མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་མཐའ་མའི་ཁྱིམ་གཞི་འཚོལ་བ། བློ་གྲོས་རབ་བརྟན།

བོད་ཀྱི་དུས་བབ།
༢༠༡༠/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་རེ་བཞིན་བོད་དུ་གནས་ཚུལ་རེ་འབྱུང་གིན་འདུག་ལ། ད་ལོའི་ལོ་འཇུག་ཏུ་གཅེས་པར་འོས་པའི་སློབ་ཕྲུག་མང་བོ་ཁྲོམ་དུ་ཐོན་ཏེ། བོད་མི་རིགས་ཀྱི་ཚེ་སྲོག་གི་མཐའ་མའི་ཁྱིམ་གཞི་འཚོལ་གྱིན་འདུག“མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་།“ཁོང་ཚོའི་འབོད་ཚིག་འདི་ཧ་ཅང་གི་ཐུང་ཐུང་སྟབས་བདེ་ཞིག་ལ། གནད་འགག་ཆེན་པོ་ཡོད་པ་ཞིག་ཀྱང་རེད།

རྒྱ་ནག་མཚོ་སྔོན་ཞིང་ཆེན་ཤེས་རིག་ལྷན་ཁང་གིས་ཉེ་ཆར་ ༢༠༡༠_༢༠༢༠ བར་སྐད་གཉིས་སློབ་ཁྲིད་ཐད་བཅོས་བསྒྱུར་གྱིས་འདྲ་མཉམ་མིན་པའི་སྐད་ཡིག་གི་སྲིད་ཇུས་ཤིག་གིས་བོད་པའི་སྐད་ཡིག་མཐའ་ནས་མཐའ་རུ་འདེད་དེ། རིམ་པས་བོད་མིའི་ཁ་ལྕེ་ན་ཀ་ཁ་མེད་པར་བཟོ་རྒྱུ་དེ་རེད། འདི་ནི་དངོས་གནས་བོད་པ་ཞིག་ཡིན་ན། བོད་སེམས་ཤིག་ཡོད་ན། བོད་མི་རིགས་འདི་རྒྱལ་སྤྱིའི་ཁྲོད་དུ་བོད་པ་རང་གི་ངོ་བོ་བསྡད་དེ་འཚོ་འདོད་མཁན་ཞིག་ཡིན་ན་ནི་བཟོད་མི་ཐུབ་པའི་བཙན་འཛུལ་རེད། དེའི་དབང་གིས་མདོ་སྨད་ཀྱི་དགེ་སློབ་ཚོ་བོད་པའི་སྐད་ཡིག་དང་ཡང་ན་བོད་པའི་ཚེ་སྲོག་གི་ཆེད་དུ། ཞི་བདེ་དང་ཁྲིམས་མཐུན་ངང་ཡར་ལངས་ཏེ། རྒྱ་གཞུང་གི་རྩ་ཁྲིམས་འོག་རང་གི་སྐད་ཡིག་གམ་རང་གི་ཚེ་སྲོག་ལ་འདྲ་མཉམ་ཡོད་ཟེར་བ་དེ་དགོས་པའི་ཞུ་གཏུག་རེད།

བསམ་བློ་གུ་ཡངས་པོ་བཏང་ན། འདི་ནི་རྒྱ་ནག་མི་དམངས་དུང་ཕྱིར་ ༡༣ གྱི་ཆེད་དུ་ཡང་རེད། ནམ་རྒྱུན་བོད་འདི་རྒྱ་གཞུང་གིས་རྒྱ་ནག་གི་ཆ་ཤས་ཡིན་རབས་བཅོ་བརྒྱད་ཤོད་ཀྱིན་ཡོད། ཁྱོད་ཚོས་ཆ་ཤས་སུ་གླེང་བའི་བོད་མི་རིགས་འདི་ལ་རིག་གཞུང་ཕྱུག་པོ་ཞིག་ཡོད། འདི་བོད་མི་གཅིག་པུའི་ཆེད་དུ་མ་རེད་ལ། ཀྲུང་ཧྭ་མི་རིགས་ཡོངས་ཀྱི་ཆེད་དུའང་རེད། བོད་པའི་སྐད་ཡིག་འདི་ཡང་རྒྱ་ནག་གི་སྐད་ཡིག་ཅིག་ཏུ་བརྩིས་ཏེ། “མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭའི་ཤེས་རིག་དར་སྤེལ།“གཏོང་དགོས་པ་རེད། འདི་ནི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་རྨང་གདན་རེད་ལ། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་མི་རིགས་ཁག་འཆམ་མཐུན་གནས་ཐུབ་མིན་གྱི་འགག་རྩའང་རེད།

རྒྱ་གཞུང་གི་མགོ་ཁྲིད་དང་ཤེས་ལྡན་མི་སྣ་ཚོས་སྲིད་ཇུས་གཏན་འབེབས་དང་གནད་དོན་ལ་དབྱེ་ཞིབ་བྱེད་སྐབས། ཚན་རིག་དང་མཐུན་པ། དོན་དངོས་དང་མཐུན་པ། ས་གནས་མི་དམངས་ཀྱི་འདོད་བློ་དང་མཐུན་པ་དགོས་སྐོར་ཤོད་ཀྱིན་ཡོད་ཀྱང་། ད་ཐེངས་དེ་དག་དང་ཡོངས་སུ་འགལ་ཡོད་པ་མ་ཟད། ནམ་རྒྱུན་བོད་ཀྱི་ཤེས་རིག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་གི་བང་མཛོད་ཁྲོད་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་པོ་གཅིག་ཡིན་ཞེས་བརྗོད་ཀྱིན་ཡོད་པ་མ་ཡིན་ནམ།

ཐེངས་འདིའི་དགེ་སློབ་ཚོའི་ཞི་རྒོལ་ལྟ་བུ་རྒྱ་ནག་ཏུ་ཡང་ཡང་འབྱུང་གི་ཡོད། འདི་ནི་རྒྱ་ནག་གཞུང་གི་སྲིད་ཇུས་རང་ལ་བརྟེན་ནས་འབྱུང་གི་ཡོད། སྲིད་ཇུས་དེ་འདྲ་མཉམ་མིན་པ་དང་ཕྱོགས་སུ་ལྷུང་བའི་དབང་གིས་རེད། ནམ་རྒྱུན་བོད་དུ་དོན་ཏག་ཅིག་བྱུང་ན་ལམ་སེང་ཕྱི་ལོག་ནས་ངན་སྐུལ་བྱས་སོང་ཟེར་ནས་དོན་དངོས་ལ་ཞིབ་འཇུག་ཅི་ཡང་མི་བྱེད་པར། གང་ངན་གང་སྡུག་གིས་ཐག་གཅོད་བྱེད་བཞིན་ཡོད། དེ་ལྟར་བྱེད་དགོས་དོན་ནི་ཕྱི་ལོག་ལ་ཁ་གཏད་གཅོག་ཕྱིར་རེད། ད་ལན་འདིར་ཕྱི་ལོག་ལ་ཁག་ངན་འཁྲི་ས་ཡེ་ནས་མེད་པའི་ས་གནས་རྒྱ་གཞུང་རང་གིས་གཏན་འབེབས་བྱས་པའི་བོད་ཡིག་མཐའ་འདེད་ཀྱི་སྲིད་ཇུས་དེར་ཐུག་ཡོད།

རྒྱ་ནག་དབུས་གཞུང་གི་རྩ་ཁྲིམས་དང་ས་གནས་བཅའ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ས་ཁུལ་ལ། མི་རིགས་རང་གི་སྐད་ཡིག་བེད་སྤྱོད་དང་ཡར་རྒྱས་གཏོང་བའི་ཐོབ་ཐང་ཡོད་ཟེར་བ་དེ་གཞིར་བཟུང་སྟེ། དགེ་སློབ་ཚོའི་ཞི་རྒོལ་ལ་རྒྱ་གཞུང་གིས་ཨང་ཉན་གྱིས་ཐག་གཅོད་ཡག་པོ་ཞིག་མ་བྱས་ན། འདིས་བོད་མི་རྣམས་རྒྱ་གཞུང་དང་ཁ་གྱེས་ཏེ་བོད་རང་བཙན་གྱི་ཕྱོགས་སུ་སྐུལ་འདེད་གཏོང་ངེས་ཡིན་ཏེ། བོད་ནང་གི་བོད་མི་དང་ལྷག་པར་དུ་མདོ་སྨད་པ་ཚོས་ནམ་ཡང་རང་གི་སྐད་ཡིག་དེ་བློས་གཏོང་བྱེད་མི་སྲིད་པ་འདས་པའི་ལོ་རྒྱུས་དང་ད་ལྟའི་ལས་འགུལ་ལས་བསྟན་ཡོད་ཀྱང་། ད་དུང་ས་གནས་རྒྱ་གཞུང་གིས་སྲིད་ཇུས་དེ་མུ་མཐུད་དུ་རྒྱུན་བསྐྱངས་ན། གང་ལྟར་བོད་མི་ཚོ་འཆི་རྒྱུ་ཡིན་པས་འཆི་སྟངས་ཐད་ནས། བོད་པའི་གཏམ་དཔེར་“ཝ་རྔ་མ་ཤར་ལེར་བྲོས་བ་ལས། སྟག་འཛུམ་དྲུག་ཉི་ལེར་ཤི་ན་དགའ“་ཟེར་བ་དེ་དངོས་སུ་ལག་བསྟར་བྱེད་ངེས་རེད།

བོད་པའི་སྐད་ཡིག་གི་ཁྱབ་ཁོངས་ཐད་བོད་དུ་དགེ་སློབ་ཚོའི་ཞི་རྒོལ་གྱི་གྲུ་ཟུར་མང་བོ་བཙན་བྱོལ་ནང་གི་བོད་ཁྱིམ་སློབ་གྲྭ་གཙོས་སློབ་གྲྭ་ཁག་དང་གནད་ཡོད་མི་སྣ། བཙན་བྱོལ་དུ་འཚར་བའི་དབྱིན་ཡིག་གི་མི་རབས་དག་ལའང་རང་བཞིན་གྱིས་འཕོག་བཞིན་ཡོད་དེ། ས་གནས་རྒྱ་གཞུང་གི་སྲིད་ཇུས་འདིའི་རྒྱབ་ལོག་གི་འགྲེལ་བཤད་དང་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་དང་དབྱིན་ཡིག་གི་མི་རབས་ཚོའི་བར་མ་གྲོས་བསམ་པ་མཐུན་ས་ཧ་ཅང་མང་བོ་རེད།

མཇུག་ཏུ་ཞུ་འདོད་པ་ཞིག་ལ། ཐེངས་འདིའི་དགེ་སློབ་ཚོའི་ལས་འགུལ་དེ་རྒྱ་གཞུང་གི་ཁྲིམས་འོག་ནས་ལས་འགུལ་སྤེལ་བཞིན་ཡོད་དུས། བཙན་བྱོལ་ནང་གི་མི་སྒེར་གནས་ལུགས་ལ་ལྟ་མི་ཤེས་མཁན་སྒྲ་ཞིག་ཐོས་ན་ཟུག་ཟུག་ཆོག་ཆོག་མི་བུ་དག་ཐེངས་འདིར་ཁྱོད་ཚོ་མ་ཟུག་ན་བཟང་། ཕན་པ་ལས་གནོད་ཆེ་ཞིང་གདུང་སེམས་མཉམ་སྐྱེད་ཟེར་བ་དེ་ད་ཐེངས་དགོས་ཀྱི་མི་འདུག དེ་བས་བཙན་བྱོལ་གྱི་སློབ་གྲྭ་དང་མི་རབས་གསལ་བ་ཚོས་བོད་ཡིག་ལ་ཤུགས་བརྒྱབ་སྟེ་བོད་ཡིག་གནས་སྟངས་ཡག་ཙམ་བྱུང་ན། བོད་ནང་གི་དགེ་སློབ་ཚོར་དགོས་པ་དེ་ཡིན་པ་ཤེས་བར་མཛོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. དཀར་མཚོ་སྐྱིད། says:
    ལོ་ 16 སྔོན།

    གོང་གི་རྩོམ་ཡིག་འདིའི་ནང་གི་ཚིག་ཁ་ཤས་བློ་ངོར་འཐད་པར་མ་མཐོང་སྟེ། གཅིག རྒྱ་ནག་རྒྱལ་ཁབ་ནི་ང་ཚོའི་མེས་པོའི་རྒྱལ་ཁབ་དང་དགའ་བའི་རྒྱལ་ཁབ་ཅིག་མིན་བཞིན་དུ་དེ་ལ་མེས་རྒྱལ་ཞེས་ལབ་ན་མི་འགྲིག་པ་དང་ང་ཚོའི་འདས་པའི་ལོ་རྒྱུས་ཀྱི་ནང་དུ་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཟེར་བ་དང་ཡང་འགལ་རྐྱེན་དུ་གྱུར་ཡོད། གཉིས། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་སློབ་ཕྲུག་ཚོས་རང་རེའི་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ལ་བཙན་བྱོལ་དུ་བཞུགས་པའི་རྒྱལ་སྤྱིའི་བོད་རིགས་ཚང་མས་དེ་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བ་ནི་འོས་ཤིང་འཚམས་པ་དང་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཏུ་གྱུར་བ་ལས་རྒྱ་ནག་གིས་ང་ཚོ་ལ་མ་ཉེས་ཁ་གཡོགས་བྱེད་ཀྱི་རེད་བསམས་ནས་ཞེད་སྣང་སྐྱེས་ནས་བསྡད་ན་གཏན་ནས་མི་འགྲིག་གོ །

    Reply
  2. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    མི་བུ་འདིའི་སྐད་ཆའགར་ང་རང་ཧ་ཅང་འཐད་པ་འདུག ཉེ་འཆར་ཕྱི་སྡོད་བོད་མིའི་ཁྲོད་རང་བཙན་གཙང་མ་ཞེས་སྐད་རྒྱག་མཁན་འགས་ཀྱང་ཞུ་གཏུགས་ཡི་གེ་དེར་མཚན་རྟགས་བརྒྱབས་སོང་། སྐྲག་མི་དགོས་ས་ནས་ག་རེ་བྱེད་བྱེད་རེད། འོན་ཀྱང་གཞེས་ལུས་མི་དམངས་ཚེ་སྲོག་འགན་འཁུར་ཡོད་པ་བྱེད་རོགས་ཟེར་གྱི་ཡོད།

    Reply
  3. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དགུས་གུས་ཞེས་ནོར་འདུག དགའ་གུས་ཞེས་སུ་བཅོས་གནང་རོགས།

    Reply
  4. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    བློ་གྲོས་རབ་བརྟན་ལགས།

    བར་ལམ་མ་མཇལ་རྒྱུན་རིང་སོང་ཞིང་། ཁྱེད་ཀྱི་རྣམ་དཔྱོད་དེ་ཡང་མཚམས་རེ་ལན་རེ་ལས་མཇལ་དུ་མ་བྱུང་། འདི་ལྟར་ཕེབས་པར་དགུས་གུས་ཞུ་ཡི་ཡོད།

    ༼བཙན་བྱོལ་གྱི་སློབ་གྲྭ་དང་མི་རབས་གསར་པ་ཚོས་བོད་ཡིག་ལ་ཤུགས་བརྒྱབ་སྟེ་བོད་ཡིག་གནས་སྟངས་ཡག་ཙམ་བྱུང་ན། བོད་ནང་གི་དགེ་སློབ་ཚོར་དགོས་པ་དེ་ཡིན་པ་ཤེས་བར་མཛོད།༽ སྐད་ཆ་འདི་གནད་འགག་རེད།

    བཙན་བྱོལ་ནང་གི་སློབ་མ་ཚོས་བོད་ཡིག་ནི་ང་ཚོའི་ཚེ་སྲོག་ཡིན་ཞེས་ག་ཚད་བརྗོད་ཀྱང་རུང་གི དགོས་རྒྱུ་ངོ་མ་ནི། ཉི་མ་སང་ཉིན་ནས་ང་ཚོར་ཡང་སློབ་ཚན་ཚང་མ་བོད་ཡིག་གི་ལམ་ནས་འཁྲིད་རོགས། ང་ཚོ་ཡང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆ་ཤས་ལེན་མཁན་བྱེད་ཀྱི་ཡིན་ཟེར་བ་ཞིག་གི་སེམས་ཐག་གཙང་མ་བཅད། གོམ་པ་མདུན་སྤོ་ཞིག་བྱེད་པའི་བློ་ཐག་གཙང་མ་བཅད་ནས་བོད་ནང་གི་སློབ་མ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡིན་ན་ནི། ང་ཚོར་དགོས་རྒྱུ་དེ་རེད།

    བཙན་བྱོལ་ནང་གི་སློབ་མ་ཚོས་ད་རེས་ལན་པོ་ཡོད་མེད་ལ་མ་ལྟོས་པར། གདུང་སེམས་མཉམ་བསྐྱེད་ཀྱི་ཕྱིའི་རྣམ་འགྱུར་བསྟན་དང་སྟོན་གྱིན་ཡོད་པ་འདི་ཤིན་ཏུ་ནས་མི་འོས་པ་ཞིག་མ་རེད། འོན་ཏེ། བོད་ནང་གི་སློབ་མ་དང་། བོད་ནང་གི་དགེ་རྒན། བོད་ནང་གི་ཤེས་ཡོན་པ་ཚོའི་སོར་སེམས་འདི། ང་ཚོར་ངེས་པར་སྐྱེ་ཐུབ་པ་དང་ངེས་པར་ཁོང་ཚོའི་རྗེས་སུ་ཞུགས་ཏེ། ལག་ལེན་དངོས་ཀྱི་སྟེང་ནས་བོད་ཀྱི་སྐད་ཡིག་འདི་སྐད་ཡིག་ཕལ་བའི་ངོ་བོ་ནས་སྦྱངས་དང་སྦྱོང་མུས་ཀྱི་གནས་སྟངས་འདི་གང་མགྱོགས་བསྒྱུར་ནས་བོད་ནང་གི་ད་ལྟའི་ལས་འགུལ་ལ་གཞོགས་འདེགས་རེ་གནང་རྒྱུ་ཐུགས་ཀྱི་དཀྱིལ་ལ་བཅངས་རན་ནས་འདུག་སྙམ་དུ་འདོད།

    དེ་མིན་ང་ཚོས་ཁོང་ཚོར་བསྟོད་བསྔགས་དང་ཡི་རང་ཞུས་དང་ཞུ་མུས་འདི་ཡག་པོ་རེད་དེ། གཞོགས་འདེགས་ངོ་མ་དང་དགོས་རྒྱུ་ངོ་མ་དེ་ཆགས་ཀྱི་ཡོད་པ་མ་རེད་སྙམ་དུ་འདོད་ལགས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese