མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་སྒོར་དུང་ཕྱུར་ ༢༠༠ ཡི་ཚོང་འབྲེལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

ཉིན་འདི་འགར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཧྥ་རན་སིའི་ནང་། ཉིན་གསུམ་རིང་གི་རྒྱལ་དོན་གཟིགས་སྐོར་དུ་སྐྱོད་བཞིན་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་ཧུའུ་ཅིན་ཐོ་སོགས་ནམ་ཐང་དུ་བསླེབས་མ་ཐག ཧྥ་རན་སིའི་སྲིད་འཛིན་སར་ཁོ་སི་ Sarkozy དང་ཁོང་གི་སྐུ་ལྕམ་གཉིས་གཙོས་པའི་གནད་ཡོད་དཔོན་རིགས་ཁག་ཅིག་གིས་ཕེབས་བསུ་གཟབ་རྒྱས་བྱས་ཡོད། སྐབས་དེར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་ཧྥ་རན་སིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་གི་བཀག་ཉར་འོག་ཡོད་པའི་སྐུ་ཞབས་ལིག་ཞོ་པོ་ཀློད་གྲོལ་གཏོང་དགོས་པའི་འབོད་ཚིག་འོག་ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པ་དང་། ཉིན་རྒྱབ་བོད་རིགས་མི་གྲངས་ ༢༠༠ ལྷག་གིས་ཐེངས་འདིར་སྲིད་འཛིན་སར་ཁོ་སིས་བོད་ནང་གི་དཀའ་ངལ་སྐོར་སྲིད་འཛིན་ཧུའུ་དང་གླེང་མོལ་བྱ་དགོས་པའི་རེ་འདུན་འོག་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག

སྲིད་འཛིན་ཧུའུ་ཅིན་ཐོ་ཧྥ་རན་སིར་མ་འབྱོར་བའ་ཉིན་འགའི་སྔོན་ལ། ཧྥ་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། གློག་འཕྲིན་བརྒྱུད་སྲིད་འཛིན་སར་ཁོ་སིར་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་པ་དང་། ཞུ་ཡིག་དེའི་ནང་། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ཕྱི་ཚེས ༤ ཉིན་ཧྥ་རན་སིར་ལྟ་སྐོར་དུ་སྐྱོད་སྐབས། སྲིད་འཛིན་གྱིས་བོད་ཀྱི་གནད་དོན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། རྒྱ་གཞུང་གིས་བོད་མིར་དྲག་གནོན་མཚམས་འཇོག བོད་རྒྱ་འབྲེལ་མུ་མཐུད་མཇུག་སྐྱོང་དགོས་པ། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིག་ཞའོ་པོ་གང་མགྱོགས་གློད་གྲོལ་དགོས་སོགས་བཀོད་འདུག

 

ཐེངས་འདིར་སྲིད་འཛིན་གཉིས་ཀྱི་ཐུག་སྐབས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཡར་སྐུལ་སོགས་མི་དམངས་བྱིངས་ཀྱི་བདེ་སྡུག་དང་འབྲེལ་བའི་ཐོག་གླེང་སློང་གང་ཡང་བྱས་མེད་པ་མ་ཟད། སྲིད་གཞུང་གཉིས་བར་གྱི་མཐོ་རིམ་དཔལ་འབྱོར་ཁེ་ཕན་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བའི་ཐད་ལ་ཡང་གླེང་མོལ་དེ་ཙམ་བྱས་ཡོད་མི་འདུག ཉིན་དང་པོའི་ཚོགས་འདུའི་ཐོག ཧྥ་རན་སི་དང་རྒྱ་ནག་གཉིས་བར་ཡུ་སྒོར་ཐེར་འབུམ་ཆེན་པོ་གཉིས་ ༢༠༠༠༠༠༠༠༠༠༠ ལྷག་གི་ཚོང་དོན་མཉམ་ལས་ཀྱི་གན་རྒྱར་མིང་རྟགས་བཀོད་ཡོད་པ་དང་། རྒྱ་ནག་གིས་ཧྥ་རན་སིའི་ཕྱོགས་ནས་ཨ་སྒོར་ཐེར་འབུམ་ ༡༤ ཙམ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་དང་དམངས་སྤྱོད་ལ་མཁོ་བའི་རྡུལ་ཕྲན་གྱི་ནུས་པ། དེ་བཞིན། ཁོར་ཡུག་སྲུང་སྐྱོབ་ཐུབ་པའི་སོལ་རླངས་སོགས་ཉོ་རྒྱུའི་གྲོས་ཆོད་བཞག་ཡོད་འདུག

ཧྥ་རན་སི་ནི་རྒྱ་ནག་གི་ཚོང་རོགས་ཡག་ཤོས་ཤིག་དང་ཚོང་ལས་མ་རྩ་ཆེན་པོ་འཇོག་མཁན་གྱི་གྲས་ཤིག་ཆགས་ཡོད་སྟབས། སྲིད་འཛིན་སར་ཁོ་སིས་མི་འགྱངས་བར་རྒྱ་ནག་གི་སྒོར་མོའི་འཛའ་ཐང་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་སྐབས་སྲིད་འཛིན་སར་ཁོ་སིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་གཞུང་འབྲེལ་མཇལ་འཕྲད་གནང་བ་དེས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་ཅིང་། གནས་སྟངས་དེའི་རྐྱེན་པས་རྒྱ་ནག་གིས་ཡུ་རོབ་ཀྱི་ཚོགས་འདུ་ཁག་ཅིག་ལ་འཛུལ་ཞིག་བྱས་མེད་པ་མ་ཟད་ཚོང་དོན་ཁག་ཅིག་ཀྱང་ཕྱིར་འཐེན་བྱས་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༢༢ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 7

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    ཆབ་སྲིད་ཉོག་རྒྱུ་མིན་འདུག ཁོང་ཚོའི་ཚོང་འབྲེལ་ཀྱི་ཕྱིར་ཡིན་འདུག
    འོན་ཀྱང་སྲིད་འཛིན་ལ་ལྕམ་མཛེས་མ་ཞིག་འདུག 

    Reply
  2. མགར་ནེ་ཙོ། says:
    ལོ་ 16 སྔོན།

    ཧུའུ་ཅིན་ཐོ་གཙོས་རྒྱ་མིའི་དཔོན་རིགས་སུ་ཡིན་ཀྱང་རྒྱལ་ཁབ་དེའི་གཞུང་འབྲེལ་གྱི་ཆེ་མཐོའི་མི་སྣ་ཚང་མས་སྣེ་ལེན་གཟབ་རྒྱས་བྱས་ཀྱི་ཡོད་པ་ནི། རྒྱལ་ཁབ་གང་དེའི་དཔལ་འབྱོར་ཁེ་ཕན་ལ་རག་ལས་བར་བརྩི་བཞིན་ཡོད་པ་བཞིན། རྒྱ་རིགས་དཔོན་པོ་དག་གང་དུ་སོང་ཡང་སྐད་འབོད་ངོ་རྒོལ་བྱེད་པའང་ང་ཚོ་བོད་པ་
    ཚོས་ཀྱང་སྐབས་བབས་ཀྱི་གནས་བབས་ལ་མི་ལྟ་བར་ངོ་རྒོལ་སྐད་འབོད་བྱེད་ཀྱི་
    ཡོད་པ་ནི་ང་ཚོ་ཕྱི་སྡོད་བོད་པ་ཚང་མ་ཡི་སྲོལ་ལྟ་བུར་ཆགས་ཡོད། གང་ལྟར་བོད་དོན་ནི་བོད་པར་རག་ལས་བར་བདེན་པར་འཁུམས་ཀྱང་བོད་ཕྱི་ཡི་སྐད་
    འབོད་ལ་ལས་བོད་ནང་གི་མི་སྲོག་ཁ་ཤས་འཕྲོག་བཞིན་ཡོད་པ་ང་ཚོས་ནམ་ཡང་ཤེས་དགོས་བར་སེམས་་་་་་་་་་་་་་་་་་་་་་་་་་་

    Reply
  3. དྲང་སྲོང་། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། འདིར་ཁྱེད་ཀྱི་ཁ་བྱང་འདི་ནི་ཧ་ཅིང་ངོ་མཚར་བ་ཞིག་རེད། ཡུ་སྒོར་
    དུང་ཕྱིར་
    ཡུ་སྒོར་དུང་ཕྱིར་ ༢༠༠ ཡི་ཚོང་འབྲེལ།
    འདི་ལ་གོ་རྒྱུ་ཅི་ཡང་མི་འདུག

    Reply
  4. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    ཧྤྥ་རན་སིའི་ཙུང་ཐུང་འདི་ནི་ཇི་འདྲའི་མོ་དགའ་དང་རྒྱུ་དགའ་ཞིག་རེད་འང།ཁོ་ནི་འདོད་ལྷ་མི་ཡུལ་དུ་བྱོན་པའི་རང་གཟུགས་དངོས་རེད།ལོ་གཉིས་སྣྔོན་དུ་ཁོས་བོད་ལ་འགྲོ་བ་མིའི་ཐོབ་ཐང་བརྟྩོན་ལེན་བྱེད་ཆེད་རྒྱ་ནག་གི་ཨོ་ལེན་ཕའེ་ཁུ་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་འཛམ་གླིང་ཡོངས་སུ་བསྒྲགས་མོད།མཐའ་མར་ཁྱི་ལྟར་རྣྔ་མ་གཡུག་ཞོར་རྒྱ་ནག་གི་ལྟད་མོ་ལ་གཟིགས་པར་ཕྱིན་སོང་།ད་ལྟའང་ཁྱི་ལྟར་རྣྔ་མ་གཡུག་པ་དང་འགྲམ་ཆུ་ལྡང་ཞོར་གནམ་གྲུ་ཐང་ནས་རྒྱ་ནག་པོའི་གཏེ་བོ་དེ་ལ་སྣྔོན་བསུ་བྱས་སོང་།ངོ་མ།མི་ལ་ངོ་ཚ་མེད་ན་ཁྱི་དང་།ཁྱི་ལ་རྣྔ་མ་མེད་ན་འདྲེ་ཟེར་བ་དེ་ཏག་ཏག་ཁོ་ལ་བརྗོད་པ་མ་ཡིན་ནམ།

    Reply
  5. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཚོང་འབྲེལ་ཁོོ་ནར་བརྔམས་སྡོད་མཁན་གྱི་ཧྥ་རན་སིའི་སྲིད་འཛིན་འདི་ལ་བོད་རིགས་ཚོས་རེ་བ་མ་རྒྱག་རོགས་གནང་། མི་འདི་ཚོང་དོན་ཆེད་ འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་བྱེད་གཏི་ཞིག་རེད་། ཧྥ་རན་སིའི་མི་མང་རྣམས་བོད་དོན་ལ་སེམས་འཁུར་ཆེན་པོ་རེད་། ང་ཚོས་མ་བརྗེད་པ་བྱེད་དགོས་།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཁ་མཁས་འདྲ་ཆགས་ཁོ་ན་ལས་དོན་ཕན་གྱི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དཀོན་པོ་རེད། དུས་རབས་ཉེར་གཅིག་པ་དེ་དཔལ་འབྱོར་གྱི་དུས་རབས་ལྟ་བུར་གྱུར་བར་བརྟེན། སོ་སོའི་དཔལ་འབྱོར་གྱི་དགོས་མཁོ་དང་མ་བསྟུན་མཁན་ཁག་པོ་རེད།

    Reply
  7. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 16 སྔོན།

    སྲིད་འཛིན་ཧུའུ་ཅིན་ཐོ་ཧྥ་རན་སིར་ཡོང་བ་དེ་ལ་ཕམ་ཁ་དང་རྒྱལ་ཁ་གཉིས་ཁུར་ནས་འགྲོ་ས་རེད།
    ཧྥ་རན་སིའི་སྲིད་འཛིན་ཁོང་གིས་བོད་དོན་ཐད་གླེང་མོལ་བྱེད་རྒྱུའི་རེ་བ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese