མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་ལྷིང་འཇཊ་ཆེད་ཞབས་རིམ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ཨེ་ཊ་ལན་ཌར་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་དགའ་ལྡན་ཁྲི་པ་སྐྱབས་རྗེས་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དབུ་བཞུགས་ཐོག་གྲྭ་ཚང་གི་དགེ་འདུན་པ་ཞལ་གྲངས་ ༣༠ ཙམ་དང་། ཨེ་ཊི་ལན་ཌར་གནས་བཞུགས་བོད་རིགས་མི་མང་བཅས་ཁྱོམ་མི་གྲངས་ ༡༥༠ ལ་ཉེ་བ་ལྷན་འཛོམས་ཐོག འཛམ་གླིང་སྤྱི་དང་བྱེ་བྲག་བོད་པའི་བདེ་རྩའི་ཆེད་ཞབས་རིམ་ཞིག་བསྒྲུབས་ཡོད་འདུག ཁ་སང་ཞོགས་པའི་ཆུ་ཚོད་ ༩ ཙམ་ནས་མགོ་འཛུགས་ཀྱིས་དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་ཆོ་ག་གསུངས་ཡོད་ཅིང་། ཉིན་རྒྱབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་པ་སྲུང་ཟིན་པའི་དགེ་འདུན་པ་བཅུ་གྲངས་ཀྱིས་དྲུག་ཅུ་བའི་ཆོ་ག་བཏང་ཡོད་འདུག ཕྱི་དྲོ་དགེ་འདུན་པ་དང་མི་དམངས་ཡོངས་ནས་ཤེས་རབ་སྙིང་བོ་གསོག་སྒྲུབ་གནང་ཡོད་འདུག

 

གོང་གི་ཞབས་རིམ་དེ་ནི་བོད་གཞུང་ཆོས་དོན་ལས་ཁུངས་བརྒྱུད་༧གོང་ས་མཆོག་གིས་ “འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་བོད་ནང་དུ་ཞི་བདེ་ལྷིང་འཇགས་ཡོང་ཆེད། སྤྱི་ལོ་ ༢༠༡༠ ཟླ་༡༡ ཚེས་ ༢ དང་། བོད་ཚེས་ཀྱི་ཟླ་དགུ་པའི་ཚེས་པ་༡༦ གི་ཉིན་མོར་སྟབས་འཁེལ་བ་བགྱིས་ནས། མདོ་ཕྱོགས་ཀྱི་དགོན་སྡེ་ཁག་ནས་ཤེས་རབ་སྙིང་པོ་མཚན་ཕུད་དང་། སྔགས་ཕྱོགས་ཀྱི་དགོན་སྡེ་ཁག་ནས་གཏོར་རྒྱག་དང་ཚོགས་གང་མང་གསོག་དགོས” ཞེས་བཀའ་གནང་ཡོད་སྐོར་དགའ་ལྡན་ཁྲི་པ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་གསུངས་པ་ལྟར་བསྒྲུབས་པ་ཞིག་ཡིན་འདུག

ད་དུང་ཆོས་ཚོགས་དེས་ཕྱི་ཚེས་ ༦ ཉིན་བོད་ཀྱི་དུས་སྟོན་ཟེར་བ་ཞིག་སྲུང་གཙི་ཞུ་འཆར་ཡོད་པ་དང་། དུས་སྟོན་དེའི་སྐོར་དགེ་བཤེས་ཡེ་ཤེས་ལགས་ཀྱིས་ངོ་སྤྲོད་གནང་དོན། བོད་ཀྱི་དུས་སྟོན་ཟེར་བ་འདི་ད་བར་ལོ་གསུམ་ལས་འགོར་ཡོད་མ་རེད། འདི་མགོ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་རིག་གནས་དང་། སྒྱུ་རྩལ། ཁ་ཟས་སོགས་ངོ་སྤྲོད་བྱེད་པ་བརྒྱུད་ནས་གཙོ་བོ་ཡུལ་གྲུ་འདིར་བོད་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དེ་རེད། ཅེས་དང་། ཨེ་ཊི་ལན་ཌར་བཅའ་སྡོད་བྱེད་བཞིན་པའི་བོད་རིགས་ཉུང་ཤས་ཤིག་ལས་མེད་ལ། ཆོས་ཚོགས་ཀྱི་ངོས་ནས་རང་ནུས་གང་ཡོད་ཀྱིས་འདི་ལྟ་བུའི་ལས་འགུལ་རིགས་གང་འཇོན་གྱིས་སྒྲུབ་བཞིན་ཡོད། ཨ་རི་བའི་ཕྲུ་གུ་ཚོར་བོད་ཡིག་གི་ཡིག་གཟུགས་འདྲ་མིན་ཐོག་ནས་རང་རང་གི་མིང་འབྲི་སྟངས་སློབ་པ་དང་། དེ་བཞིན། རྡུལ་ཚོན་གྱི་རི་མོ་འབྲི་ལུགས་སྟབས་བདེ་དེ་འདྲ་སློབ་པ། ད་དུང་འཆམ་དང་བོད་གཞས། ཟས་རིགས་སོགས་ངོ་སྤྲོད་བྱེད་པ་བརྒྱུད་བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་ཀྱིན་ཡོད། ཅེས་ངོ་སྤྲོད་གནང་ཡོད་འདུག

གོང་གི་གནས་ཚུལ་དེ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭའི་སློབ་བུ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་མཁོ་གཏོང་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    གསར་འགྱུར་རྒྱས་པ་གཟིགས་འདོད་ན་འདིར་ཤོག http://www.rangwang.net/?essayId=999

    གསལ་བཤད་བྱེད་རྒྱུ་ཞིག་ལ། བཀའ་ཁྲིའི་སྔོན་འགྲོའི་འོས་གཞིའི་སྐབས་སུ་ཁྲི་རིན་པོ་ཆེ་ཨེ་ཊི་ལན་ཌར་ད་དུང་ཕེབས་མི་འདུག ཞབས་རིམ་འདི་དང་འོས་བསྡུ་གཉིས་བར་ལ་འབྲེལ་བ་ཅང་མི་འདུག

    གསར་འགྱུར་འདིའི་རྒྱུ་ཆ་མཁོ་གཏོང་བྱེད་མཁན་དང་རྒྱུ་ཆ་བེད་སྤྱད་ནས་གསར་འགྱུར་འབྲི་མཁན་གཉིས་སོ་སོ་ཡིན་པ་དེ་ཡང་ཤེས་དགོས་རྒྱུ་རེད་འདོད།

    གཞན་རྨོག་རུ་བསྟན་པ་ཟེར་བ་དེའི་སྐད་ཆ་སྐབས་དོན་དང་འབྲེལ་བ་གང་ཡང་མི་འདུག་སྙམ།

    Reply
  2. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    གསར་འགྱུར་འདི་ཐད་གཏོང་བྱས་བའམ་གང་ལྟར་ཚིག་སྦྱོར་དང་ཡིག་ནོར་ཡང་འགའ་རེ་ཐོན་བཞིན་འདུག་པས་རྩོམ་སྒྲིག་པས་དུས་ལྟར་ལེགས་བཅོས་གནང་རྒྱུ་མཁྱེན། དཔེར་ན་སྤྱན་རས་གཟིགས་ལ། སྤྱན་རིས་གཟིགས་དང་། བསྙེན་པ་ལ་གཉེན་པ། དྲུག་ཅུ་བ་ལ་དྲུག་ཅུ་མ་ཞེས་བྲིས་འདུག གཞན་དཔའ་རིས་ཐོགས་མེད་ཀྱིས་བཤད་པ་དེ་ཡང་། ཁ་དཔེར། རྫུན་ཡིན་པ་ལ་ཉན་རྒྱུ་འདུག་ཅེས་བའི་དཔེ་ལྟར་བྱེད་སྒོ་འདི་འདྲའི་རིགས་ལ་ང་ཚོས་བསམ་བློ་གཏོང་དགོས་ཀྱི་འདུག འོས་བསྡུའི་ཉིན་མོ་ནི་རྒྱལ་ཁབ་གང་དུ་གལ་འགང་ཆེ་ཤོས་སུ་བརྩི་བཞིན་འདུག

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངེད་ཚོ་ཁག་ཅིག་དང་། ཨ་རིར་ཡོད་པའི་དཔའ་རིས་ཐོགས་མེད་ཟེར་བ་ཞིག་དང་ང་ཚོར་དྲི་བ་དྲི་ལན་བྱས་སོང་། དཔའ་རིས་ཐོགས་མེད་ཀྱིས་ཆོས་དང་ཆབ་སྲིད་ཁ་ཁ་བྱེད་དགོས་པའི་བསམ་ཚུལ་ཚོར་ཤུགས་ཆེན་པོས་བཤད་སོང་། ཁོས་བཤད་དོན་ཆོས་དང་ཆབ་སྲིད་ཁ་ཁ་མ་བྱས་ན་ང་ཚོར་གྱོང་རེག་གིན་འདུག ཉེ་ཆར་བཀའ་བློན་ཁྲི་བའི་འོས་བསྡུའི་ཉིན་འོས་བསྡུ་བྱེད་ས་དེར་མི་ཧ་ཅང་ཉུང་ཉུང་རེད། མི་ཚང་མ་དགའ་ལྡན་ཁྲི་བའི་གསུང་ཆོས་ཤིག་གནང་གིན་ཡོད་པ་དེར་བུད་སོང་བ་རེད། ང་རང་ལ་བློ་ཕམ་ཆེན་པོ་བྱུང་ཞེས་གནས་ཚུལ་ཕྱོགས་གཅིག་ལ་ལྟོས་ནས་ཆོས་ལུགས་ཀྱིས་མ་འཐུས་པ་ཞིག་བཤད་ཀྱིན་འདུག
    སྤྱིར་ཁོ་རང་གིས་ཀྱང་ཆོས་ངོ་མ་ངོས་འཛིན་བྱེད་མ་ཐུབ་པའི་སྐྱོན་ཆ་ཡོད་ནའང་། དགའ་ལྡན་ཁྲི་བར་གསུང་ཆོས་བཀོད་སྒྲིག་བྱེད་མཁན་ཚོས་ཀྱང་འོས་བསྡུའི་དུས་ཚོད་དང་བསྟུན་ནས་གསུང་ཆོས་ཞུས་བསྡད་པ་དེ་ནོར་འཁྲུལ་རེད་བསམ་གྱིན་འདུག བཀའ་བློན་ཁྲི་བ་དང་སྤྱི་འཐུས་འོས་བསྡུ་ལས་ལྷག་གིས་ཆབ་སྲིད་ཀྱི་གནས་བབ་གལ་ཆེན་ཞིག་མེད་པ་རེད། དུས་ཚོད་དེ་དང་སྟབས་བསྟུན་མི་མང་གསུང་ཆོས་ལ་མགོ་འཁོར་དུ་བཅུག་པ་ནི་བློ་ཕམ་དགོས་པའི་གནས་ཚུལ་ཞིག་རེད།

    Reply
  4. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    ཞབས་རིམ་བསྒྲུབ་བ་ཡག་པོ་རེད་དེ་ཚིག་གི་བདེ་སྦྱོར་འགྲིགས་ཀྱི་མི་འདུག
    ཞི་བདེ་ལབ་ཟིན་ནས་ལྷིང་འཇགས་ཆེད་ལབ་པ་ལ་བསྡུས་སྐྱོན་རེད།ཞི་བདེ་ལ་ལྷིང་འཇགས་ཀྱི་ཁྱབ་རེད།
    བློ་གསལ་གླིང་གིས་དགའ་ལྡན་ཁྲི་བ་ལབ་ན་ཧ་ཅང་ནོར་འཁྲུལ་བ་ངོས་འཛིན་བྱེད་ཆོག
    ཚིག་གི་སྡེབས་སྦྱོར་ལ་བལྟ་རྒྱུ་ཧ་ཅང་གི་གལ་ཆེ་བོ་ཞིག་རེད།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    མི་མང་གི་དུས་ཚོད་རླུང་ལ་བསྐུར་འདུག འཛམ་གླིང་སྤྱི་དང་བྱེ་བྲག་བོད་པའི་བདེ་རྩའི་ཆེད་ཞབས་རིམ་བསྒྲུབས་པའི་ཕན་ཐོག་ཡོད་ན། ང་ཚོའི་ལུང་པ་རྒྱ་ལག་ཏུ་ཤོར་དགོས་དོན་མེད། འདི་ལྟ་བའི་ལས་ཀ་དོན་མེད་རྐྱང་རྐྱང་བགྱིས་བསྡད་པས་ང་ཚོའི་མགོ་ནམ་འགྱོག་མ་ཐུབ་པ་རེད། ལས་རྒྱུ་འབྲས་ལ་དུང་བའི་མི་རིགས་འདི་འཇིག་རྟེན་བཀོད་པ་པོ་ཁེས་ཆེ་བ་ཞིག་ཏུ་ཅི་ལ་འགྱུར་བ་རེད། ཞབས་རིམ་གྱིས་ཕན་ཐོག་ཡོད་ན་ང་སང་ཉིན་ཨ་རི་ལ་ཐོན་པར་ཤོག བླ་མ་དཀོན་མཆོག་གསུམ་པོ་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese