད་རིགས་སློབ་མ་ཚོས་སྐད་ཡིག་གི་ཐོབ་ཐང་ཆེད། ཁྲོམ་སྐོར་སྐད་འབོད་བྱེད་ཀྱིན་ཡོད་པའི་ཐད་གཟིགས་ཚོར་གང་འདྲ་ཡོད་སྐོར་དྲིས་པར་ཁོང་གིས། ང་རང་གིས་ལས་འགུལ་འདི་ཧ་ཅང་གི་གལ་ཆེན་པོ་རེད་བསམ་ཡོད། འོན་ཀྱང་། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མི་སྲིད་པ་མ་རེད། སྤྱིར་ཐེངས་འདིའི་ལས་འགུལ་གྱི་ངོ་བོ་ཧ་ཅང་ཡག་པོ་རེད། ཉ་དང་ཉུང་མ་མཉམ་བསྲེས་བྱས་ཡོད་པ་མ་རེད། སློབ་ཕྲུག་རྐྱང་པས་འགན་ཁུར་ཏེ་སྐད་ཡིག་ཁོ་ནའི་བདག་དབང་གླེང་གི་ཡོད་པ་རེད། དེ་བཞིན་དུ་བཙན་བྱོལ་ནས་ཀྱང་སློབ་ཕྲུག་རྐྱང་པས་འགན་བླངས་ཏེ་ལས་འགུལ་སྤེལ་བ་རེད། འདི་སྐད་ཡིག་སྲུང་སྐྱོབ་གཅིག་པུ་མ་རེད། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་མཚོན་ཐུབ་ཀྱི་ཡོད་ལ། བོད་ཕྱི་ནང་གཉིས་གཅིག་གི་རྒྱབ་ཏུ་གཅིག་ལངས་ཡོད་པ་སྟོན་གྱི་ཡོད། ཅེས་བརྗོད་སོང་།

 

ཡང་ཁོང་ལ་བོད་ནང་གི་སློབ་ཕྲུག་ཚོའི་ལས་འགུལ་དེའི་ཐད། བཙན་བྱོལ་གཞུང་དམངས་ཀྱི་ངོས་ནས་ལས་དོན་གང་འདྲ་བྱ་དགོས་མིན་དྲིས་པར། སྦྱིར་བཏང་གཟབ་ནན་བྱ་རྒྱུ་གལ་ཆེན་པོ་རེད། བོད་ནང་གི་སློབ་ཕྲུག་ཚོའི་རེ་འདུན་ལ་དོ་ཕོག་མ་འགྲོ་བ་ཞིག་བྱ་དགོས་པ་རེད། འོན་ཀྱང་། ང་ཚོ་གྲགས་མེད་འགུལ་མེད་དུ་བསྡད་ན་འགྲིག་གི་ཡོད་པ་མ་རེད། ཁོང་ཚོས་རྩོད་རྒྱུ་དེ་བོད་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་རེད། དེ་རྒྱ་ནག་གི་ཁྲིམས་ཀྱིས་སྲུང་སྐྱོབ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཞིག་ཆགས་ཡོད། ང་ཚོས་ཀྱང་དེ་དང་མཐུན་པའི་ལས་འགུལ་ཞིག་མ་སྤེལ་བ་ཡིན་ན། ང་ཚོས་བོད་ནང་གི་སྐུ་ཚབ་མཚོན་ཀྱི་ཡོད་ཟེར་བ་དེ་ཏག་ཏག་བསྡད་ཡོད་པ་མ་རེད། ང་རང་གི་བསམ་པར། བོད་གཞུང་ཤེས་རིག་ལས་ཁུངས་གཙོས་པའི་བཙན་བྱོལ་ནང་གི་དགེ་རྒན་དང་། སློབ་ཕྲུག་མཉམ་རུབ་ཐོག་ཆབ་སྲིད་དང་མ་འདྲེས་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད་དྲན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 12

  1. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    ལྷ་ས་དང་དར་མདོའི་སློབ་མའི་ངོ་རྒོལ།
    ༄། །ལྷ་ས་དང་དར་རྩེ་མདོའི་སློབ་མའི་ངོ་རྒོལ།
    ༈ ང་དང་གྲོགས་པོ་ཚོས་མདུན་ལམ་དེ་དེད་ནས་ལྷ་སའི་བར་སྐོར་ནང་། གཡས་སྐོར་གྱིས་སྐྱོད་བཞིན་པའི་སྐབས་ཤིག་ངའི་ལག་ཁྱེར་ཁ་པར་གྱིས། ཁ་པར་ཐོན་ཐལ། ཁ་པར་ཐོན་ཐལ་ཟེར་བའི་གླུ་དབྱངས་ཉན་སྤྲོ་བ་དེ་གཏོང་བྱུང་། ཁ་པར་གྱི་ཨང་གྲངས་ནི། ༡༣༩༩་་་་་་སོགས་བྱས་པ་ཞིག་རེད། ངས་འཁྲིས་ཀྱི་གྲོགས་པོ་ལ་དགོངས་དག་ཞུས་པ་དང་ཁ་པར་བླངས། “ཨ་རོགས། ཁྱེད་བདེ་མོ་ཨེ་ཡིན།
    དེ་ཕྱོགས་ཀྱི་གནས་ཚུལ་ག་རེ་འདུག་”ཟེར། དེ་ནི་ངའི་གྲོགས་པོ་མགོན་པོ་རྣམ་རྒྱལ་རེད། ངས་ཀྱང “ང་བདེ་མོ་ཡིན། ཁྱེད་བདེ་མོ་ཨེ་ཡིན་”བྱས།
    ཁོས་ “ང་བདེ་མོ་ཡིན་དེ། དེ་རིང་ཞོགས་པ་འདི་གའི་དར་མདོ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ལྔ་བརྒྱ་ཙམ་གྱིས་ངོ་རྒོལ་སྐད་འབོད་བྱེད་ཀྱིན་འདུག སྐད་འབོད་བྱ་སའི་ས་གནས་ནི། འདི་གའི་སློབ་གྲྭའི་སྒོ་འགྲམ་ནས་དར་མདོའི་ཆེས་མཐོའི་ལས་ཁུངས་ཀྱི་རྒྱལ་སྒོའི་རྩ་དབར་རེད་འགི ཁོང་ཚོའི་དཀའ་ངལ་ནི། འདི་གའི་སློབ་གྲྭའི་སློབ་ཚན་སུམ་རྟགས་དག་གསུམ་ཙམ་ལས། ཚན་རིག་དང་། ཨང་རྩིས་སོགས་སློབ་ཚན་གཞན་པ་རྣམས་རྒྱ་ཡིག་ཁོ་ནའི་ཐོག་ཁྲིད་ཀྱིན་ཡོད་པ་དང་། བོད་ཡིག་གི་ལམ་ནས་ཁྲིད་ཀྱིན་པའི་སློབ་ཚན་དག་ལའང་དགེ་རྒན་ཡག་པོ་མེད་པས་མ་ཚད། སློབ་ཚན་དེ་དག་ཐོག་སྦྱོང་འབྲས་ཡག་པོ་ཞིག་ཐོན་ཡང་། ལས་གནས་ཀྱི་ས་མིག་ཐོག་ཞུགས་མི་ཐུབ་པ་སོགས་ཀྱི་དཀའ་ངལ་རིམ་པ་ཡོད་པའི་གནས་སྟངས་འོག བོད་མི་རིགས་ཀྱི་རིག་གཞུང་གི་སྙིང་པོ་སྐད་ཡིག་འདི་ནི། ཡིག་རྨོངས་པ་འགས་གྲོང་གསེབ་ཙམ་དུ་རྒྱག་རྒྱུ་ཞིག་དང་། དེའང་རིམ་པས་རྩ་ཡལ་འགྲོ་བའི་འཇིགས་ཉེན་སོགས་ཀྱིས་ཡིན་འདུག” ཟེར།

    ངས་བྲེལ་འཚུབ་ཀྱིས། “ཨ་རོགས། ཨེ་ནི་ཁོང་ཚོའི་ཁྲོམ་སྐོར་སྐབས་ཀྱི་འབོད་སྒྲ་གཙོ་བོ་ག་རེ་རེད་འགི ཁོང་ཚོ་ལ་ད་ལྟ་དགྲ་གཞུང་གིས་དྲག་གནོན་འདྲ་བྱས་མ་སོང་ངམ་”ཞེས་དྲིས་པ་ཡིན། ཁོས “ཁོང་ཚོའི་འབོད་སྒྲ་གཙོ་བོ་ནི། (མི་རིགས་ཀྱི་ངོ་བོ་སྐད་ཡིག་ཡིན། སྐད་ཡིག་གི་བདག་དབང་འདྲ་མཉམ་དགོས) ཟེར་ནས་འབོད་ཀྱིན་འདུག ད་ལྟ་ཁྲོམ་སྐོར་བྱས་འགོ་བཙུགས་ནས་སྐར་མ་ལྔ་ཙམ་ཕྱིན་སོང་། ཉེན་རྟོག་པ་འགས་ཁ་པར་བཏང་སྟེ་བྲེལ་འཚུབ་ཀྱི་རྣམ་པ་ཙམ་ལས་གཏན་ཁེལ་གྱི་བྱ་བ་གང་ཡང་སྤེལ་མ་སོང་”ཟེར།

    ངའི་སེམས་ལ་ད་ནི་མདོ་དབུས་ཁམས་གསུམ་གྱི་སློབ་མའི་ཞི་རྒོལ་ཞིག་བྱུང་སོང་། དཀོན་མཆོག་མཁྱེན། ད་དངོས་གནས་བོད་ཀྱི་མི་རབས་གསར་བ་ཚོས་འགན་ཁྱེར་ནས་ལངས་པའི་དུས་ཚོད་ཚེས་བྱུང་དྲན་པ་དང་། བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ཀྱང་། ད་རེས་གོ་སྐབས་དམ་འཛིན་དང་། ཤུགས་སྣོན་རིམ་པ་ཞིག་ཡོད་ངེས་སྙམ་སྟེ་དགའ་སྣང་ཚད་མེད་ངང་ཁོང་ལ། “ཁྱེད་ཀྱིས་དེ་རིང་གི་གནས་ཚུལ་རྣམས་ཞིབ་ཚགས་པོའི་ཐོག་རྒྱུས་ལོན་ཐུབ་པ་བྱོས། དེ་ནས་ངེས་པར་དུ་འདྲ་པར་འདྲ་རྒྱག་ཐུབ་པ་ཞིག་དང་། ཁོང་ཚོིའི་འབོད་སྒྲ་དག་སྒྲ་ལེན་ཐུབ་པ་གྱིས། བྱུང་ན་བརྙན་འཕྲིན་གསར་འགྱུར་ཞིག་ཕབ་ཐུབ་པ་བྱ་དགོས། ད་རེས་མ་འཆུག་ཨང་། ཕ་བཟང་བུ། ཡ་ཡ། ཚེ་རིང་་”ལབ་ནས་སྐད་ཆའི་མཚམས་བཞག

    དེ་ནས་ངས་སྐད་ཆ་འདི་ཚོ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བསྐྱལ་ཐུབ་དགོས་སྙམ་ནས། སྤྱི་སྤྱོད་རྒྱང་གཏོང་ཁ་པར་ཁང་ཞིག་གི་ནང་སོང་། ངས་འཕར་ལྡིང་བྱེད་ཀྱིན་པའི་སེམས་པ་འདི་གནོན་ཅི་ཐུབ་བྱས་ནས། ཁ་པར་ཨང་གྲངས་རིམ་གྱིས་གནོན་བཞིན་པའི་སྐབས་དེར། བར་སྐོར་ནང་ནས་ནམ་རྒྱུན་དང་མི་འདྲ་བའི་འུར་ཟིང་ཞིག་ས་འགུལ་བ་ལྟར་ལྡིར་བྱུང་། མི་ཚོགས་ཀྱང་འཚང་ཁ་ཇེ་ཆེ་རེད་སོང་། སྐད་སྒྲ་གསལ་པོ་ཞིག་ཐོས་ཀྱིན་མི་འདུག་ཀྱང་། སློབ་མ་ཡིན་ནམ་བསམ་པའི་རུ་དཔུང་ཞིག་གིས་ཁྲོམ་ཚོགས་གཤག་བྱུང་། ཁོང་ཚོས་ཚོས་མདོག་ལྗང་སྐྱ་ཅན་གྱི་སྟོད་གོས་དང་གུ་ཐུང་གྱོན་ཡོད་པ་མ་ཟད། འགའ་རེས་སྐེ་ལ་རས་དམར་ཞིག་ཀྱང་དཀྲིས་འདུག ཁོང་ཚོ་ཆུ་ལོག་ཞིག་འཕྱུར་ཡོང་བ་ལྟར་ཡིད་ཆེས་དང་སྤོབས་པའི་ངང་ནས་གཤར་ཡོང་གིན་འདུག སློབ་མ་ཁག་ཅིག་གི་ལག་ཏུ་འཕྲེད་དར་རིང་པོ་ཞིག་ཁྱེར་འདུག་པ་ལ། ངས་ནན་གྱིས་བལྟས་པའི་མཐོང་ལམ་དུ། ཡིག་འབྲུ་འདི་དག་གསལ་བྱུང་། (སྐད་ཡིག་ལ་ཐོབ་ཐང་དགོས། གཅའ་ཁྲིམས་ལ་ལག་ལེན་དགོས)

    ང་རང་དེ་ལས་ཀྱང་སེམས་འཚབ་ནས་དངངས་སྐྲག་ཞིག་སྐྱེས་བྱུང་ལ། ད་འགྲིགས་སོང་ཨ་་་་་་བསམ་པའི་སྤྲོ་སྣང་དམིགས་བསལ་བ་ཞིག་གིས་ཀྱང་ལུས་སེམས་གཉིས་ཆར་ལིང་ལིང་བཅག་བྱུང་། སྐབས་དེ་ཙམ་ནས་ཀྲོག་ཀྲོག་ཀྲོག་་་་་་་ཟེར་བའི་སྒྲ་སྐད་འཇིགས་ཡེར་རེ་བ་ཞིག་གྲགས་བྱུང་བས། ང་རང་ཞེད་སྣང་ཆེན་པོ་ཞིག་གིས་ཡོངས་སུ་གཙེས་ཏེ། ཅི་ཞིག་བྱ་དགོས་པའི་ཆོད་སེམས་ཀྱིས་ཡར་ལངས་ནས་བལྟས་པ་ན། བློ་ཕམ་དགོས་པ་ཞིག་ལ། ངའི་གྲོགས་པོ་བསྟན་འཛིན་གྲགས་པས་ཧང་སངས་ཏེ་ང་ལ་བལྟས་བསྡད་འགི ཁོས་ཨ་རོགས་ད་དུང་ཉལ་བསྡད་ཡོད་དམ། དཀོན་མཆོག་གསུམ། ཁྱོད་ངོ་མ་སྨིན་གླིང་ཁྲི་ཆེན་གྱི་ཡང་སྲིད་ཡིན་ས་རེད། ད་ཡར་ལོངས་དང་། ཀེ་ལ་ཤའི་ཟ་ཁང་ནང་ཇ་གང་འཐུང་མཁན་འགྲོ་ཟེར།

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    ༢༠༡༠ལོའི་ཟླ༡༠ཚེས་༢༥ཉིན་ཕྱི་དྲོ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་དག་གིས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལྟར་ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གི་སྒོ་ལ་སོང་ནས་ད་ཐེངས་སློབ་གསོའི་བཅོས་དེ་ཕྱིར་དགོས་པའི་རེ་བ་ཞུས་སོང་།
    ཞེས་བོད་ནང་གི་དྲ་ཚིགས་ཤིག་གི་ཟིན་བྲིས་ནང་བཀོད་འདུག

    Reply
  3. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་གི་སློབ་མ་ཚོས་ད་རེས་བོད་ནང་གི་སློབ་མའི་འོས་ལངས་འདིར་རྣམ་འགྱུར་གང་འདྲ་ཞིག་སྟོན་མིན་སྐོར་ཚོད་དཔག་མ་ཐིག་པར་ཡོད་པའི་སྐབས་འདིར། སློབ་གྲྭ་ཁག་གིས་བོད་ནང་གི་སློབ་མ་ཚོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ནས་སླེབས་སོང་། མ་གཞི་ཡག་པོ་རེད་དེ། བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་གི་ནང་ན་བོད་ཡིག་འདི་སྐད་ཡིག་ཨང་གཉིས་པ་དང་ཕལ་བའི་ངོ་བོ་ན་སློབ་གཉེར་བྱས་དང་བྱེད་བཞིན་ཡོད་པ་དང་། མི་ལོ་ལྔ་བཅུའི་དུས་ཚོད་ཕར་ཕྱིན་པའི་དེ་རིང་ཡང་། བོད་ཡིག་རང་མགོ་ཐོན་མཁན་རེ་ཤས་ལས་མེད། དངོས་གནས་བོད་ནང་གི་སློབ་མ་ཚོའི་སེམས་ཚོར་འདི་བཙན་བྱོལ་སློབ་མ་ཚོར་ཡང་ཡོད་པ་བདེན་ན། ད་ནི་ང་ཚོར་ཡང་བོད་ཀྱི་སྐད་ཡིག་གཙོ་བོི་སྐད་ཡིག་གི་ངོ་བོ་ནས་སློབ་སྦྱོང་གི་གོ་སྐབས་དགོས་ཀྱི་ཡོད།་ང་ཚོས་གོམ་པ་གསར་པ་ཞིག་རྒྱག་གི་ཡིན་ཞེས་རེ་འབོད་ཞུས་པ་ཡིན་ན། བོད་པྱི་ནང་གཉིས་ཀ་ནས་བོད་ཡིག་སྦྱོང་བའི་དུས་ཚོད་གཅིག་པ་ཞིག་ཤར་གྱི་རེད། དེ་མིན་བཔད་ནང་གི་སློབ་མ་ཚོར་རྒྱབ་སྐྱོར་ཡོད་ཅེས། སྐད་འདྲ་བརྒྱབ། པར་འདྲ་འཁྱེར་བ་ཙམ་གྱིས་ཅང་ཕན་གྱི་མ་རེད། ད་ནི་བཙན་བྱོལ་སློབ་ཕྲུག་ཚོས་ཀྱང་དབྱིན་ཡིག་ལས་གཞན་པའི་སློབ་ཚན་ཆ་ཚང་བོད་ཡིག་གི་ལམ་ནས་སྦྱོང་བར་རེ་བ་དང་འབད་བརྩོན་བྱས་པ་ཡིན་ན།་དེ་ནི་བོད་ནང་གོ་སློབ་མ་ཚོར་དོན་གྱི་རྒྱན་སྐྱོར་དང་། སེམས་ཚོར་གཉིས་མཉམ་དུ་བསྲེས་པ་ཞིག་ཆགས་ཀྱི་རེད།

    ད་ལྟ་བོད་གཞུང་གི་ངོས་ནས་བོད་ནང་གི་སློབ་མའི་ལས་འགུལ་འདིར་རྒྱབ་སྐྱོར་གྱི་རྣམ་འགྱུར་སོགས་གང་ཡང་སྟོན་ཐུབ་ཀྱི་མེད་པ་དེ་ཡང་། མདོར་བསྡུས་ན། ད་ལྟ་བོད་ནང་གི་སློབ་གསོའི་ལམ་ཁ གསར་པ་འདིར་ང་ཚོ་བཙན་བྱོལ་སློབ་གྲྭ་ཁག་ནི་ལོ་ངོ་བཅུ་ཕྲག་འགའི་སྔོན་ནས་བསྐྱོད་ཚར་བའི་ལམ་ཁ་ཞིག་ཆགས་བསྡད་ཡོད་པས་རེད། བོད་ནང་གི་སློབ་མ་ཚོས་ང་ཚོས་བོད་ཡིག་སྦྱོང་དགོས་ཡོད་ཅེས་སྐད་བརྒྱབ་སླེབས་དུས། ད་བོད་གཞུང་གི་ངོས་ནས་ཕྱིར་མིག་ཅིག་མ་བལྟས་རང་བལྟས་ཆགས་ཡོད་པ་རེད། བཙན་བྱོལ་སློབ་མ་ཚོས་བོད་ནང་གི་སློབ་མར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ན། ཕྱོགས་འདི་ནས་འགྲེངས་ཐུབ་དགོས་པ་ཞིག་ཆགས་ཡོད་པ་ལས། བོད་ནང་གི་སློབ་མ་ཚོའི་པར་རེ་འཁྱེར་བ་དེ་ནི་ཕྱི་ཚུལ་ཙམ་གྱི་རྣམ་འགྱུར་རེད་འདོད།

    Reply
  4. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    ཡག་པོ་འདུག་སྦེལ་ཀོབ་ཀི་སློབ་ཕྲུག་ཚོ་ཐུགས་རྗེ་ཆེ།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སྐབས་འདིར་བཙན་བྱོལ་བས་ལས་འགུལ་ཟེར་བའི་ཆོ་ག་ཕྱག་ལེན་ལྟ་བུ་དེ་ཚོ་མ་སྤེལ་ནས་ཁ་ལག་པ་སྡོད་ཚུགས་པ་གནང་རོགས། སྦེལ་ཀོབ་ཀྱི་སློབ་མ་ཚོས་བོད་ཀྱི་སྐད་ཡིག་ལ་གཅེས་སྤྲས་བྱེད་འདོད་ན་རང་རང་གི་ངོས་ནས་སེམས་ཤུགས་བསྐྱེད་ནས་བོད་ཡིག་སྦྱངས་རོགས། བོད་ནང་གི་སྐད་ཡིག་ལ་རྒྱ་མིས་གཏོར་བཤིག་གཏོང་གིན་ཡོད་ན་ཁྱེད་ཚོའི་བོད་སྐད་ཡིག་སུས་གཏོར་བཤིག་བཏང་བ་རེད། སྐབས་འདིར་བོད་ནང་གི་མིས་རང་རང་གི་འཐབ་བྱུས་ཤིག་བདམས་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་གི་ཡོད་པ་རེད། འདི་ལ་རྒྱབ་སྐྱོར་བྱེད་དགོས་མཁན་དེ་རྒྱ་དམར་གཞུང་རེད་མ་གཏོགས་སྦེལ་ཀོབ་པ་ཚོ་མ་རེད། སྦེལ་ཀོབ་པ་ཚོས་བོད་ཀྱི་སྐད་ཡིག་བསྐྱབ་གི་མ་རེད་ལ་བོད་ནང་གི་སློབ་ཕྲུག་ཀྱང་བསྐྱབ་གི་མ་རེད། ཡིད་ཆེས་བརྒྱ་ཆ་བརྒྱ་ཐམས་པ་མེད། གལ་སྲིད་རྗེས་མ་བོད་ནང་གི་སློབ་ཕྲུག་ཚོའི་ལུས་སྲོག་དང་སློབ་སྦྱོང་གི་གོ་སྐབས་ལ་བར་ཆད་རེ་བྱུང་ན་འགན་ཁྱེད་རང་ཚོར་ཡོད་རེད་ད། ཁ་བཙུམས་ནས་འདུག་རོགས།

    Reply
  6. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །གཞི་ལུས་དཔའ་འཛངས་ལྡན་པའི་སློབ་ཕྲུག་རྣམས་ཀྱི་ལས་འགུལ་ལ་ང་ཚོ་བྱེས་སུ་ཡོད་པའི་བོད་རིགས་ཡོད་དོ་ཅོག་གིས་རྒྱབ་བསྐྱོར་ལོས་ཀྱང་ཞུ། འོན་ཀྱང་ད་རེས་ཀྱི་ལས་འགུལ་འདིར་ཆབ་སྲིད་དང་མེ་འདྲེས་པ་གནང་རྒྱུ་ཧ་ཅང་གལ་ཆེན་མངོན། བསམ་ཚུལ་ཙམ་ལས་དགོང་རྒལ་མེད་པ་ཞུ།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཡག་པོ་རེད།
    ཡིན་ནའང་ང་ཚོ་བཙན་བྱོལ་བ་ག་དུས་ཡིན་ཡང་རྗེས་ལུས་ཐེབས་དགོས་དོན་ཅི་ཡིན་ནམ།

    Reply
  8. པ་སངས་ཚེ་རིང་། says:
    ལོ་ 15 སྔོན།

    མི་རིགས་ཀྱི་ལྷག་བསམ་བཅངས་ཤིང་ཚུལ་དང་ལྡན་ལ་རྣམ་དཔྱོད་ཀྱི་ཞི་བའི་ལས་རིམ་འདིར་སྙིང་ནས་བསྔགས།

    Reply
  9. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    འདི་ནི་དགའ་འོས་བ་ཞིག་རེད།འདི་ནང་བཞིན་བཙན་བྱོལ་སློབ་ཕྲུག་ཚང་མའི་གདུང་སེམས་མཉམ་བསྐྱེད་རེ་བྱེད་རོགས་ཞུ།
    གཞོན་ནུའི་ཚོགས་ཟུར་བློ་བཟང་ཡེ་ཤེས་ལགས་ཀྱི་ལས་འགན་མགོ་འཛུགས་བྱས་བ་ལ་བསྟོད་བསྔགས་ཞུ་བཞིན་ཡོད།
    མུ་མཐུད་དུ་སློབ་ཕྲུག་ཆ་ཚང་ཡར་བཞེངས་རོགས་ཞུ།

    Reply
  10. དྲ་སྡོམ་ནག་པོ། says:
    ལོ་ 15 སྔོན།

    དགའ་བསུ་ཞུ་འོས་པའི་ལས་འགུལ་གལ་ཆེན་ཞིག་རེད། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་གོང་གི་སློབ་ཕྲུག་དེའི་ལག་ཏུ་བཟུང་བའི་(བོད་ཡིག་ནི། ང་ཚོའི་སྲོག་ཙ་ཡིན།) ཞེས་པ་གཞིས་ལུས་སློབ་ཕྲུག་ཚོས་མཐོང་བ་ཡིན་ན་ག་རེ་དྲན་སྲིད་དམ། ཡིག་ནོར་དང་། ཡིག་གཟུགས་སོགས་གང་ལ་བལྟས་ཀྱང་སེམས་པ་སྐྱོ་སྤྱད་ཅིག་རེད་འདུག

    Reply
  11. འབུམ། says:
    ལོ་ 15 སྔོན།

    སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་དང་བོད་གཞུང་སློབ་གྲྭ རྒྱ་གར་དབུས་གཏན་སློབ་གྲ་དངོས་ནས་སེམས་ཤུགས་ཡོད་གི འོན་ཀྱང་རྡ་སྟེང་བོད་ཁྱིམ་དང་སློབ་གྲ་གཞན་དག་གྲགས་འགུལ་མེད་པ་སེམས་ཤུགས་མེད་པ་ཡིན་ན་་་་་་་

    སློབ་ཕྲུག་གི་ངོས་ནས་གདོང་སེམས་མཉམ་སྐྱེད་བྱེད་པ་གལ་ཆེན་འདུག

    Reply
  12. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཤིན་ཏུ་དགའ་བསུ་ཞུ་འོས་པའི་གསར་འགྱུར་ཞིག་དང་ལས་འགུལ་ཞིག་རེད་འདུག ཁོང་དག་གིས་ཀྱང་ལས་འགུལ་ག་རེ་སྤེལ་བ་ཡིན་ན་སྒྲིག་གཞི་ཡོད་པ་ཞིག་ཡིན་རྒྱུ་ནི་རེ་བ་ཡིན། གཞིས་བཞུགས་སློབ་ཕྲུག་རྣམས་ཀྱི་དམིགས་ཡུལ་དངོས་ཀྱི་སྟེང་ནས་འདི་ཕྱོགས་ཀྱི་ལས་འགུལ་གྱི་གོམ་པ་སྤོ་དགོས།

    ལྷོ་ཕྱོགས་ཀྱི་སློབ་ཕྲུག་དག་གི་རྣམ་པ་འདི་ཤིན་ཏུ་བཟང་གི ད་བཙན་བྱོལ་ནས་འདི་ལས་ལྷག་ཅིག་བྱེད་རྒྱུ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese