མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྐྱིད་ནི་གནམ་ནས་ཟགས་ཡོང་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཁེ་ན་ཌའི་ནང་ཉིན་ ༣ རིང་གི་མཛད་འཕྲིན་ཁག་བསྐྱངས་གྲུབ་ཅིང་། བོད་རིགས་ཚོ་གཙོས་པའི་ཕྱི་རྒྱལ་བ་དང་། རྒྱ་རིགས་རྣམས་བཅས་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་བཀའ་སློབ་རྒྱ་ཆེར་བསྩལ་ཡོད་པ་རེད།

ཕྱི་ཚེས་ ༢༢ ཉིན་ཊོ་རོན་ཊོ་དང་མངའ་སྡེ་གཞན་ཁག་ནས་ཡོང་བའི་བོད་རིགས་རྣམས། དེ་བཞིན་ཕྱི་རྒྱལ་གྱི་དད་ལྡན་སྟོང་ཕྲག་འགའ་རེ་བཅས་ཀྱི་ཕེབས་བསུའི་འོག་༧གོང་ས་མཆོག་ཊོ་རོན་ཊོར་ཞབས་སོར་བཀོད་ཡོད་ལ། ཉིན་དང་པོའི་མཛད་འཕྲིན་ཐོག་མར། ༧གོང་ས་མཆོག་ཊོ་རོན་ཊོ་གཙུག་ལག་སློབ་གླིང་དུ་ཕེབས་ཏེ། མིའི་འདུ་ཤེས་དང་ཚན་རིག་གི་ངེས་རྟོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། ཉིན་རྒྱབ་དེར་ཁོང་གིས་ཊོ་རོན་ཊོ་ཡི་རོ་རྗར་སི་བསྟི་གནས་ཞེས་པ་དེར་མི་དམངས་ ༡༥༠༠༠ ལྷག་ལ་འགྲོ་བ་མི་ཞིག་གི་ངོས་ནས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་གནང་ཡོད་པ་རེད། ཉིན་དེར་ཁོང་གིས་ཁོང་ཉིད་ནི་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ ༡༤ ཁྲོད་ནས་ཡག་ཤོས་དེ་མིན་ལ། སྡུག་ཤོས་དེ་ཡང་མིན་ངེས། ཡིན་ཡང་ཁོང་ཉིད་ནི་ཏཱ་ལའི་བླ་མ་སྐད་གྲགས་ཆེ་ཤོས་དེ་ཡིན་སྲིད་ཅེས་གསུངས་ཡོད་ལ། དེ་བཞིན་ཁོང་གིས། བདེ་སྐྱིད་ནི་གནམ་ནས་ཟགས་ཡོང་གི་མ་རེད། ང་ཚོས་བདེ་ཐང་གི་འཇིག་རྟེན་ཞིག་སྐྲུན་པར་རང་གི་རྣམ་དཔྱོད་འདོན་དགོས་པ་རེད། ཞི་བདེ་ནི་གྲོས་མོལ་ལཁོ་ནའི་ལམ་ནས་ཡོང་ཐུབ་པ་ཞིག་རེད་ཅེས་དང་། ཁོང་ཉིད་དགུང་ལོ་ ༡༦ གི་སྟེང་ནས་རང་དབང་བརླག་སོང་ལ། དགུང་ལོ་ ༢༤ ཡི་སྟེང་ནས་རང་གི་རྒྱལ་ཁབ་ཤོར་སོང་། དེང་སྐབས་དགུང་ལོ་ ༧༥ ལ་ཕེབས་སྐབས་ཁོང་གིས་གསལ་བོར་མཁྱེན་པ་ནི་བཀའ་མོལ་གྱི་ནུས་པ་ཡིན་ལ། གྲོས་མོལ་གྱི་ལམ་དུ་ཕྱིན་པ་ཡིན་ན་ཕྱོགས་གཅིག་རྒྱལ་བ་དང་ཕྱོགས་གཅིག་ཤོར་བ་དེ་འདྲ་མེད། སོ་སོའི་སེམས་རྒྱ་བསྐྱེད་ནས་གཞན་ལ་བསམ་བློ་གཏོང་དགོས་པ་རེད་ཅེས་གསུངས་ཡོད།

ཐེངས་འདིར་ཡང་ཁོང་གིས་དེང་སྐབས་ཁོང་གིས་བགྲེས་ཡོལ་ཆ་ཚང་ལ་སྒུག་བསྡད་ཡོད། གལ་སྲིད་ངོས་རང་ལ་འགྲོ་བ་མིའི་ཐོབ་ཐང་ཞིག་ཡོད་ན། བགྲེས་ཡོལ་གྱི་ཐོབ་ཐང་ཡོད་ཀྱི་ེརེད་ཅེས་གསུངས་ཡོད་པ་རེད།

ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་༧གོང་ས་མཆོག་གིས་ཊོ་རོན་ཊོ་བོད་རིགས་མི་དམངས་ཀྱི་ཚོགས་ཁང་གསར་པ་སྒོ་འབྱེད་དང་བཅས་གངས་ལྗོངས་ཆོས་ལྡན་གླིང་ཅེས་མཚན་གསོལ་ཞིང་། ཚོགས་ཁང་ནང་གི་སྟོན་པ་དང་གུ་རུ་རིན་པོ་ཆེ། སྤྱན་རས་གཟིགས་ཀྱི་སྐུ་བཅས་ལ་རབ་གནས་གནང་ཡོད་པ་རེད། ཕྱི་དྲོ་དུས་ཚོད་ ༢ པའི་སྟེང་ཁོང་གིས་ཚོགས་ཁང་གསར་པ་དེའི་ནང་ཡོད་བོད་རིགས་ ༥༠༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད་པ་རེད། ༧གོང་ས་མཆོག་གིས་བོད་མི་རིགས་འདི་ནི་རྣམ་དཔྱོད་བེད་སྤྱོད་གཏོང་བའི་ཐད་ནས་ཞེ་དྲག་གི་ཡག་པོ་རེད། དེ་ནི་འདས་པའི་ལོ་ ༢༠༠༠ ལྷག་གི་རིང་དར་བའི་ནང་བའི་ལྟ་གྲུབ་གཏིང་ཟབ་མོ་དེ་ཚོར་ཡིད་འཇོག་བྱས་པའི་དབང་གིས་མིན་འགྲོ་བསམ་བསྡད་ཡོད། སངས་རྒྱས་ཀྱི་ཆོས་དང་ལྷག་པར་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དར་ཡོང་དུས་བོད་པའི་སྤྱི་ཚོགས་ནང་དུ་བྱམས་པ་དང་བརྩེ་བ་ཟེར་བ་དེར་རང་བཞིན་གྱིས་བག་ཆགས་ཡོང་བསྡད་པ་ཞིག་རེད། བྱས་ཙང་འཛམ་བུའི་གླིང་འདིར་བོད་པ་ཞེས་ལབ་དུས་མི་དྲང་པོ་དང་སེམས་པ་བཟང་པོ། ཡ་རབས་ཀྱི་སྤྱོད་པ་ཡོད་མཁན་ཞིག་ལ་ངོས་འཛིན་བྱས་བསྡད་ཡོད་པ་རེད། ངོས་རང་རྒྱ་ནག་གི་མི་མང་པོ་ཞིག་ལ་ཐུག་བསྡད་གི་ཡོད་ལ། རྒྱ་རིགས་མང་པོ་ཞིག་གིས་ཀྱང་བོད་མི་རིགས་ཟེར་དུས་ཞི་བདེ་དང་ཡ་རབས་ཡིན་པ་འདིར་དོ་སྣང་ཡོང་གི་འདུག རྒྱ་གར་ལྟ་བུ་ཡིན་ནའང་མང་ཆེ་བ་ཞིག་གིས་བོད་པ་ལ་དགའ་བོ་བྱེད་གི་འདུག འདི་ནི་ང་ཚོའི་མི་རིགས་ཀྱི་གཟི་བརྗིད་རེད། སོ་སོར་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པ་དང་། ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པར་བརྟེན་ནས་མིའི་གཤིས་ཀ་ཡག་པོ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོ་ས་གནས་གང་དུ་ཡོད་ནའང་སོ་སོ་བོད་པ་ཡིན་ཟེར་བའི་འདུ་ཤེས་དེ་མ་བརླག་པ་བྱེད་པ་དང་། འདུ་ཤེས་དེའི་སྟེང་ནས་སྤོབས་པ་བྱེད་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།

གཞན་ཡང་ཁོང་གིས། ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་དམངས་གཙོའི་ནང་འགྲོ་བསྡད་ཡོད་པ་རེད། འདིའི་སྔོན་ལ་རིན་པོ་ཆེ་ཕེབས་པ་རེད། ད་ནི་རིན་པོ་ཆེ་རྒན་ཡོལ་ལ་ཕེབས་རན་པ་རེད། ལོ་རྗེས་མར་ང་ཚོས་ཆབ་སྲིད་ཀྱི་དབུ་ཁྲིད་གསར་པ་ཞིག་འདེམ་དགོས་པ་རེད། ད་ཕན་མི་དམངས་ཀྱི་ནང་དུ་ཁུགས་ཐུར་ཆེན་པོ་བཞེས་ཏེ། བགྲོ་གླེང་བྱས། གོ་བསྡུར་བྱས་སོང་། ཡག་པོ་ཞེ་དྲག་བྱས་སོང་། འདིའི་རིགས་ནི་སྤྱིར་བཏང་འཛམ་བུའི་གླིང་འདིའི་སྒང་ནས་སྤོབས་པ་སྐྱེ་དགོས་པ་ཞིག་དང་། ཡང་སྒོས་རྒྱ་ནག་གཞུང་གི་ཐོག་ལ་ང་ཚོས་འདི་ནས་རྗེས་ལུས་ཐེབས་པའི་ལམ་ལུགས་ཤིག་གི་སྟེང་བསྐྱར་ལོག་བྱེད་པ་དང་། སྤྱི་ཚོགས་རྙིང་བའི་ལམ་ལུགས་བསྐྱར་གསོ་བྱེད་པ་དེ་འདྲ་ཞིག་མིན་པ་ང་ཚོས་ཁ་ནས་བཤད་པ་ཙམ་མིན་པར། ལག་ལེན་གྱི་སྟེང་ནས་ལན་ཞིག་བསློགས་པ་རེད། འདི་ཚོ་ཡག་པོ་རེད། ངོས་ནས་རྟག་པར་བཤད་བསྡད་ཡོད། ༧རྒྱལ་བ་རིན་པོ་ཆེ་ལུགས་གཉིས་ཀྱི་དབུ་ཁྲིད་བྱས་ནས་མགོ་ཁྲིད་པ་དེ་རྒྱལ་དབང་ལྔ་བའི་སྐབས་ནས་བྱུང་བ་རེད། ད་ནི་ལོ་ ༤༠༠ ནས་ ༥༠༠ ཞིག་ཕྱིན་པ་རེད། དེ་མཇུག་རྫོགས་ཚར་བ་རེད་ཅེས་བཤད་བསྡད་ཡོད། དེ་རྣམ་རྟོག་སློང་བའི་སྐད་ཆ་མ་རེད། དངོས་ཡོད་གནས་ཚུལ་རེད། དེ་རྫོགས་དགོས་པ་རེད། དེ་འདྲ་ཡིན་དུས་ ༢༠༠༡ གི་ལོ་ནས་བཟུང་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་འོས་བསྡུའི་ལམ་ནས་ཕེབས་པ་ནས་བཟུང་ངོས་ཀྱི་གནས་སྟངས་དེ་རྒན་ཡོལ་བྱེ་བྲག་པ་ཞིག་གི་ནང་བསླེབས་བསྡད་ཡོད། དེ་ངོས་རང་སེམས་ཤུགས་ཆགས་པ་དང་། བོད་སྤྱི་བའི་ལས་དོན་ཐོག་སེམས་ཁུར་མེད་པ་དེ་འདྲ་མ་རེད། ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་ལྟར་རེད། ངོས་ནས་འཛམ་བུའི་གླིང་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས་པ་རེད། ང་ཚོས་ནམ་རྒྱུན་སེམས་ཅན་ཐམས་ཅད་ཅེས་བཤད་ཡོད་པ་མ་གཏོགས། བོད་པ་གཅིག་པུ་ཞེས་བཤད་གི་ཡོད་པ་མ་རེད། སེམས་ཅན་ཐམས་ཅད་ལ་བདེ་བ་བྱུང་བ་ཡིན་ན་བོད་པ་ལ་ཡང་རང་བཞིན་གྱིས་བདེ་སྐྱིད་ཐོབ་བསྡད་ཡོད་པ་རེད་ཅེས་ཁོང་གིས་འཛམ་བུའི་གླིང་གི་མི་སྤྱིའི་བདེ་དོན་ལ་སྨོན་ལབ་བརྒྱག་པ་དང་། ཐུགས་ཁུར་གནང་བཞིན་པའི་སྐོར་གསུངས་ཡོད་པ་རེད།

ཉིན་དེར་ཁོང་གིས་ཊོ་རོན་ཊོར་གནས་བཞུགས་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་སློབ་ཕྲུག་དང་རྩོམ་པ་པོ། ཕྱི་སྡོད་རྒྱ་རིགས་བཅས་ལ་མཇལ་འཕྲད་ཀྱིས་བོད་རྒྱའི་འབྲེལ་བ་དང་། དཀའ་རྙོག་སེལ་ཐབས་བཅས་ཀྱི་ཐད་ཁོང་གི་དགོངས་གཞི་གསལ་བཤད་གནང་ཡོད་པ་རེད།

ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་གིས་བོད་རིགས་ཚོར་སྒྲོལ་དཀར་གྱི་ཚེ་དབང་གནང་བ་དང་། དེ་རྗེས་ཁེ་ན་ཌའི་ཝན་ཁོ་ཝར་དུ་གནས་བཞུགས་མཚན་སྒྲོགས་དགོན་པ་དང་། འོན་ཊ་རོ་བོད་རིགས་མི་དམངས་གཉིས་མཉམ་འབྲེལ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་རེད། འདིའི་ཐད་དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁང་ཚན་མཚན་སྒྲོགས་མཁན་ཆེན་ཧོ་ཐོག་ཐུ་སྐུ་ཕྲེང་ ༧ པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གསུངས་དོན། ཐེངས་འདིའི་བརྟན་བཞུགས་ནི་༧གོང་ས་མཆོག་ལ་བྱང་ཨ་རིའི་ཁུལ་ནས་བརྟན་བཞུགས་ཕུལ་ཐེངས་ ༢ པ་རེད་བསམ། ༧གོང་ས་མཆོག་གི་སྐུ་ཚེ་མཛད་འཕྲིན་རྒྱས་བཞིན་པའི་སྐབས་སུ་ཁོང་གི་སྐུ་ཚེ་ཞབས་པད་བརྟན་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོ་རེད། དེ་བས་ཐེངས་འདིར་ཁོང་ཁེ་ན་ཌར་ཕེབས་པའི་སྐབས་དང་བསྟུན་ནས་མཚན་སྒྲོགས་དགོན་པས་འོན་ཊ་རོ་བོད་རིགས་མི་དམངས་དང་མཉམ་འབྲེལ་ཐོག་ཁོང་ལ་བརྟན་བཞུགས་ཕུལ་ཐུབ་པ་འདི་ནི་གཅིག་ནས་ཁོང་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དང་། ཕྱོགས་གཞན་ནས་བཤད་ན། སོ་སོའི་ངོས་ནས་ཚོགས་དང་བསོད་ནམས་བསགས་པ་ཡང་རེད་ཟེར་ལ། མཚན་སྒྲོགས་དགོན་པའི་ངོས་ནས་བརྟན་བཞུགས་ཀྱི་སྐབས་འདིར་ཚེ་མདོ་གསེར་བྲིས་མ་ཞིག་དང་སྒྲོལ་དཀར་ཞལ་ཐང་ ༡༠༠ བཅས་ཕུལ་ཡོད་པ་རེད།

མཐའ་མ་དེར་༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་ཀྱང་གསུངས་ཡོད་པ་རེད།

མཆན། གསར་འགྱུར་འདིའི་ནང་གི་པར་རྣམས་ནི་དྲ་ངོས་འདྲ་མིན་ནས་བླངས་པ་ཡིན་ལ། པར་དབང་ཡང་དྲ་ངོས་དེ་དག་གི་པར་པ་ཚོར་ཡོད།

གསར་འགོད་པ། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༣ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 4

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསར་འགོད་པ་ལུང་རིགས་རྒྱལ་ལགས།
    ༼༧རྒྱལ་བ་རིན་པོ་ཆེ་ལུགས་གཉིས་ཀྱི་དབུ་ཁྲིད་བྱས་ནས་མགོ་ཁྲིད་པ་དེ་རྒྱལ་དབང་ལྔ་བའི་སྐབས་ནས་བྱུང་བ་རེད། ད་ནི་ལོ་ ༤༠༠ ནས་ ༥༠༠ ཞིག་ཕྱིན་པ་རེད།༽ ཅེས་པར་དྭོགས་གཞི་ཞིག་འདུག ༸རྒྱལ་དབང་ལྔ་བ་ཆེན་པོས་སྤྱི་ལོ་ ༡༦༤༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ཡོངས་གྲགས་ཡིན་པས་ད་བར་ལ་ལོ་ངོ་ ༣༠༠ ལྷག་ཙམ་ཞིག་ཕྱིན་པ་གསལ་པོ་རེད། དེར་བརྟེན་ད་ནི་ལོ་ ༤༠༠ ནས་ ༥༠༠ ཞིག་ཕྱིན་པ་རེད་ཅེས་པར་གོ་རྒྱུ་དམིགས་བསལ་ག་རེ་ཡོད་མེད་བཀའ་སློབ་ལ་ཡང་བསྐྱར་ཉམ་ཞིབ་ཞིག་གནང་རོགས།
    ༼ད་ཕན་མི་དམངས་ཀྱི་ནང་དུ་ཁུགས་ཐུར་ཆེན་པོ་བཞེས་ཏེ། བགྲོ་གླེང་བྱས། གོ་བསྡུར་བྱས་སོང་།༽ ཁུགས་ཐུར་ཞེས་པ་ཐུགས་ཁུར་ཞེས་བཅོས་རོགས།
    ༼ཞི་བདེ་ནི་གྲོས་མོལ་ལཁོ་ནའི་ལམ་ནས་ཡོང་ཐུབ་པ་ཞིག་རེད་ཅེས་དང་། ༽ ལཁོ་ནའི་ཞེས་པའི་ལ་ཡིག་ལྷག་མ་ཤོར་བ་ཡིན་ས་རེད།
    ༸མགོན་པོ་མཆོག་གི་བཀའ་སློབ་ནི་འཛམ་གླིང་སྐྱེ་འགྲོ་ཀུན་ལ་མེད་དུ་མི་རུང་བའི་གཅེས་ནོར་ཞིག་དང་། ཚིག་གཅིག་གིས་ཀྱང་གོ་བ་མི་འདྲ་བ་སྣ་ཚོགས་སྟེར་གྱི་ཡོད་པས་ཡིག་ནོར་ལ་གཟབ་གཟབ་གནང་རྒྱུ་ཤིན་ཏུ་གལ་ཆེ།
    ༼གལ་སྲིད་ངོས་རང་ལ་འགྲོ་བ་མིའི་ཐོབ་ཐང་ཞིག་ཡོད་ན། བགྲེས་ཡོལ་གྱི་ཐོབ་ཐང་ཡོད་ཀྱི་རེད།༽ ཅེས་པའི་བཀའ་སློབ་དང་འབྲེལ་ནས་བསམ་ཚུལ་ཐུང་ཙམ་བརྗོད་འདོད་བྱུང་། རིང་མིན་དེ་དང་ཕྱོགས་མཚུངས་པ་ཞིག་བརྩལ་བར་ཆབ་སྲིད་ལ་ཁས་ཆེ་བའི་གང་ཟག་ཞིག་གིས་དུས་བབ་ཀྱི་མཆན་ཞིག་ནང་བཀའ་སློབ་འདི་གསར་འགྱུར་ཙམ་ལས་གལ་ཆེན་པོ་མ་ཡིན་པའི་གཏམ་འཆལ་མང་པོ་ཞིག་སྤེལ་འདུག ཕྱིས་སུ་དེ་དུས་བབ་ཚང་གིས་བསུབས་སོང་།
    དེར་ཕྲན་གྱིས་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་མང་དག་ཅིག་བརྗོད་ཀྱང་དུས་བབ་ཀྱི་དགག་སྒོ་ནས་ཐར་མ་སོང་།
    ད་རེས་འདི་ཐར་ཐུབ་པའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན། བཀའ་སློབ་འདི་ཡིས་ཉུང་མཐར་ཡང་བོད་མི་ཚོར་སྙིང་ལ་རུས་པ་བཅུག་ན་མ་གཏོགས་རྒན་རབ་པ་རིམ་གྱིས་བགྲེས་ཡོལ་ཆགས་པས་གཞོན་སྐྱེས་རྣམས་ཀྱིས་རྒྱུན་འཛིན་ཐུབ་པ་དགོས་ཞེས་གདམས་པ་དང་། རྒྱ་ནག་གུང་ཁྲན་གྱིས་བཤད་པ་ལྟར་བོད་དོན་རྩོད་པ་དང་༸གོང་ས་མཆོག་གི་ཐོབ་ཐང་རྩོད་པ་གཅིག་པ་མ་རེད་ཅེས་ལན་འདེབས་གནང་པ་ཞིག་ཀྱང་རེད་སྙམ།།

    Reply
  2. དཀར་མཚོ་སྐྱིད། says:
    ལོ་ 16 སྔོན།

    གོང་ས་༸མཆོག་གིས། གལ་སྲིད་ངོས་རང་ལ་འགྲོ་བ་མིའི་ཐོབ་ཐང་དང་བགྲེས་ཡོལ་གྱི་ཐོབ་ཐང་ཞིག་ཡོད་ན་བགྲེས་ཡོལ་ཆ་ཚང་ལ་བསྒུགས་ནས་བཞུགས་ཡོད་གསུངས་པ་ལ་དགོངས་པ་ཡོད་དེ། ཁོང་གིས་དགུང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་ལྔའི་བར་དུ་བོད་སྤྱི་བའི་དོན་དུ་སྐུ་ངལ་དང་ཐུགས་ངལ་ལ་མ་འཛེམས་པར་འཛམ་གླིང་ཁྱོན་ཡོངས་སུ་མཛད་འཕྲིན་ལེགས་པར་བསྐྱངས་པས་ད་ལྟ་སྐུ་ངལ་ཆེན་པོ་ཞིག་བྱུང་གི་ཡོད་པར་བརྟེན། བོད་མི་དམངས་ཀྱིས་ཁོང་ལ་སྐུ་ངལ་གསོ་བར་བཞུགས་སུ་གསོལ་བ་དང་ཆབ་སྲིད་ཀྱི་ལས་འགན་མཐའ་དག་ལ་ཚང་མས་སྔར་ལས་ལྷག་པའི་ཧུར་བརྩོན་གནང་དགོས་པར་བསྟན་ཡོད། །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གིས་རྒན་ཡོལ་ལ་ཕེབས་དགོས་དོན་ལ་བསམས་ནས་བོད་རིགས་རྣམས་སེམས་ཤུགས་ཆེ་རུ་འགྲོ་མི་དགོས་སམ། ཡང་འདིར་ཚར་གཅིག་ཀློག་གནོངས་དང་།
    ་་་་་ དེ་ངོས་རང་སེམས་ཤུགས་ཆགས་པ་དང་། བོད་སྤྱི་བའི་ལས་དོན་ཐོག་སེམས་ཁུར་མེད་པ་དེ་འདྲ་མ་རེད། ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་ལྟར་རེད། ངོས་ནས་འཛམ་བུའི་གླིང་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས་པ་རེད། ་་་་་

    Reply
  4. བསེ་རུ། says:
    ལོ་ 16 སྔོན།

    གནས་ཚུལ་ཞིབ་པར་ཞིབ་ཀློག་སྐལ་དུ་གྱུར་སོང་། ཐུགས་རྗེ་ཆེ།

    སྐུ་ཡི་མཚན་དཔེ་གངས་ཅན་ཡུལ་ནས་བཞད།།
    གསུང་གི་གདུལ་བྱ་གོ་ལའི་ཁྱོན་ལ་ཁྱབ།།
    ཐུགས་ཀྱི་བརྩེ་བ་འགྲོ་བའི་སྙིང་ལ་སིམ།།
    བོད་ཀྱི་སྐྱབས་མགོན་འཛམ་གླིང་ཉི་མ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese