མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནད་དོན་འདི་རིགས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་བཞུར་ཡོང་བའི་ཆུ་དང་དེའི་མཚོན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་དེ་དག་རྒྱ་གར་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོར་བོད་ཀྱི་སྣོད་བཅུད་ཐོག་སེམས་ཁུར་ཡོད་སྐོར་གསལ་སྟོན་བྱེད་རྒྱུའི་ཐོབ་ཐང་ཡོད། གནད་དོན་འདི་རིགས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད། ཅེས་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཌེ་ཝ་ནི་མཆོག་ལ་གསུངས་ཡོད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཚོགས་ཆེན་ཐེངས་དྲུག་པ་དེ། ཕྱི་ཚེས་ ༥ ནས་ ༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་ཧ་རི་ཡ་ན་མངའ་སྡེ་ནང་འཚོགས་བཞིན་ཡོད་པ་དང་། ཚོགས་འདུ་དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་ཟུར་པ་ལི་ཁུ་རི་ཤི་ན་ཨིག་ཝ་ཎི་ Lal Krishna Advani གཉིས་ཕེབས་ཡོད་པ་མ་ཟད། གཞན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཨེ་ཇི་སིན་མིན་ཁོ་ཊི་ཡ་ Vijay Singh Mankotia དང་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཅས་ཀྱང་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱལ་ཁབ་ཁག ༥༧ ནས་ཚོགས་ཞུགས་པ་ ༢༥༠ ཙམ་ཞུགས་ཡོད་ཡོད་ཅིང་།  ཚོགས་འདུའི་ལེ་ཚན་ཁག་ཅིག་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་བརྒྱུད་ཐད་གཏོང་ཞུ་བཞིན་ཡོད།   

ཚོགས་འདུ་དབུ་འཛུགས་ཐོག་༧གོང་ས་མཆོག་གིས་བཀའ་གནང་དོན།  ཨ་ཌེ་ཝ་ནི་མཆོག་དང་གཅེན་གཅུང་རྣམས་ལ་ཞུ་རྒྱུ་ཞིག་ལ། ངོས་རང་དེ་རིང་འདིར་ཡོང་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དུས་རྒྱུན་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འདུ་འཛོམས་སྐབས། ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད། བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི་བོད་པའི་དཀའ་ངལ་གྱི་ཆ་ཤས་ཤིག་ཡིན། བོད་པའི་དཀའ་ངལ་ལ་རྣམ་པ་གཞན་ཞིག་ཡོད་པ་ནི་བོད་ཀྱི་ཁོར་ཡུག་དེ་ཡིན། སྣོད་བཅུད་དཔྱད་ཞིབ་པ་མཁས་དབང་དང་རྒྱ་ནག་གི་སྣོད་བཅུད་དཔྱད་ཞིབ་པ་འགས་མཐོ་སྒང་བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཡིན་ཞེས་འགྲེལ་བརྗོད་བྱེད་བཞིན་ཡོད། གང་ཡིན་ཞེ་ན། སའི་གོ་ལའི་ཚ་དྲོད་དེས་མཐོ་སྒང་བོད་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེ་བཞིན་ས་གཞིའི་ལྷོ་བྱང་གི་སྣེ་མོར་ཡང་དེ་ལྟ་བུའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་བོད་དེ་སའི་གོ་ལའི་ཚ་དྲོད་དང་འབྲེལ་བ་ཆེན་པོ་ཆགས་ཡོད། ཅེས་དང་། 

ཁོང་གིས་མུ་མཐུད་དུ་བཀའ་གནང་དོན། ཆུ་ཆེན་ཁག་གིས་མི་རིགས་དུང་ཕྱུར་མང་པོ་འཚོ་གནས་བྱེད་བཞིན་ཡོད་པ་དེ་དག་གི་འབྱུང་ཁུངས་བོད་མཐོ་སྒང་གི་འཁྱགས་རོམ་དང་མཐའ་ཁོར་གྱི་གངས་རི། པཱ་ཀི་སི་ཐན། རྒྱ་ནག་བཅས་ནས་ཡིན། དེ་བཞིན་རྒྱ་གར་ནང་རྟ་མཆོག་ཁ་འབབ་དང་ཆུ་ཆེན་ཁག་གི་འབྱུང་ཁུངས་བོད་ཡིན། ཆུ་ཆེན་དེ་ཚོའི་འབྱུང་ཁུངས་རྒྱལ་ཁབ་གཞན་ནས་ཡིན་ན་ཡང་། དེ་དག་རྒྱ་གར་གྱི་མི་མང་ས༌ཡ་མང་པོས་བེད་སྤྱོད་བྱེད་ཀྱིན་ཡོད། བོད་ནས་བཞུར་ཡོང་བའི་ཆུ་དང་དེའི་མཚོན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་དེ་དག་རྒྱ་གར་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོར་བོད་ཀྱི་སྣོད་བཅུད་ཐོག་སེམས་ཁུར་ཡོད་སྐོར་གསལ་སྟོན་བྱེད་རྒྱུའི་ཐོབ་ཐང་ཡོད། གནད་དོན་འདི་རིགས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད། ཅེས་གསུངས། 

སྟབས་ལེགས་པ་ཞིག་ལ་ཀྲུའུ་རུང་ཆིང་ནས་བཟུང་གཞི་ནས་ཁོང་ཚོས་ཤིང་ནགས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་རྟོགས་བྱུང་ཡོད། དེ་སྔོན་ཁོང་ཚོར་སྣོད་བཅུད་ཀྱི་ཐོག་གོ་རྟོགས་གང་ཡང་མེད། ཀྲུའུ་རུང་ཆིང་གི་དུས་སུ་ཤིང་ནགས་གཅོད་འབྲེག་མི་ཆོག་པའི་ལམ་སྟོན་བྱས་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ཀྱི་རྐྱེན་པས་ལམ་སྟོན་དེ་དག་ལག་བསྟར་བྱས་མེད། ཉེ་ཆར་བོད་ཨ་མདོ་མགོ་ལོག་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཕོག་སྐབས། རྒྱ་མི་ཁ་ཤས་ཀྱིས་ཆུ་ལོག་དེ་རང་བྱུང་གི་རྐྱེན་ངན་ཞིག་མིན་པར། མིས་བཟོས་པའི་རྐྱེན་ངན་ཞིག་ཡིན་སྐོར་དཔྱད་གཏམ་བྲིས་ཡོད། དེ་སྔ་ས་གནས་དེར་ཤིང་ནགས་མཐུག་པོ་ཡོད་ཀྱང་ལོ་བཅུ་ཕྲག་ཁ་ཤས་ནང་ཤིང་ནགས་དེ་དག་ཤུལ་མེད་བཟོས་ཟིན་པར་བརྟེན། རྒྱ་ནག་གི་མཁས་དབང་འགས་རྐྱེན་ངན་དེ་མིས་བཟོས་པ་ཞིག་རེད་ཅེས་བྲིས་ཡོད། བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་བྱ་རྒྱུ་དེ་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ན། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ས་ཡ་མང་པོར་གལ་ཆེན་པོ་ཆགས་ཡོད།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 5

  1. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    གཟིགས་ཀྱི་འདུག་གམ། ༸གོང་ས་་མཆོག་གིས་ཞལ་དཀྲིས་དམར་པོ་ཞིག་མནབས་ཨེ་འདུག ཉིན་དེའི་སྔོན་ཙམ་དུ་རྡ་སར་དབྱིན་ཇིའི་མི་མང་པོ་ཞིག་དང་ལྷན་འཛོམས་གནང་ཞིང་། སྐབས་དེའི་ཉིན་གཉིས་པར་མགུལ་ཆམ་བཞེས་ནས་གསུང་བཤད་ཀྱང་མང་པོ་གནང་མ་སོང་ལ། གསུང་ཡང་འགྱུར་ནས་སྐུ་ལས་ཡོད་པའི་རྣམ་པ་འདུག་ཀྱང་། ཕྱི་ཉིན་དེར་ཞལ་དཀྲིས་དམར་པོ་དེ་སླར་ནས་མནབས་ནས་ཕྱིར་ཕེབས་སོང་། ཅི་དྲག
    མགུལ་ཆམ་དེ་གང་མགྱོགས་སངས་དྲག་འོང་བར་ཤོག

    Reply
  2. བསྟན་པ་དར་རྒྱས། says:
    ལོ་ 16 སྔོན།

    གནད་དོན་འདི་ནི་མི་རེ་རེ་ལ་འཁྲི་བའི་འགན་འཁྲི་ཞིག་ཡིན་སྟབས། སུས་ཀྱང་དོ་སྣང་དང་ཉམས་འཇོགབྱ་དགོས་འདུག

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཚོགས་ཆེན་ཐེངས་ག་ཚོད་ཚོགས་ཀྱང་དོན་ངོ་མའི་ཆ་ནས་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་དཀོན་པོ་རེད། ཚོགས་འདུའི་བཀའ་མོལ་ཚོགས་ཁང་རང་དུ་ལྷག་རྒྱུ་རེད། ཆབ་སྲིད་པ་ཚང་མས་དཔལ་འབྱོར་གྱི་གཞན་དབང་ཁོ་ནས་རྗེས་སུ་བསྙེགས་ཀྱི་འདུག ད་དུང་ཞིབ་ཏུ་བརྟག་དཔྱད་གནང་དང་།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་བཀའ་སློབ་ཞེ་དྲག་ནན་མོ་གསུངས་འདུག
    བོད་དོན་ཐད་ལ་ཡང་དམིགས་གསལ་གསུངས་བ་ལ་ཐུགས་རྗེ་བླ་ལྷག་ཤུན་ཏུ་ཆེ།
    སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཐའ་དབུས་ཀུན་ཏུ་ཁྱབ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་མཁྱེན་མཁྱེན།

    Reply
  5. ནད་པ says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་སྟེང་བོད་མིའི་བནལ་ན་མེད་པའི་དབུ་ཁྲིད་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུས་བསྩལ་བའི་བཀའ་སློབ་དེའི་ནང་བོད་ཀྱི་གནད་དོན་སྐོར་ལ་བརྗོད་ན་ཁག་གསུམ་ཡོད་པ་སྟེ།

    དང་པོ། རང་བྱུང་ཁོར་ཡུག་གིས་ཆ་ནས་བཤད་ན་རྒྱ་གར་དང་། རྒྱ་ནག པ་ཀེ་སེ་ཐན་སོགས་ཁྱི་མཚེས་རྒྱལ་ཁབ་ཁག་གི་ནང་མི་དམངས་དུང་ཕྱུར་གཅིག་ལྷག་ཙམ་གྱིས་ཆུའི་འབྱུང་ཁུངས་དེ་བོད་ཡིན་ལ་རྒྱ་ནག་གིས་ཚན་རིག་པ་ཚོས་ཀྱང་བོད་དེ་འཛམ་གླིང་གི་ལྷ་སྣེ་གསུམ་པ་ལྟ་བུར་གྱུར་ཡོད་ཅེས་བཤད་བཞིན་ཡོད་པ་ལྟར་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་ལ་ཁྱེད་ཚོར་གནད་དོན་གླེང་རྒྱུའི་ཐོབ་ཐང་ཡོད་ལ་རྒྱ་ནག་སྐམ་ས་ཆེན་པོ་རང་ཉིད་ལའང་ཁེ་ཕན་ཡོད་སྟབས་དེ་ནི་ཆབ་སྲིད་དང་འབྲེལ་བ་མེད་ཅེས་གསུངས་འདུག

    གཉིས་པ། རིག་གཞུང་སྐོར་ནས་ཡིན་ལ་བོད་ཀྱི་རིག་གཞུང་ནི་འཚེ་བའི་མེད་པའི་གནའ་བོའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་གཅིག་ཡིན་ལ་དེ་ནི་བྱམས་པ་དང་བརྩེ་བས་སྐརུན་པའི་ཞི་བདེའི་རིག་གཞུང་གཅིག་ཡིན་སྟབས་ངས་རྒྱུན་དུ་ང་རང་རྒྱ་གར་གྱི་འཚེ་མེད་ཞི་བདེའི་མགྲིན་ཚབ་བ་ཞིག་ཀྱང་ཡིན་ཞེས་བཀའ་བསྩལ་འདུག

    གསུམ་པ། བོད་ཀྱི་གནད་དོན་དེ་ནི་བོད་མི་རང་ཉིད་ཀྱི་གཞིའི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནད་དོན་གཅིག་ཡིན་སྟབས་གནད་དོན་དེ་ནི་འགྲོ་བ་མའི་གཞིའི་རྩའི་ཐོབ་ཐང་དང་རང་དབང་གི་སྐོར་ཡིན་ཞེས་བཀའ་སློབ་བཀའ་དྲིན་བསྩལ་འདུག

    དེར་བརྟེན་གནད་དོན་འདིའི་རིགས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་ཅེས་གསུངས་པ་དེ་བོད་ཀྱི་རང་བྱུང་ཁོར་ཡུག་གི་སྐོར་ནས་གསུངས་པ་མ་གཏོགས་ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཆེན་འདི་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་ཅེས་པར་གོ་ནོར་ཐེབས་རྒྱུ་མེད།

    བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese