མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་འཕེལ་རིམ་ནང་ཏག་ཏག་བསྡད་འདུག་གམ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲིའི་ཚོད་ལྟའི་འོས་བསྡུའི་སྐབས་ང་ཚོས་ཐེམ་ཐོ་རྒྱག་ས་དེ་ས་གནས་འོས་བསྡུའི་རྒྱན་ཤོག་ཅིག་ཡོད་པ་དེའི་ཐོག་བརྒྱབ་པ་རེད་མ་གཏོགས་དཔྱ་ཁྲལ་ལག་དེབ་ཐོག་ལ་རྩ་བ་ནས་བརྒྱབ་ཡོད་པ་རེད་ཟེར།  

ཁ་སང་ཕྱི་ཚེས་ ༤ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་སྐོར་གྱི་དཔེ་དེབ་ཅིག་དཔར་འགྲེམས་ཞུས་ཡོད་ཅིང་། དེ་ནི་ད་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ། བུད་མེད་ལྷན་ཚོགས་ཀྱིས་བཞུགས་སྒར་དང་ཧི་མ་ཅལ་མངའ་སྡེ་གཙོས། ཨོ་རི་ས། ཀ་ན་ཊ་ཀ ཨ་རུ་ཎ་ཅལ་སོགས་མངའ་སྡེ་ཁག་ ༡༢ དང་། བལ་ཡུལ་དང་ཨ་རི། ཡུ་རོབ་བཅས་ཀྱི་ས་གནས་ཁག་ ༣༧ ཙམ་གྱི་ནང་འོས་བསྡུ་བྱས་གནས་ཚུལ་ཁག་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ཞིང་། ཚོད་ལྟའི་འོས་བསྡུ་ལ་འཛམ་གླིང་རྒྱལ་ཁབ་ཁག་ ༣༧ ནས་བོད་རིགས་ ༩༨༧༠ ཙམ་གྱིས་ཆ་ཤས་བླངས་ཡོད་ཅིང་། དེའི་ཁྲོད་བུད་མེད་ཀྱིས་བརྒྱ་ཆ་ ༥༠།༩༠ དང་སྐྱེས་པའི་བརྒྱ་ཆ་ ༤༩།༡༠ ཙམ་ཟིན་འདུག  

 

དེབ་དེའི་ནང་ས་གནས་ཁག་གི་གནས་སྟངས་སྐོར་ལ། ས་གནས་ཚང་མར་མང་ཚོགས་ཀྱི་འོས་བསྡུའི་གོ་རྟོགས་ཧ་ཅང་ཞན་པོ་འདུག དཔེར་ན། བྷན་ངྷ་ར་དང་ལ་དྭགས། མ་ན་ལི། དོན་གྲུབ་གླིང་ས་གནས་བཅས་ཀྱི་མི་མང་པོ་ཞིག་གིས། འོས་བསྡུའི་འགེངས་ཤོག་ནང་ཆ་རྐྱེན་མང་དྲགས་པའི་རྐྱེན་གྱིས་འགེངས་ཤོག་ཆ་ཚང་ཞིག་སྐོང་མ་ཐུབ་པར་རྩིས་མེད་གཏོང་དགོས་པ་གང་འཚམས་འདུག མང་ཚོགས་ལ་འོས་ཤོག་འགེངས་སྟངས་ཀྱི་སྦྱོང་བརྡར་སྤྲོད་དགོས་ཀྱི་འདུག ཁ་ན་ཊ་དང་དེ་མིན་གྱི་ས་ཁུལ་ཁག་ཅིག་ཏུ་འོས་ཤོག་འགེངས་སྐབས་གོ་རིམ་འཁྲུག་ཡོད་པར་མ་ཟད། ལྷག་པར་དུ་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཚོད་ལྟའི་འོས་བསྡུ་དེ་བོད་རྒྱལ་ཡོངས་བཀའ་ཁྲིའི་འོས་འདེམས་ལ་གོ་ནོར་ཐེབས་མཁན་མང་པོ་ཞིག་བྱུང་ཡོད་སྐོར་སོགས་བཀོད་འདུག

 

དེ་རིང་འདི་གའི་གསར་འགོད་པས་དབུས་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་རིང་གཡང་འཛོམས་ལགས་སུ་ཚོད་ལྟའི་འོས་བསྡུའི་དཔེ་དེབ་དང་འབྲེལ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་པར་ཁོང་མོས་བརྗོད་དོན། དམངས་གཙོའི་འཕེལ་རིམ་ནང་ཐུགས་ཕན་གསོ་ཐུབ་ན་བསམས་ཏེ། ང་ཚོས་ཚོད་ལྟའི་འོས་བསྡུ་དང་འབྲེལ་བའི་དཔེ་དེབ་དང་བརྙན་ཕབ་ཅིག་འགྲེམས་སྤེལ་ཞུས་ཡོད་ལ། ས་གནས་ཁག་ཏུ་འོས་བསྡུའི་གོ་རྟོགས་མཐོ་རུ་གཏོང་ཆེད་སྐད་མ་བཅུ་ཙམ་ཡོད་པའི་བརྙན་ཕབ་ཅིག་ཀྱང་བཟོས་ཡོད།  དེ་ནི་ཚོད་ལྟའི་འོས་བསྡུའི་སྐབས་ས་གནས་ཁག་ཏུ་དཀའ་ངལ་ཅི་ཙམ་འཕྲད་ཡོད་མེད་དང་། མ་འོངས་པར་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་བཅས་ཀྱི་ཆེད་ཡིན། ཞེས་བརྗོད་བྱུང་།

 

ཡང་ཁོ་མོར་ད་བར་ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་མ་བྱས་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར་ལན་བསྐྱོན་དོན། བུད་མེད་ལྷན་ཚོགས་ཀྱིས་ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་དུས་ཐོག་གསལ་བསྒྲགས་མ་བྱས་པར་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེར་བྱུང་ཡོད་ཀྱང་།  ང་ཚོས་དགོས་པ་རྒྱུ་མཚན་ཞིག་ལ་བལྟས་ཏེ་ཕྱིར་བསྒྲགས་མ་བྱས་པ་ཡིན།  བོད་གཞུང་འོས་བསྡུ་ལྷན་ཁང་གིས་སྔོན་འགྲོའི་འོས་བསྡུ་མ་གནང་གོང་ལ་ང་ཚོའི་ཚོད་ལྟའི་འོས་གྲངས་གསལ་བསྒྲགས་བྱས་ན། མི་མང་པོ་ཞིག་གི་བསམ་བློར་འགྱུར་བ་ཐེབས་རྒྱུ་ཡིན་པ་དང་། གལ་སྲིད་འགྱུར་བ་ཐེབས་ན་མང་གཙོའི་འཕེལ་རིམ་ནང་ཏག་ཏག་ཅིག་བསྡད་མེད་སྟབས། ང་ཚོས་ཕྱིར་འགྱངས་བྱ་དགོས་བྱུང་སོང་། བོད་གཞུང་དབུས་འོས་བསྡུ་ལྷན་ཁང་གིས་སྔོན་འགྲོའི་འོས་གྲངས་གསལ་བསྒྲགས་མ་གནང་སྔོན་ལ། ང་ཚོས་གསར་འགོད་གསལ་བསྒྲགས་ཤིག་བསྐྱང་འཆར་ཡོད། ཅེས་བརྗོད་བྱུང་།

 

གསར་འགོད་པས་བུད་མེད་ལྷ་ཚོགས་ཀྱི་ཚོད་ལྟའི་འོས་བསྡུའི་སྐབས། བོད་གཞུང་འོས་བསྡུ་ལྷན་ཁང་ལ་ཆོག་མཆན་ཞུས་ཡོད་མེད་དྲིས་སྐབས། ང་ཚོས་ཐོག་མར་དབུས་འོས་བསྡུ་ལས་ཁུངས་དང་བཀའ་བསྡུར་བྱས་ཏེ་ཚོད་ལྟའི་འོས་བསྡུ་བྱེད་ཐུབ་པ་བྱུང་ཡོད་ཀྱང་། བུད་མེད་ལྷན་ཚོགས་ཀྱིས་དཔྱ་ཁྲལ་ལག་དེབ་ཐོག་སྒེར་གྱི་ཐེམ་ཐོ་བརྒྱབ་པ་རེད་ཅེས་སྤྱི་ཚོགས་ནང་གླེང་ཕྱོགས་ཤིག་བཟོས་ཡོད་སྟབས། དབུས་འོས་བསྡུ་ལས་ཁུངས་ནས་ང་ཚོར་དེ་ག་རེ་རེད་ཅེས་བཀའ་གནང་སོང་། སྐབས་དེར་ང་ཚོས་གནས་སྟངས་དེ་ས་གནས་གང་དུ་བྱུང་ཡོད་ན་གསལ་པོ་བཟོ་རོགས་ཞུས་སྐབས། དེ་ནས་ཁོང་ཚོར་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ཚོད་ལྟའི་འོས་བསྡུའི་སྐབས་ང་ཚོས་ཐེམ་ཐོ་རྒྱག་ས་དེ་ས་གནས་འོས་བསྡུའི་རྒྱན་ཤོག་ཅིག་ཡོད་པ་དེའི་ཐོག་བརྒྱབ་པ་རེད་མ་གཏོགས་དཔྱ་ཁྲལ་ལག་དེབ་ཐོག་ལ་རྩ་བ་ནས་བརྒྱབ་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

སྐར་མ ༢༧ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨

མཆན། 5

  1. delekp says:
    ལོ་ 15 སྔོན།

    བེུད་ལྷན་ཚོགས་ཀྱི་བཀའ་ཁྲི་ཚོད་བལྟའི་འོས་བསྡུ་ཟེར་བ་དེས་མི་མང་པོ་ཞིག་ལ་དོགས་པ་གསར་པ་མང་པོ་ཞིག་བསྐྲུན་ཡོད་པ་དང་། བེུད་ལྷན་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་ལའང་སྐྱོན་བརྗོད་མང་པོ་ཞིག་བྱེད་མཁན་བྱུང་ཡོད། ལས་འགུལ་དེས་བེུད་ལྷན་ཚོགས་ཀྱི་ཆེས་མཐོང་ལ་གནོད་སྐྱོན་ཞེ་དྲག་བཏང་ཡོད། མ་འཽངས་པར་བེུད་ལྷན་ཚོགས་ནས་ལས་འགུལ་གང་ཞིག་བརྩམ་རུང་གཟབ་གཟབ་དང་བློ་གཟུ་བོར་གནས་ཏེ་བརྩམ་དགོས།། །།

    Reply
  2. གངས་ཅན། says:
    ལོ་ 15 སྔོན།

    ཕལ་ཆེར་གོང་གི་ཚིག་དེ་”དཔྱ་ཁྲལ་ལག་དེབ་ཐོག་རྩ་བ་ནས་བརྒྱབ་ཡོད་པ་མ་རེད་ཟེར”ཡིན་རྒྱུ་རེད། གངས་ཕྲུག་གི་དྲི་བ་ཡང་དེའི་སྟེང་ཡིན་པ་འདྲ། ལན་དུ་དམིགས་བསལ་ཚོགས་ཆེན་གྱི་ཚིག་ཅིག་ལུང་འདྲེན་བྱས་པ་དེ་ལན་འཁྱོལ་མི་འདུག་སྙམ།

    Reply
  3. པ་སངས་ཚེ་རིང་། says:
    ལོ་ 15 སྔོན།

    འོས་བསྡུའི་ཆ་རྐྱེན་མང་དྲགས་ནས་འགེངས་ཤོག་འཐུས་ཚང་བཀང་མ་ཐུབ་པའི་གནས་ཚུལ་འདི་ནི། ང་ཚོ་བཙན་བྱོལ་བོད་མིའི་གཞི་ཆགས་ཀྱི་མི་མང་སྤྱིའི་ཤེས་ཡོན་གྱི་གནས་སྟངས་དང་། མང་གཙོའི་གོ་རྟོགས་ངོ་མ་དེ་ཡིན་པ་རེད། གལ་སྲིད་བེུད་ལྷན་ཚོགས་ནས་གནས་ཚུལ་དེ་དག་མ་བྱུང་བའི་སྔོན་ཉམས་ཞིབ་ཕྲན་བུ་ཞིག་གནང་ནས་སྔོན་འགྲོའི་སྔོན་དུ་ཟབ་་སྦྱོང་སྟབས་བདེ་ཞིག་སྤྲད་ཐུབ་ཡོད་ན་ཇི་ལྟར་དགེ་བའི་ལས་འགུལ་ཞིག་ཡོང་ངེས་རེད། དེ་ན་དགོངས་བཞེས་ཀྱིས་མ་འོངས་ཕྱག་ལས་གནང་ཕྱོགས་ལ་ཡར་རྒྱས་ཀྱི་གོམ་པ་གནང་གལ། ལས་འགུལ་དེ་ནི་མང་གཙོ་འཕེལ་རིམ་ལ་ཧ་ཅང་ཕན་ཐོགས་ཆེ་བས་ཐུགས་རྗེ་ཆེ།

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་ཕྲུག་ལགས། ཁྱེད་ཀྱི་དྲི་བ་དེའི་ལན་འདི་ཡིན་པ་འདྲ། ད་ལོའི་སྐུའི་འཁྲུངས་སྐར་དང་བསྟུན་བུད་མེད་ཚོགས་པས་ཚོད་ལྟའི་འོས་བསྡུ་ཞིག་གནང་ཡོད། སྐབས་དེར་འོས་འཕེན་པ་དག་གི་རང་བཙན་ལག་དེབ་ཐོག་ཐམ་ག་ཞིག་བརྒྱབ་ཡོད་རབས་གོ་སོང་། དེའི་ཐད་སྤྱི་ཚོགས་ནང་གླེང་སློང་གང་འཚམ་བྱུང་ཡོད། ད་ལོའི་ལྷོ་ཕྱོགས་ཀྱི་དམིགས་བསལ་ཚོགས་ཆེན་སྟེང་། ” ཉེ་ཆར་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བསྡུ་ཞེས་པའི་སྐབས། དང་བླངས་དཔྱ་དངུལ་ལག་དེབ་ཐོག་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཞིག་གི་རྟགས་ཐམ་ཕབ་པ་བྱུང་ཡོད་པའི་གནས་ཚུལ་འདུག་པའི་ཐད། ཚང་མས་ཤེས་རྟོགས་དགོས་ཀྱི་འདུག་པ་དང་། མ་འོངས་པར་དེ་རིགས་མི་འབྱུང་བའི་དམ་དོན་གལ་ཆེན་གནང་དགོས” ཞེས་སྤྱི་མོས་བྱུང་ཡོད།
    ཕལ་ཆེར་འདི་འདྲ་ཞིག་ཡིན་པ་འདྲ།

    Reply
  5. གངས་ཕྲུག says:
    ལོ་ 15 སྔོན།

    གསར་འགོད་པ་དཔལ་ལྡན་ལགས།
    གོང་གི་ཚིག་བཅད་འདིའི་དོན་ཧ་གོ་མ་སོང་
    ༼བཀའ་ཁྲིའི་ཚོད་ལྟའི་འོས་བསྡུའི་སྐབས་ང་ཚོས་ཐེམ་ཐོ་རྒྱག་ས་དེ་ས་གནས་འོས་བསྡུའི་རྒྱན་ཤོག་ཅིག་ཡོད་པ་དེའི་ཐོག་བརྒྱབ་པ་རེད་མ་གཏོགས་དཔྱ་ཁྲལ་ལག་དེབ་ཐོག་ལ་རྩ་བ་ནས་བརྒྱབ་ཡོད་པ་རེད་ཟེར། ༽
    གསལ་བཤད་ཞིག་གནང་རོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese