མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་དེང་རབས་ཅན་ལ་བསྒྱུར་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར་བོད་གཞུང་ཟློ་གར་ཁང་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གོ་སྒྲིག་འོག བཙན་བྱོལ་གྱི་ལོ་ལྔ་བཅུའི་རིང་གི་བོད་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་ཐེངས་དང་པོ་བསྡུས་ཡོད་ལ། འདི་གའི་གསར་འགོད་པས་གནས་ཚུལ་དེ་དང་འབྲེལ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་གྲགས་ལགས་སུ་བོད་ཀྱི་སྐད་ཡིག་སྐོར་ལ་བཅར་འདྲི་ཞུས་པ།

 

དྲི་བ། དང་ཐོག་སྐུ་ཉིད་ཀྱིས་བཙན་བྱོལ་སྤྱི་ཚོགས་སུ་བོད་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་ཐེངས་དང་པོ་བསྡུས་པའི་སྐོར་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།

ལན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་ཀྱི་རིག་རྩལ་སྤྲོ་ཚོགས་ཐེངས་དང་པོ་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར་འཚོགས་པ་རེད། འདི་ལྟ་བུའི་སྤྲོ་ཚོགས་ཤིག་བསྡུ་དགོས་པའི་རྒྱུ་མཚན་གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་བཙུགས་ནས་ལོ་ལྔ་འཁོར་བ་དང་། བོད་ཀྱི་སྐད་ཡིག་ཅེས་པའི་གསར་ཤོག་འདོན་སྤེལ་བྱས་ཏེ་ལོ་གསུམ་འཁོར་བའི་ཉིན་མོ་སྲུང་གཙིའི་ཆེད་ཡིན་ལ། གཉིས་ནས་སྔོན་མ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཟེར་བ་དེ་བྱེད་ལས་འདྲ་མིན་གྱི་སྟེང་ནས་སྤེལ་ཐུབ་ན་ཡག་པོ་འདུག་བསམ་མྱོང་ལ། ནམ་རྒྱུན་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་དུས་ཤོག་བུའི་སྟེང་ལ་ཡི་གེ་བྲིས་ཏེ་ཆེད་རྩོམ་གྱི་ལམ་ནས་མི་མང་ལ་སློབ་གསོ་རྒྱག་པ་དང་བགྲོ་གླེང་བྱེད་པ་ལྟ་བུའི་ལས་འགུལ་སྤེལ་གྱིན་ཡོད་མོད། ཐེངས་འདིར་ང་ཚོས་སློབ་གསོ་སྤེལ་སྟངས་ཀྱི་རྣམ་པ་བསྒྱུར་ཏེ། མང་ཚོགས་ལ་ཕར་བསྟུན་པའི་སྒོ་ནས་བྱ་འགུལ་འདི་སྤེལ་བ་རེད། སྤྱིར་བཏང་ནས་མི་ཞིག་ལ་མཚོན་ན་ཁོ་རང་ཉིད་ཀྱི་ནུས་པ་དང་བསྟུན་ནས་སློབ་གསོ་རྒྱག་པ་དང་བསྐུལ་སློང་། རེ་བ་བྱས་ན་ཁོའི་སེམས་ནང་འཇགས་སླ་བ་དང་དྲན་པ་མི་བརྗེད་པར་སེམས་ལ་གཏན་འཇགས་སུ་གནས་ཐུབ་གི་རེད། དེ་བཞིན་མི་མང་ཆེ་བ་རྩེད་མོ་དང་གླུ་གཞས་ལ་དགའ་བོ་ཡོད་སྟབས། རྣམ་པ་དེ་དག་གི་སྟེང་ནས་ཁོང་ཚོར་བོད་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པ་དང་རེ་འབོད་བྱས་ན། ཁོང་ཚོའི་སེམས་ནང་འབབ་ཐུབ་པ་དང་ངེས་སླ་བ་ཡོང་གི་རེད་བསམ་ནས་ང་ཚོས་རིག་རྩལ་སྤྲོ་ཚོགས་འདི་བསྡུས་པ་ཡིན།

 

དྲི་བ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་འདས་པའི་ལོ་ལྔའི་རིང་བོད་སྐད་ཡིག་སྲུང་སྐྱོབ་ཐད་ལས་འགུལ་ཁག་ཅིག་སྤེལ་བ་དང་། ལྷག་པར་དུ་སྐད་ཡིག་ཚགས་པར་སྟེང་གསལ་བསྒྲགས་དང་སྙན་ཞུའི་ཡི་གེ། ཟ་ཁང་དང་ཚོང་ཁང་གི་སྒོ་བྱང་སྟེང་གི་ཡིག་ནོར་རིགས་ཐེར་འདོན་བྱེད་ཀྱི་ཡོད་པ་རེད། འདི་ལྟར་འདས་པའི་ལོ་ལྔའི་རིང་གི་ཉམས་མྱོང་གཞིར་བཞག་ན་གྲུབ་འབྲས་གང་འདྲ་ཞིག་ཐོན་སོང་བསམ་གི་འདུག

ལན། ཡི་གེའི་དག་ཆའི་ཕྱོགས་ནས་གྲུབ་འབྲས་གང་འཚམ་ཡག་པོ་ཐོན་ཡོད་བསམ་གྱི་འདུག དཔེར་ན། ང་དང་ཐོག་ངྷ་སར་བསླེབས་དུས་སྒོ་བྱང་དང་གསལ་བསྒྲགས་རིགས་ཤིག་ཀློག་མི་ཤེས་པ་ལྟ་བུ་དང་། གོ་བརྡ་མ་འཕྲོད་པ། ཡིག་ནོར་གྱི་རིགས་མང་བོ་མཐོང་རྒྱུ་འདུག ཡིན་ནའང་། ང་ཚོས་བྱ་འགུལ་དེ་མགོ་བརྩམས་པ་ནས་ད་ལྟའི་བར་ལ་ཕྱིར་འདང་ཞིག་བརྒྱབ་ན། དེང་སྐབས་གསལ་བསྒྲགས་ཤིག་ཀློག་སྐབས། ཨོ། མི་འདིས་འདི་ལྟ་བུ་ཞིག་བཤད་ཀྱིན་འདུག་བསམ་སྟེ་ཀློག་ཐུབ་པ་ཞིག་དང་ཀློག་ན་གོ་ཐུབ་པ་ཞིག་ཆགས་སོང་། དེ་བཞིན་སྒོ་བྱང་སོགས་ཀྱི་སྟེང་གི་དག་ཆ་ཡང་གང་འཚམ་ཡག་པོ་ཡོང་གི་འདུག

སྤྱིར་ང་ཚོས་དག་ཐེར་བྱེད་སྐབས་ཀྱི་རྩ་འཛིན་ནི། དཔེར་ན། སྙན་ཞུ་དང་གསལ་བསྒྲགས་ཀྱི་རིགས་ཡིན་ཚེ་དེའི་ནང་དུ་ཡིག་ནོར་བཞི་ལས་བརྒལ་ན་ང་ཚོས་ཚགས་པར་སྟེང་བཀོད་ཀྱིན་ཡོད་ལ། སྒོ་བྱང་ལྟ་བུ་ཡིན་ཚེ་ཡིག་ནོར་གཅིག་མ་གཏོགས་མེད་ནའང་བཀོད་ཀྱིན་ཡོད། དེ་ནི་སྙན་ཞུ་དང་གསལ་བསྒྲགས་ནང་ཡིག་ནོར་གཅིག་གཉིས་རེ་འཆོར་སྲིད་པ་རེད་ལ། སྒོ་བྱང་ནང་དུ་ཚེགས་བར་ཐུང་ངུ་ལས་མེད་སྟབས་ཡིག་ནོར་གཅིག་ཡིན་ནའང་། ཚབས་ཆེན་དུ་མཐོང་སྟབས་ཡིན།

 

དྲི་བ། འདས་པའི་ལོ་ངོ་འདི་དག་རིང་ཁྱེད་རང་བཙན་བྱོལ་གྱི་གཞིས་ཆགས་ཁག་ཏུ་གནས་ཚུལ་རྒྱུས་ལོན་བྱེད་དུ་འགྲོ་མྱོང་ཡོད་པ་རེད། དེར་བརྟེན། ཕྱོགས་མཐའི་ས་གནས་ཁག་ཏུ་ཕྱིན་སྐབས་བོད་སྐད་ཡིག་སྲུང་སྐྱོབ་བྱས་པ་དང་། མང་ཚོགས་ཀྱིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཐད། ཁྱེད་རང་ཉིད་ལ་མཐོང་སྣང་གང་འདྲ་བྱུང་སོང་།

ལན། ང་སོང་བའི་གཞིས་ཆགས་ཁག་གི་ནང་ནས་དར་རྒྱས་གླིང་དང་ཀ་བློན་སྤུག་གཉིས་སྡུག་ཤོས་ལྟ་བུ་ཆགས་སོང་། དཔེར་ན། ཁོང་ཚོས་བལ་ཡུལ་དང་རྒྱ་གར། བོད་སྐད་སོགས་ཚང་མ་མཉམ་དུ་བསྲེས་ནས་བཤད་གི་འདུག མཚམས་རེར་ཅི་ཞིག་བཤད་ཀྱིན་པའང་མི་ཤེས་པ་ལྟ་བུ་ཡོང་གི་འདུག ཁོང་ཚོས་རང་གི་ཁྱིམ་མི་ནང་ཁུལ་དུ་སྐད་ཆ་བཤད་སྐབས་ཀྱང་ཅི་ཞིག་བཤད་ཀྱིན་པ་ཤེས་ཀྱི་མི་འདུག ངས་ཁོང་ཚོར་ཁྱེད་ཚོས་བཀོལ་བཞིན་པའི་སྐད་རིགས་འདི་ཅི་ཞིག་རེད་ཅེས་དྲིས་མྱོང་། སྤྱིར་ཁོང་ཚོའི་ཕ་མ་ཚང་མ་བོད་པ་རེད་ལ། ཁོང་ཚོས་ཀྱང་བོད་སྐད་བཤད་གི་ཡོད་ཟེར། དེ་བཞིན་ཁོང་ཚོའི་ངོས་ནས་རང་གིས་བོད་སྐད་བཤད་ཀྱིན་ཡོད་བསམ་གི་འདུག་མོད། ང་ཚོས་ཕར་ཉན་ན་གོ་གི་མི་འདུག

དེ་བཞིན་བདེ་སྐྱིད་གླིང་དང་ལྷོ་ཕྱོགས་སྦེལ་ཀོབ། ཧོང་སུར་ལྟ་བུ་ཡིན་ན་རྒན་རབས་པ་རྣམས་ཀྱིས་བོད་སྐད་གཙང་མ་བཤད་པ་ཅུང་ཙམ་ལེགས་པོ་འདུག་མོད། གཞོན་སྐྱེས་དང་དར་མའི་རིགས་ཀྱིས་བོད་ཡིག་ཕར་ཞོག སྐད་རང་སྟེང་ནས་ཉམས་ཆག་ཆེན་པོ་འགྲོ་གི་འདུག ནམ་རྒྱུན་སྐད་ཆ་བཤད་སྐབས་དབྱིན་ཧིན་གྱིས་བསྲེ་སྐད་མ་འདྲེས་པར་གོ་བརྡ་འཕྲོད་ཀྱི་མི་འདུག སྤྱིར་དེང་སྐབས་ཅ་དངོས་གསར་བ་མང་བོ་ཞིག་འཐོན་ཡོང་གི་ཡོད་པ་ལྟར་དེ་ཚོར་མིང་ཚིག་གསར་བའང་གང་འཚམ་ཞིག་ཡོང་གི་ཡོད། དེ་ཚོར་མི་སྒེར་རེ་རེ་བཞིན་སོ་སོ་རང་ཉིད་ཀྱིས་ངོས་ནས་འགན་ཁུར་ཏེ་སློབ་སྦྱོང་བྱ་དགོས་ཀྱི་འདུག དེ་གནད་འགག་ཆེན་པོ་རེད། ཚོགས་པ་སྒྲིག་འཛུགས་ཁག་དང་ལས་ཁུངས་ཁག མང་ཚོགས་བཅས་ཚང་མས་དོ་སྣང་བྱས་ཏེ། དེང་རབས་ཀྱི་བོད་སྐད་ཡིག་གཙང་མ་ཞིག་བཤད་ཐུབ་པ་དང་མི་རང་རང་གི་ཉིན་རེའི་སྤྱི་ཚོགས་འཚོ་བའི་ཁྲོད་བེད་སྤྱོད་གཏོང་ཐུབ་རྒྱུ་དེ་དངོས་གནས་གལ་ཆེན་པོ་རེད།

ཡང་ཐ་སྙད་གསར་བ་བེད་སྤྱོད་གཏོང་མཁན་ཞིག་གི་ངོས་ནས་བཤད་ན། སྐབས་རེར་དཀའ་ངལ་ཞིག་ལ་འཕྲད་ཀྱིན་ཡོད། དཔེར་ན། ངས་ཐ་སྙད་གསར་བ་ཞིག་བེད་སྤྱོད་གཏོང་གི་ཡོད་ནའང་། ཁྱོད་ཀྱིས་དེ་ཤེས་ཀྱི་མེད་ན། ང་རང་བཞིན་གྱིས་ལྐུག་པའི་ཚད་དུ་ལྷུང་ཡོད། དེ་ལྟར་མ་ཡིན་པར་ཐ་སྙད་གསར་བ་བེད་སྤྱོད་གཏོང་མཁན་དེར་རྒྱབ་སྐྱོར་གྱིས་ཚང་མས་ཁོང་ལ་འཕྱ་དམོད་དང་མཐོང་ཆུང་བྱེད་ཉན་གི་མི་འདུག མི་གཅིག་གི་སྟེང་ནས་ཀྱང་སློབ་སྦྱོང་རེག་རྒྱུ་མང་བོ་ཡོད། དེ་ལྟར་བྱས་ཏེ་རིམ་བཞིན་ང་ཚོས་དེང་རབས་བོད་སྐད་ཀྱི་ལམ་ཁ་ཞིག་ལ་བསྙེག་དགོས་པ་གལ་ཆེན་པོ་རེད།

ཉེ་ཆར་བོད་ནང་དུ་བོད་སྐད་ཡིག་སྐོར་ལ་ཚོགས་འདུ་ཞིག་འཚོགས་འདུག སྐབས་དེར་འཇུ་སྐལ་བཟང་ལྟ་བུའི་མཁས་པ་ཁག་ཅིག་གིས་ང་ཚོའི་སྐད་ཡིག་འདི་དེང་རབས་བོད་སྐད་ཀྱི་ལམ་དུ་འགྲོ་རྒྱུར་དགོངས་ཚུལ་ཤུགས་ཆེན་པོ་བཏོན་འདུག བཙན་བྱོལ་སྤྱི་ཚོགས་སུའང་དེང་རབས་བོད་སྐད་ཀྱི་ལམ་དུ་འགྲོ་དགོས་པ་གལ་ཆེན་པོ་མཐོང་གི་འདུག དེང་རབས་བོད་སྐད་ཟེར་དུས་དེང་དུས་ཀྱི་ཅ་དངོས་གསར་བ་མང་བོ་ཞིག་ཐོན་པ་ལྟར། ཅ་དངོས་གསར་བ་དེའི་མིང་ཚིག་དེ་ད་ལྟའི་སྤྱི་ཚོགས་ནང་བེད་སྤྱོད་གཏོང་ཐུབ་ཚེ་དེང་རབས་བོད་སྐད་ཆགས་སོང་བ་རེད། གལ་སྲིད་མི་ཞིག་གིས་དེང་རབས་བོད་སྐད་བཤད་མ་ཐུབ་ན་དེ་རང་བཞིན་གྱིས་རྗེས་ལུས་ཐེབས་སོང་བ་རེད།

 

དྲི་བ། མི་རིགས་ཤིག་གི་ངོས་ནས་འབྱུང་འགྱུར་གྱི་རེ་བ་བཅོལ་ས་ཉག་གཅིག་དེ་གསར་དུ་འཚར་ལོངས་འབྱུང་བཞིན་པའི་མ་འོངས་པའི་གཞོན་སྐྱེས་དག་རེད། དེས་ན་གཞི་རིམ་སློབ་གྲྭ་ཁག་གི་བོད་སྐད་ཡིག་སློབ་ཁྲིད་བྱེད་སྟངས་ཀྱི་སྟེང་ནས་གཞི་རིམ་སློབ་མ་དག་ལ་ནུས་པ་ཞིག་ཐོན་པ་དང་། མི་རབས་གསར་བ་དག་ལ་རེ་བ་ཞིག་མཐོང་གི་འདུག་གམ།

ལན། ང་ལྟ་བུ་ཡིན་ན་བོད་ནང་དུ་རེ་བ་ཤུགས་ཆེན་པོ་བཅོལ་ཡོད། བཙན་བྱོལ་དུའང་རེ་བ་མེད་པ་མིན་ཡང་། གཞི་རིམ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་གནས་སྟངས་དངོས་གནས་སྐྱོ་བོ་རེད། ཉེ་ཆར་ཞི་བདེ་ཟླ་བ་འབོད་པའི་སློབ་མ་ཞིག་ཆེད་དུ་ང་ལ་ཐུག་འཕྲད་བྱེད་དུ་བསླེབས་སོང་། ཁོས་སུ་ཇཱ་བོད་ཁྱིམ་དང་གྷོ་པལ་པུར་བོད་ཁྱིམ་གཉིས་ནས་སློབ་སྦྱོང་གནང་མྱོང་ཡོད་འདུག ཁོས་དགེ་རྒན་རྣམས་ཀྱི་ཤེས་ཡོན་གནས་ཚུལ་དངོས་གནས་སྐྱོ་བོ་རེད། གལ་སྲིད་སློབ་ཕྲུག་ཅིག་གིས་གནས་ཚུལ་དེ་ཡར་བཤད་ན་སློབ་ཕྲུག་དེའི་མདུན་ལམ་ལ་སྐྱོན་རྒྱག་གི་རེད། དེར་བརྟེན་སློབ་ཕྲུག་རྣམས་ཀྱིས་ཁ་གྲགས་ཐུབ་ཀྱི་མེད་སྟབས། ཁྱེད་ཚོ་སྐད་ཡིག་གི་ཆེད་ལས་པ་དག་གིས་དེའི་ཐད་ལ་ཞིབ་བཤེར་ཞིག་བྱ་རོགས་ཞེས་རེ་སྐུལ་བྱེད་ཀྱིན་འདུག དེ་བཞིན་ངས་ས་རཱ་མཐོ་སློབ་དང་ཤེས་རབ་དགའ་ཚལ་སློབ་གླིང་། བོད་ཁྱིམ་གྱི་སློབ་གྲྭ་ཁག་ཅིག་བཅས་ཀྱི་སློབ་མ་རྣམས་ལ་བསམ་ཚུལ་བརྗེ་རེས་བྱེད་མྱོང་ཡོད། ཁོང་ཚོས་ཀྱང་དེ་ལྟར་བཤད་ཀྱིན་འདུག དབྱིན་ཡིག་གི་སློབ་ཁྲིད་བྱེད་སྟངས་ཐད་ནས་འགྲིག་གི་འདུག་ཀྱང་བོད་སྐད་ཡིག་སློབ་ཁྲིད་བྱེད་སྟངས་ལ་མཚོན་ན། བོད་དགེ་དག་གི་ཤེས་ཡོན་གནས་ཚུལ་སྐྱོ་བ་དང་། འདོད་པ་མ་ཁེངས་པ་མང་བོ་འདུག་ཟེར།

དེར་བརྟེན་ང་ཚོའི་ཚོགས་པས་ངོས་ནས་ཉེ་ཆར་བོད་གཞུང་ཤེས་རིག་ལས་ཁུངས་ལ་སྙན་ཞུ་ཞིག་ཕུལ་ཏེ། ང་ཚོས་སློབ་གྲྭ་ཁག་ཏུ་ནང་སྦྱོང་བསྐྱར་ཞིབ་ཀྱི་ལས་རིམ་ཞིག་བྱ་འཆར་ཡོད་སྐོར་ཞུས་ཡོད། ང་ཚོས་ངོས་ནས་དེ་ལྟ་བུ་ཞིག་མ་གཏོགས་བྱ་ཐུབ་ཀྱི་མ་རེད། ང་ཚོས་ནང་སྦྱོང་བསྐྱར་ཞིབ་དེ་འཛིན་གྲྭ་ལྔ་བ་དང་དྲུག་པ། བདུན་པ་བཅས་ནས་མགོ་བརྩམས་ཏེ། སློབ་མ་རེའི་བདུན་ཕྲག་གཅིག་ནང་ནང་སྦྱོང་གང་འདྲ་ཞིག་འབྲི་གི་འདུག ནང་སྦྱོང་དེར་དགེ་རྒན་གྱིས་ཞིབ་བཤེར་གང་འདྲ་ཞིག་བྱེད་ཀྱིན་འདུག སློབ་མ་དེའི་ཡི་གེའི་དག་སྡེབ་དང་ཤེས་ཡོན་གནས་ཚུལ་གང་འདྲ་འདུག དེ་ལྟར་བྱས་ན་དགེ་སློབ་གཉིས་ཀྱི་སྤུས་ཀ་དེ་རང་བཞིན་གྱིས་དག་ཐེར་བྱ་ཐུབ་གི་རེད།

ང་ཚོས་དེ་ལྟར་སྙན་ཞུ་ཕུལ་ཏེ་ཉིན་གཅིག་གཉིས་དང་བདུན་ཕྲག་གཅིག་གཉིས། ཟླ་བ་གཅིག་གཉིས་མིན་པར་ལོ་ནས་ལོ་བསྟུད་དེ་བྱ་འགུལ་འདི་སྤེལ་རྒྱུར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་མཐུན་རྐྱེན་སྦྱོར་རོགས་ཞུས་ཡོད་ཀྱང་། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དེའི་སྟེང་ནས་ང་ཚོར་འདོད་བློ་ཁེངས་པའི་ལན་ཞིག་ཕེབས་མ་སོང་། དེ་ལ་བློ་ཕམ་ཡོད། དེར་བརྟེན་ང་ཚོས་སྙན་ཞུ་དེ་བཀའ་ཤག་དང་སྐུ་སྒེར་ཡིག་ཚང་ལའང་ཕུལ་ཏེ། རིམ་བཞིན་བྱ་འགུལ་འདི་ལག་བསྟར་བྱ་ཐུབ་པའི་རེ་བ་ཡོད། གལ་སྲིད་བྱ་འགུལ་འདི་ལག་བསྟར་བྱ་ཐུབ་ཚེ་ངའི་ངོས་ནས་བོད་སྐད་ཡིག་གི་རྨང་གཞི་ཡག་པོ་འཇོག་ཐུབ་རྒྱུར་གདེང་ཚོད་ཆེན་པོ་ཡོད།

 

དྲི་བ། དེང་སྐབས་བོད་ཕྱི་ནང་གཉིས་ཀར་བོད་སྐད་ཡིག་སྲུང་སྐྱོབ་སྐོར་ལ་སྔར་བས་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་འདུག ཡིན་ནའང་། ཁྱེད་ཀྱིས་གཟིགས་ཚུལ་དུ་བོད་ནང་གི་བོད་མི་དང་བོད་ཕྱིའི་བོད་མི་གཉིས་ལས་སུས་བོད་སྐད་ཡིག་སྲུང་སྐྱོབ་ཐད་གལ་ཆེའི་ནུས་པ་འདོན་གི་འདུག

ལན། ཤུགས་ཆེ་ཤོས་བོད་གཞིས་སུ་རེད། འདིར་ང་ཚོ་ལ་རང་དབང་ཡོད་ཅེས་རང་དབང་དེར་ཁ་གཡར་ཏེ། རང་དབང་བེད་སྤྱོད་གཏོང་མ་ཤེས་པའི་སྒོ་ནས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར། རྒྱ་ནག་གིས་ཁྲིམས་ཀྱིས་གཏོར་བརླག་གཏོང་གི་ཡོད་ལ། ང་ཚོས་ངོས་ནས་རང་དབང་གི་སྒོ་ནས་གཏོར་བརླག་གཏོང་གི་ཡོད།

དེར་བརྟེན་བོད་ཕྱི་ཕྱོགས་ནས་བསྒྲུབ་དགོས་པ་དེ། བོད་ཀྱི་སྐད་ཡིག་འདི་ཁྲོམ་ར་ཅན་དུ་བསྒྱུར་ཐུབ་པ་དང་བོད་རང་གི་སྐད་ཡིག་གིས་བོད་རང་གི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཀྱི་འདུག སྔོན་མ་ལྟ་བུར་མཚོན་ན་བོད་ཀྱི་སྐད་ཡིག་ཟེར་དུས་ཆོས་འདོན་སྤྱད་ཅིག་དང་དགོན་པ་གྲྭ་ཚང་ཁག་ཏུ་སློབ་གཉེར་བྱེད་པ་མ་གཏོགས། སྤྱི་ཚོགས་རང་གི་སྟེང་ནས་བཀོལ་སྤྱོད་བྱེད་ཐུབ་ཀྱི་མེད། ད་ལྟའི་དུས་འདིར་ང་ཚོར་རང་དབང་ཡོད་པ་རེད་ལ། རང་དབང་དེ་བེད་སྤྱོད་གཏོང་ཤེས་ན་བོད་སྐད་ཡིག་འདི་ཁྲོམ་ར་ཅན་དུ་བསྒྱུར་ཐུབ་གི་རེད། ཁ་སང་དེ་རིང་བོད་ཕྱི་ཕྱོགས་སུ་ཚོང་ལས་གཉེར་བཞིན་པའི་མི་མང་བོ་ཞིག་འདུག སོ་སོས་ངོས་ནས་བཟོ་གྲྭ་བཙུགས་ཏེ་དེའི་ནང་དུ་བོད་པའི་ཐོན་རྫས་མང་བོ་འདོན་གི་ཡོད། དཔེར་ན། ང་ཉེ་ཆར་བལ་ཡུལ་དུ་ཕྱིན་པ་ཡིན། བལ་ཡུལ་དུ་ཁྱིམ་ཚང་རང་གི་ངོས་ནས་ས་གདན་དང་གྱོན་གོས་ཀྱི་བཟོ་གྲྭ་བཙུགས་བཞག་པ་མང་བོ་འདུག ཡིན་ནའང་། ཐོན་རྫས་དེ་དག་སྟེང་དུ་བོད་ཡིག་ཡོད་པའི་ཚོང་རྟགས་དང་ཡང་ན་བོད་ཡིག་གི་འགྲེལ་བཤད་ཡོད་པའི་ཅ་ལག་སྣ་གཅིག་ཀྱང་མཐོང་མ་བྱུང་། དེ་ཚོ་བློ་ཕམ་དགོས་པ་ཞིག་རེད། བོད་ཡིག་འདི་བཞིན་རྒྱ་དཀར་ནག་དང་དབྱིན་སྐད་ལྟར་ཁྲོམ་ར་ཅན་དུ་བསྒྱུར་ཐུབ་ཚེ་སྤྱི་ཚོགས་ལ་གཡོ་འགུལ་ཞིག་ཐེབས་ཀྱི་རེད་ལ། དེས་སྤྱི་ཚོགས་ལ་རང་བཞིན་གྱིས་ཞབས་འདེགས་བསྒྲུབ་ཐུབ་གི་རེད། བོད་སྐད་ཡིག་སྲུང་སྐྱོབ་ཀྱི་རྨང་གཞི་ཡང་རང་བཞིན་གྱིས་འདང་ཚར་བ་རེད།

དེའི་ཐད་ནས་བོད་ཕྱི་ཕྱོགས་ཀྱི་ཚོང་ལས་པ་དང་བཟོ་གྲྭ་བཙུགས་ཡོད་མཁན་ཚོས། ཁོང་ཚོ་རང་གི་ཐོན་རྫས་སྟེང་བོད་ཡིག་རྐྱང་པ་འབྲི་མ་ཐུབ་ཀྱང་ཅ་དངོས་དེའི་མིང་དང་འགྲེལ་བཤད་དག་བོད་དབྱིན་གཉིས་ཀ་འབྲི་ཐུབ་ན་ཡག་པོ་འདུག དེ་བོད་ཡིག་སྟེང་ནས་བྲིས་འདུག འདི་ཚོང་ལས་ལ་འགྲོ་གི་མ་རེད་ཟེར་བ་ཞིག་མེད་ལ། བོད་ཕྱི་ཕྱོགས་སུ་དེའི་ཐད་རང་དབང་ཡོད་པ་རེད། བོད་ནང་ལྟ་བུར་མཚོན་ན་དེ་ལྟར་བྱ་རྒྱུར་རང་དབང་མེད་སའང་ཡོད། དཔེར་ན། གོང་རིམ་ནས་ཆོག་མཆན་དགོས་ཟེར་བ་ལྟ་བུར་ཁ་གཡར་ཏེ་བཀག་འགོག་བྱེད་ཀྱི་ཡོད།

 

དྲི་བ། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཕ་མ་དང་དགེ་རྒན། གྲོགས་པོ་བཅས་ཀྱིས་སློབ་མ་ཚོར་ཁྱོད་ཀྱིས་ངེས་པར་དུ་དབྱིན་ཡིག་སྦྱོང་དགོས། གལ་སྲིད་དབྱིན་སྐད་དབྱིན་ཡིག་བྱང་ཆུབ་པ་ཞིག་མ་ཤེས་ན་གཞུག་ཕྱོགས་ཁྱོད་ལ་ལྟོ་གོས་གཏམ་གསུམ་ཐད་ནས་དཀའ་ངལ་འཕྲད་གི་རེད་ཅེས་བསླབ་བྱ་རྒྱག་མཁན་ཡོད། དེའི་ཐད་དུ་ཁྱེད་ལ་ལྟ་ཚུལ་གང་འདྲ་འདུག

ལན། སྤྱིར་ལྟོ་རྒྱབ་ལ་མི་རེ་བའི་མི་ཞིག་མེད་ལ། ང་ཚོ་ཚང་མས་ལྟོ་རྒྱབ་ཀྱི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད། ཡིན་ནའང་། སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ་དེ་ཁྱོད་རང་ཉིད་བོད་ཀྱི་མི་རིགས་ཤིག་ཡིན་པའི་ཆ་ནས་ཁྱོད་ལ་འགན་ཞིག་ཡོད་པ་རེད། བོད་སྐད་བོད་ཡིག་སྦྱོང་གི་ཡོད་པ་དེ་ལྟོ་རྒྱབ་གཅིག་པུའི་ཆེད་དུ་ཡིན་ན་ནོར་འཁྲུལ་རེད་ལ། མ་སྦྱང་ན་འགྲིག་གི་རེད། ཡིན་ནའང་། དེའི་ཐད་དུ་སྔོན་མ་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་ཤུགས་ཆེན་པོས་གསུངས་མྱོང་ཡོད། ཁྱེད་ཚོས་བོད་སྐད་མི་བཤད་ན་མི་བཤད། བོད་ཡིག་མི་སྦྱོང་ན་མི་སྦྱོང་། བོད་ལྭ་མི་གྱོན་ན་མི་གྱོན། ཡིན་ནའང་། ཁྱེད་ཚོའི་ཤ་དང་ཁྲག་དེ་གང་འདྲ་བྱ་རྒྱུ་ཡིན་ཞེས་རིན་པོ་ཆེ་ཁོང་སྐུ་རླུང་བཞེངས་ཏེ་བོད་ཀྱི་མཐོ་རིམ་སློབ་མ་ཚོར་བཀའ་བཀྱོན་གནང་དགོས་བྱུང་ཡོད། རྒྱུ་མཚན་གཅིག་རང་རེད། མི་ཞིག་ཡིན་ན་ལ་རྒྱ་མེད་པ་དང་རང་གི་མི་རིགས་ལ་ཞེན་ཁོག་མེད་ན་ཁྱེད་རང་བེམ་པོ་ལྟ་བུ་རེད་ཅེས་གསུངས་ཡོད།

དེ་བཞིན་མི་ཞིག་གིས་བོད་སྐད་བོད་ཡིག་སྦྱོང་བ་དེ་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ཡིན་ན་མཚམས་བཞག་ན་ཡག་གི་རེད། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་སྦྱོང་གི་ཡོད་ན་ཤུགས་རྒྱག་དགོས་པ་ཞིག་རེད། སྤྱིར་བོད་སྐད་བོད་ཡིག་ང་ཚོའི་སྤྱི་ཚོགས་སྟེང་བེད་སྤྱོད་མེད་ཟེར་གི་ཡོད་ལ། དེ་དངོས་ཡོད་གནས་ཚུལ་ཡང་རེད། དེར་བརྟེན་ངས་གོང་ནས་བོད་སྐད་ཡིག་དེ་ཁྲོམ་ར་ཅན་དུ་བསྒྱུར་དགོས་པ་རེད་ཟེར་དོན་འདི་རེད། གཉིས་ཐད་ནས་མི་སུ་ཡིན་རུང་རང་ཉིད་ལ་མི་རིགས་ཀྱི་ལ་རྒྱ་དང་རུས་པ་ཡོད་རྒྱུ་གལ་ཆེན་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བར་ཐུག་པའི་བོད་སྐད་ཡིག་བེད་སྤྱོད་གཏོང་ན་སྤྱི་ཚོགས་དང་ཁོར་ཡུག་གིས་ནམ་ཡང་གཉའ་གནོན་ཡོང་གི་མ་རེད།

དཔེར་ན། བཀའ་ཁྲིའི་འོས་མིར་བཞེངས་ཀྱིན་པའི་བློ་བཟང་སེངྒེ་ལྟ་བུར་མཚོན་ན། ཁོང་ལོ་བཅོ་ལྔ་ཉི་ཤུའི་རིང་དབྱིན་ཇིའི་སློབ་གྲྭ་རྐྱང་པའི་ནང་དུ་བཞུགས་པ་རེད། ཡིན་ནའང་། རང་གི་མི་རིགས་ལ་ཤ་ཞེན་དང་དོ་སྣང་ཡོད་ན། ཉེ་ཆར་ཁོང་གིས་བཀའ་ཁྲིའི་བགྲོ་གླེང་དག་གི་སྐབས་སུ་དབྱིན་ཇིའི་ཚིག་གི་འགྲོ་སྟངས་ལྟར་གྱི་གསུང་མོལ་གཅིག་ཀྱང་གནང་མ་སོང་། ཡིན་ནའང་། རུས་པ་མེད་པའི་མི་དེ་ཚོར་རང་བཞིན་གྱིས་ཤུགས་རྐྱེན་ཞིག་ཐེབས་ཡོང་གི་ཡོད། བོད་སྐད་བཤད་སྐབས་ ༼ གང་ལ་འགྲོ་གི་ཡིན་ཁྱོད་ ༽ ཟེར་བ་ལྟ་བུའི་དབྱིན་ཇིའི་ཚིག་གི་འགྲོ་སྟངས་ཇི་བཞིན་ཚུར་ངོ་བཤུས་བརྒྱབས་པ་དང་། ང་འགྲོ་གི་ཡིན་ཟེར་སར་ང་བུད་ཐལ་ཟེར་བ་ལྟ་བུའི་དུས་གསུམ་གྱི་དབྱེ་བ་ཚུན་ཆད་ཉམས་ཆག་ཏུ་འགྲོ་གི་འདུག་ལ། དེའི་རིགས་མི་རང་ཉིད་ཀྱི་ངོས་ནས་འགན་མ་ཁུར་བ་དང་མི་རང་ཉིད་ཀྱི་ནོར་འཁྲུལ་རེད་བསམ་གྱི་ཡོད།

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༧ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese