མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསལ་འདེབས་གསུམ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

༼ བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༠༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ༽

ད་ལོ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་ཕྲད་པའི་འགལ་རྐྱེན་དེས་གནད་དོན་གསུམ་གསལ་འདེབས་བྱས་ཡོད། དང་པོ། “མི་ཡུལ་ཅི་ཙམ་སྐྱིད་ཀྱང་རང་ཡུལ་མ་བརྗེད” ཟེར་བ་དེ་ལ་དྲན་སྐུལ་བྱས་ཡོད་ལ། གཉིས་པ། “རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས” ཟེར་བ་དེར་སྐུལ་འདེད། གསུམ་པ། “རྒྱ་སྒོར་གྱིས་འཛམ་གླིང་བསྒུལ་སོང” ཟེར་བ་དེར་བདེན་དཔང་བཅས་བྱུང་ཡོད།  

དང་པོ། མི་ཡུལ་ཅི་ཙམ་སྐྱིད་ཀྱང་རང་ཡུལ་མ་བརྗེད་ཟེར་བ་དེ་ནི། ཐེངས་འདིར་བལ་གཞུང་གིས་བོད་མིའི་འོས་སྒམ་རྐུ་འཁྱེར་བྱས་པ་དེས་ང་ཚོར་མིའི་ལུང་པ་ན། དུས་ནམ་ཡང་སེམས་ལྷོད་ནས་འདུག་ས་ཞིག་དང་། ཞེ་བདེ་ནས་ཉལ་ས་ཞིག་མེད་པ་དྲན་གསོ་བསླངས་ཡོད། རྒྱ་གར་རང་དབང་ལུང་པ་ཟེར་ནས་མ་ཎི་བགྲང་བགྲང་བྱེད་ཀྱི་ཡོད་པ་འདིས་ང་ཚོ་ལང་ཤོར་བཏང་ཡོད་ཅིང་། ཡང་དག་པའི་དམངས་གཙོའི་རིང་ལུགས་ཟེར་ནས་ངོམ་སོ་བྱེད་ཀྱིན་པ་འདིས་ང་ཚོ་སྒྱིད་ལུག་བཟོས་ཡོད། མིའི་ལུང་པ་ན་ང་ཚོར་ཡང་དག་པའི་དམངས་གཙོའི་ལམ་སྲོལ་ཞིག་ཡོད་པ་བདེན་དུ་ཆིག་ཀྱང་། མིའི་ལུང་པ་ན་ང་ཚོར་རང་སྐྱ་ཐུབ་པའི་ཁྲིམས་ལུགས་དབང་འཛིན་ཞིག་མེད་པ་སྙོན་དུ་མེད་ལ། ང་ཚོ་སྡོད་ས་རང་དབང་ལུང་པ་ཡིན་ཡང་། ང་ཚོ་སྡོད་སྟངས་གཞན་དབང་སྟབས་བསྟུན་འོག་ཡིན། མཐར་གཏུགས་ན་ང་ཚོར་མིའི་ལུང་པ་ན་དམངས་གཙོ་མེད་ལ། མིའི་ལུང་པ་ན་རང་དབང་ཡང་མེད།

 

གཉིས་པ། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱ་དགོས། ང་ཚོས་ད་བར་བྱ་འགུལ་དང་ལས་དོན་གང་ཞིག་སྒྲུབ་ཀྱང་གྲ་སྒྲིག་དང་འཆར་གཞིས་འདང་གི་མེད་པ་གསལ་བོ་ཡིན། ཞན་ཆ་འདིའི་འོག་ནས་སྔོན་མ་ཡང་འཐུས་ཤོར་དང་ནོར་འཁྲུལ་བཟོས་པ་བགྲང་གིས་མི་ལང་། ཐེངས་འདིར་ཡང་བལ་ཡུལ་གཞུང་གི་ཆོག་མཆན་ཡོད་ཟེར་བཞིན་དོན་རྐྱེན་དེ་བྱུང་པ་ནི་ང་ཚོར་འཆར་གཞི་འཐུས་ཚང་མེད་པ་གསལ་སྟོན་བྱས་ཡོད་ཅིང་། ས་གནས་གཉིས་ཀྱི་འོས་སྒམ་སྔ་རྗེས་སུ་ཤོར་བ་དེས་ང་ཚོར་སྡུག་ས་ནས་གྲ་སྒྲིག་མེད་པའི་བདེན་དཔང་བྱས་ཡོད། བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ། ཟེར་བའི་དཔེ་བཞིན། དོན་རྐྱེན་དེ་བྱུང་མ་ཐག་དབུས་འོས་བསྡུ་ལྷན་ཁང་གིས་ས་གནས་ལ་ཛ་དྲག་གི་ལམ་སྟོན་ཞིག་ཕེབས་པ་ནི་ “ཐུགས་གཟབ་བྱོས” ཟེར་བ་འདི་རེད། འོས་བསྡུ་ཆེན་མོ་འདི་གལ་ཆེན་གལ་ཆེན་འགངས་ཆེན་ཡིན་ཚུལ་ཁ་ཐོགས་ཚད་ཚང་མས་བརྗོད་ཀྱང་། སྔར་འོས་བསྡུ་དང་འབྲེལ་བའི་དཀའ་རྙོག་ཕྲད་པ་ཐེངས་གཅིག་གཉིས་མིན།

 

གསུམ་པ། རྒྱ་སྒོར་གྱིས་འཛམ་གླིང་བསྒུལ་སོང་། ཐེངས་འདིར་བལ་ཡུལ་ནང་སྲིད་ལྷན་ཁང་བརྒྱུད་རྒྱ་ནག་གི་འདྲེ་ལག་བརྐྱངས་པའི་བཤད་སྲོལ་ཡོད་ཅིང་། མཐར་གཏུགས་ན་དེ་ནི་རྒྱ་ནག་གི་རྒྱུ་ཤུགས་ཀྱིས་གངས་ཅན་དཀྱིལ་གཤོངས་ཐེངས་གཅིག་བསྒུལ་སོང་བ་དེ་རེད། དོན་དངོས་ཐོག་ནས་ཀྱང་རྒྱ་ནག་གི་རྒྱུ་ཤུགས་ཀྱིས་བལ་ཡུལ་དང་། ལྷོ་ཨ་ཧྥི་རི་ཀ་ལྟ་བུའི་ཉམས་ཆུང་འཁོས་ཞན་གྱི་རྒྱལ་ཁབ་མང་པོ་ཞིག་སྔ་མོ་ནས་ཧམ་བཟའ་བྱས་ཡོད་ལ། ད་ཆར་རྒྱ་གར་དང་ཨ་རི་སོགས་ཀྱིས་ཀྱང་རྒྱ་སྒོར་སིམ་འཛུལ་གྱི་ཤུགས་རྐྱེན་འགོག་ཐབས་བྲལ་ཡོད། དེར་བརྟེན། ང་ཚོས་ཀྱང་རྒྱ་སྒོར་གྱི་འཇབ་སྟངས་ལ་ངོས་ཟིན་གསལ་བོ་མ་བྱུང་ན། རྒྱ་སྒོར་ངྷ་སའི་ཚོགས་པ་སྒྲིག་འཛུགས་ནང་འཛུལ་སྲིད་ལ། རྒྱ་སྒོར་སྤྱི་འཐུས་གྲོས་ཚོགས་དང་། ཐ་ན་བཀའ་ཤག་ལའང་འཛུལ་མི་སྲིད་པའི་ངེས་པ་མེད། ཉིན་ཤས་གོང་ཨ་རིའི་ནེའུ་ཡོག་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་རྒྱ་ནག་གི་ཇུས་གཞི་ཞིག་གསལ་སྟོན་བྱས་པའི་ནང་། “ཏཱ་ལའི་ཉེ་འགྲམ་དུ་ལས་ཀ་བྱེད་མཁན་ཚོའི་འགུལ་སྐྱོད་ལ་མྱུལ་ཞིབ་བྱས་ཏེ་ནུས་པ་རྩ་མེད་བཟོ་རྒྱུ་དང་། ཏཱ་ལའི་རུ་ཚོགས་ལ་མཐོང་ཚུལ་ཡོད་པའི་མི་ཚོར་ལྐོག་ནས་མཐུན་རྐྱེན་གང་ལེགས་སྦྱར་ཏེ་རྒྱབ་འགལ་གྱི་ནུས་པ་ཆེ་རུ་གཏོང་དགོས” ཞེས་བརྗོད་ཡོད་པ་དེ་ནི་རྒྱ་སྒོར་ངྷ་སར་འཇབ་སྟངས་ཤིག་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 5

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    ངས་པོའི་ལྷ་སྲས་ལགས་ཁྱེད་ཀྱིས་ལྷ་ས་གཡག་མགྲོན་ཁང་གི་སྦྱིན་བདག་གིས་ཕྱི་ལོ་༢༠༠༦ལོར་ཚོགས་པ་ག་གེ་མོ་ཞིག་ལ་གསང་བའི་ཐོབ་ནས་ཞལ་འདེབས་བརྒྱབ་པ་དེ་རྒྱ་ནག་དབུས་གཞུང་གི་ཧ་གོ་ཡོད་ཞེས་བརྗོད་འདུག། དེ་ནི་རྒྱ་ནག་གི་བོད་མི་ནུས་ལྡན་རྣམས་ནུས་མེད་བཟོ་བྱེད་ཀྱི་ཆབ་སྲིད་ཀྱི་ཞྭ་མོ་གཡོག་པ་ཞིག་ལས་ཁུང་ལུང་གང་ཡང་མེད། རྒྱུ་མཚན་ནི་ཁུང་ལུང་དང་དཔང་རྟགས་ཡོད་ན་དྲང་བདེན་ཀྱིས་ལམ་ནས་ཁྲིམས་རྭ་མཚོགས་ནས་རང་དབང་ཐོག་ཁྲིམས་བརྩོད་པ་རང་མོས་ལྟར་རང་ཉིད་ནས་འདེམས་ཆོག་པ་ལས། གོ་མེད་ཚོ་མེད་ངང་ཁྲིམས་ཆད་བཅོད་དོན་གང་ཡང་མེད། དེས་ན་ཁྱེད་ཀྱིས་རྒྱ་གཞུང་གི་བཤད་པ་དེ་བདེན་དཔང་བྱེད་པའང་ཡང་ན་ངོས་ལེན་བྱེད་ཀྱི་ཡོད་དམ། དེ་ལྟ་མིན་ན་ཚིགས་དེ་དག་བེད་སྤྱོད་གཏང་ཐད་བཟབ་དགོས་པ་གལ་ཆེ་མཐོང།

    Reply
  2. Rabga says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ཇི་འདྲའི་རྣོ་ངར་ལྡན་ཞིང་། གནད་དུ་འཁེལ་བའི་དཔྱད་བརྗོད་ཅིག་བྱས་འདུག ཁྱེད་ཀྱི་དཔྱད་སྟོབས་ཀྱི་རིག་པ་འདིས་བསམ་བློ་མེད་པའི་སྒང་ལ་ཤེས་ཡོན་ཡང་མེད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདུ་སྒུལ་སོང་།

    Reply
  3. རྐང་གསུམ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པས་གནས་ལུགས་ཅན་ཞིག་བཤད་འདུག

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    རྒྱ་སྒོར་ངྷ་སའི་ཚོགས་པ་སྒྲིག་འཛུགས་ནང་འཛུལ་ཚར་ཡོད་དཔེར་ན་ལྷ་ས་གཡག་མགྲོན་ཁང་གི་སྦྱིན་བདག་གིས་ཕྱི་ལོ་༢༠༠༦ལོར་ཚོགས་པ་ག་གེ་མོ་ཞིག་ལ་གསང་བའི་ཐོབ་ནས་ཞལ་འདེབས་བརྒྱབ་པ་དེ་དགྱ་ནག་དབུས་གཞུང་གི་ཧ་གོ་ཡོད།

    “ཏཱ་ལའི་ཉེ་འགྲམ་དུ་ལས་ཀ་བྱེད་མཁན་ཚོའི་འགུལ་སྐྱོད་ལ་མྱུལ་ཞིབ་བྱས་ཏེ་ནུས་པ་རྩ་མེད་བཟོ་རྒྱུ་དང་། ཏཱ་ལའི་རུ་ཚོགས་ལ་མཐོང་ཚུལ་ཡོད་པའི་མི་ཚོར་ལྐོག་ནས་མཐུན་རྐྱེན་གང་ལེགས་སྦྱར་ཏེ་རྒྱབ་འགལ་གྱི་ནུས་པ་ཆེ་རུ་གཏོང་དགོས”
    ང་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    བདེན་དུ་ཆིག་ཀྱང་། བདེན་དུ་ཆཱུག་ཀྱང་།
    གངས་ཅན་དཀྱིལ་གཤོངས། གངས་ཅན་སྐྱིད་གཤོངས།

    གསལ་འདེབས་ཚིག་གསུམ་ལ་བཏགས་པའི་མཆན།

    ྲརྒྱ་སྒོར་གྱི་འཇབ་རྒོལ་དེ་འཇིགས་སུ་རུང་བ་ཞིག་རེད་ལ། དེ་མིན་གྱི་དངུལ་སྒོར་ཡང་འཇིགས་སུ་རུང་བ་ཞིག་ཅིས་མ་ཡིན། ད་བར་སྔ་ལྟས་ཕྱི་བལྟས་ཤིག་བྱས་ན། ང་ཚོའི་མཁས་པ་དང་། ཤེས་ཡོན་ཅན། དགེ་རྒན། ལས་བྱེད། བཀའ་ཟུར་དང་། དྲུང་ཟུར་སོགས་མདོར་ན་ཉམས་མྱོང་ཅན་གྱི་ལས་སྣེ་བ་མང་པོ་ཞིག་དངུལ་སྒོར་གྱི་འཇབ་རྒོལ་ལ་བརྟེན་ནས་རང་ཉིད་ཀྱིས་སྤྱི་ཚོགས་འདིར་འདོན་ཐུབ་པ་དང་འདོན་ནུས་པའི་ནུས་པ་མང་པོ་ཞིག་དངུལ་སྒོར་གྱི་འཇབ་རྒོལ་དེས་བཅོམ་ཟིན་འདུག ད་དུང་ང་དང་རྩོམ་སྒྲིག་པ་ཁྱེད་ལྟ་བུའང་རྒྱ་སྒོར་གྱི་འཇབ་རྒོལ་འོག་ཏུ་ཤོར་མི་སྲིད་པ་བདེན་དུ་ཆཱུག་ཀྱང་། དངུལ་སྒོར་གཞན་གྱི་འཇབ་རྒོལ་འོག་མི་ཚུད་པའི་བདེན་དཔང་སུས་ཀྱང་བྱེད་མི་ཐུབ་ལ། དེ་ལྟར་མི་ཡོང་བའི་དམ་བཅའ་དང་ཁས་ལེན་སུ་ཞིག་གིས་བྱེད་ནུས་སམ། དེ་ནི་སྤམ་མདོག་སྒམ་མདོག་ངང་གནས་པའི་ལས་སྣེ་བ་མང་པོ་ཞིག་གི་ཐུགས་ཁར་བདེན་པའི་མདའ་མོ་འདི་ཕོག་ན་བཟོད་པར་འཚལ། འདི་ནི་རང་ཉིད་ཀྱིས་རང་ཉིད་ལ་འཕངས་པའི་མདའ་མོ་ཞིག་ཡིན་ནའང་། ང་ཡང་སྤྱི་ཚོགས་འདིའི་ནང་གནས་པའི་མི་སྣ་ཞིག་ཡིན་སྟབས། སྤྱི་ཚོགས་འདིར་འཕངས་པའི་ཚིག་མདའ་རྣོན་པོ་ཞིག་ཀྱང་ཡིན་སྲིད། འདི་ནི་དྲ་ཐོག་ནས་ཤར་བའི་ཐལ་བའི་སེམས་ཀྱི་ཚོར་འདུ་ངོ་མ་ཞིག་རེད་ལ། སྤྱི་ཚོགས་འདིའི་དོན་དངོས་ཀྱི་སྣང་ཚུལ་རྗེན་པ་ཞིག་ཀྱང་ཅི་ལ་མིན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese