མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གི་རྩེད་འགྲན་འདི་འགྲན་སེམས་མེད་པའི་འགྲན་བསྡུར་ཞིག་རེད། བར་ལམ་ཞིག་ནས་འགྲན་བསྡུར་དེ་ཡག་པོ་མི་འདུག་ལབ་ཡོད། དེ་ནི་ཕྲུ་གུ་ཚོར་ང་རྒྱལ་ཕྲག་དོག་སློང་བྱེད་ཀྱི་འགྲན་བསྡུར་དེ་ཡག་པོ་མི་འདུག་ཟེར་བ་ལས། སོ་སོར་བློ་ཁོག་སྐྱེད་བྱེད་དང་ཤེས་ཚད་མཐོ་རུ་གཏོང་བྱེད་ཀྱི་འགྲན་བསྡུར་དེ་ཡག་པོ་ཡོད་པ་རེད། དེ་རིགས་ཤེས་ཡོན་སྲིད་བྱུས་དང་འགལ་གྱི་མེད་ལ། ཕྲུ་གུའི་འཚར་ལོངས་ལ་ཡངས་ཕན་གྱི་ཡོད་ཟེར།

དེ་རིང་སྔ་དྲོ་གངས་སྐྱིད་བོད་གཞུང་སམ་བྷོ་ཊ་ཉིན་སློབ་ཀྱི་ལོ་འཁོར་རྩེད་འགྲན་བྱེད་སྒོ་དང་བསྟུན། ༧གོང་ས་མཆོག་དགོང་གྲངས་ ༧༥ བཞེས་པར་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་ཞིག་སློབ་གྲྭའི་རྩེད་ཐང་དུ་ཚོགས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕེབས་འདུག་ལ། དེ་བཞིན་སམ་བྷོ་ཊའི་སྤྱི་ཁྱབ་ལས་དྲུང་དཔེ་སྟོན་སློབ་གྲྭའི་འགན་འཛིན། སློབ་ཕྲུག་སོ་སོའི་ནང་མི་བཅས་ཀྱང་མཉམ་ཞུགས་གནང་ཡོད་ཅིང། མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སློབ་གྲྭའི་དགེ་ཆེ་མཆོག་གིས་ལས་བསྡོམས་སྙན་སྒྲོན་ཞུས་དོན་ལྟར་ན། ཉིན་སློབ་དེ་ནི་ཤེས་རིག་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་སམ་བྷོ་གྲྭའི་ཁྱབ་ཁོངས་ཀྱི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་ཡིན་ཞིང་། སློབ་གྲྭ་དེ་དབུ་བརྙེས་ཏེ་ད་བར་ལོ་ངོ་ ༣༢ དང་། སློབ་ཕྲུག་ ༡༡༧༤ ཙམ་བྱུང་ཡོད་འདུག ད་ཆར་སློབ་ཕྲུག་གྲངས་ ༨༦ དང་དགེ་ལས་ ༡༡ བཅས་ཡོད་ཅིང་། སྔོན་འགྲོ་མཐོ་དམའ་གསུམ་དང་དམའ་རིམ་འཛིན་གྲྭ་དང་པོ་ནས་གསུམ་པའི་བར་ཡོད་འདུག

 

གངས་སྐྱིད་སམ་བྷོ་ཊ་ཉིན་སློབ་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འཐུས་ཚང་ལག་བསྟར་བྱེད་ཀྱིན་ཡོད་ཅིང་། སློབ་ཕྲུག་ཚོར་ལོ་ཚོད་ལ་འབབ་པའི་བློ་སྤོབས་དང་སྒེར་ཚུགས། རྣམ་དཔྱོད། ཉམས་མྱོང་སོགས་ལ་གོམས་འདྲིས་དང་བྱང་ཆ་ཡོང་སླད། དམིགས་བསལ་སློབ་ཁྲིད་དང་སྦྱོང་བརྡར་སྣ་ཚོགས་སྤྲོད་ཀྱིན་ཡོད་པ་མ་ཟད། ཡ་རབས་བཟང་སྦྱོད་དང་གཙང་སྦྲ་འཕྲོད་བསྟེན། ཁོར་ཡུག་བདག་གཅེས་དང་ལག་ཤེས་བཟོ་ལས། བོད་ཡིག་བོད་སྐད་གསལ་དག་སྙན་གསུམ་ཡོང་བ་བཅས་ཀྱི་ཐད་ཤུགས་སྣོན་བྱེད་ཀྱིན་ཡོད་འདུག

སློབ་གྲྭ་དེའི་མ་འོངས་པའི་ལས་འཆར་གྱི་ཁོངས་སུ། ཕྱི་ལོ་ ༢༠༡༡ ལོ་ནས་ངྷ་ཤོད་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྔོན་འགྲོ་དང་པོ་ནས་འཛིན་རིམ་ལྔ་བའི་བར་གངས་སྐྱིད་སམ་བྷོ་གྲྭ་ཉིན་སློབ་དང་ཟླ་སྒྲིལ་བཏང་སྟེ། སློབ་གྲྭའི་མིང་ལ་༼ གངས་སྐྱིད་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ ༽ ཞེས་བསྒྱུར་རྒྱུ་ཡིན་པ་མ་ཟད། སྐབས་དེ་ནས་བཟུང་སློབ་ཕྲུག་ཚོས་སྒྲིག་ཆས་གྱོན་མི་དགོས་པར་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལག་ལེན་གཙང་མ་བྱ་འཆར་ཡོད་འདུག

 

མཛད་སྒོའི་སྟེང་སློབ་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་དང་། རིག་རྩལ་སྣ་ཚོགས་འགྲན་བསྡུར་མཇུག་བསྒྲིལ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས་མཆོག་གིས་གསུངས་བཤད་གནང་དོན། དེ་རིང་འདིར་སློབ་ཕྲུག་ཚོའི་རྩེད་འགྲན་དང་བསྟུན་༧གོང་ས་མཆོག་དགོང་གྲངས་ ༧༥ ལ་ཕེབས་པར་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཡག་ཤོས་དེ་སློབ་ཕྲུག་ཚོས་སློབ་གཉེར་ཡག་པོ་གནང་རྒྱུ་དང་ཀུན་སྤྱོད་ཡག་པོ་འཁྱེར་རྒྱུ། སློབ་གྲོགས་ཕན་ཚུན་མཐུན་པོ་གནང་རྒྱུ་དེ་རེད། དགེ་ལས་ཚོར་མཚོན་ན། སྐབས་བབ་ཀྱི་ལས་དོན་ལ་ཧུར་ཐག་གནང་རྒྱུ་དང་། འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་ལྷག་བསམ་རྣམ་དག་གིས་ནུས་པ་འདོན་དགོས། སློབ་ཕྲུག་གི་ཕ་མ་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ལ་སློབ་སྦྱོང་བྱས་ཏེ་བཀའ་ཚུལ་བཞིན་བསྒྲུབ་རྒྱུ་དང་སོ་སོའི་བྱིས་པར་ལམ་སྟོན་ཡག་པོ་གནང་རྒྱུ་དེ་རེད། ཅེས་དང་།

 

དེ་རིང་གི་སློབ་ཕྲུག་ཚོའི་རིག་གཞས་སྣ་འཁྲབ་སྟོན་དང་རིག་རྩལ་འགྲན་བསྡུར་ཞེ་དྲག་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བར་ལམ་ཞིག་གནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་ནས་མང་པོ་ཞིག་ལ་ཡོ་བསྲང་དང་བསྒྱུར་བཅོས་མགོ་བཙུགས་པ་རེད་ལ། སམ་བྷོ་ཊའི་སློབ་གྲྭ་ཁག་གིས་དམིགས་བསལ་ཐུགས་འགན་འཁྱེར་ཡོད། དེ་དག་ལ་གྲུབ་འབྲས་གང་འཚམ་མཐོང་ཡོང་གི་འདུག་སྟབས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤེས་ཡོན་སྲིད་བྱུས་ནང་གལ་ཆེན་དུ་རྩིས་ཏེ་བཤད་བཞག་པའི་སྦྱོང་ཚན་སློབ་སྟངས་སོགས་རིགས་ཁ་ཤས་ཡོད། དེ་དག་ཐོག་ཤུགས་རྒྱག་དགོས་པ་རེད། དཔེར་ན། དམའ་རིམ་ནས་བོད་པའི་སྐད་ཡིག་དེ་ཡག་པོ་ཞིག་བསླབ་ཐུབ་དགོས། ད་ལྟའི་སློབ་ཕྲུག་ཙམ་དུ་མ་ཟད་ང་ཚོ་མགོ་འཁྲིད་མཁན་ཚོའི་ནང་དུ་ཡང་སྣང་བ་དག་དྲགས་ཏེ། ཕྲན་བུ་འགྱུར་བསྡད་པ་མང་པོ་མཐོང་གི་འདུག མགོ་ཀ་མད་སུམ་ཅུ་ནས་སྒྲ་དག་པོ་དགོས་པ་གལ་ཆེན་པོ་རེད། དེང་སང་ཡི་གེ་རེ་རེའི་སྒྲ་ཉམས་འགྲོ་བཞིན་འདུག དམའ་རིམ་ནས་སྒྲ་དག་པོ་ཞིག་མ་གོམས་པ་ཡིན་ན། བོད་པའི་སྐད་ཡིག་གི་ཁྱད་ཆོས་མང་པོ་ཞིག་ཉམས་རྒྱུའི་ཉེན་ཁ་འདུག་སྟབས། དེ་དག་ཐོག་དགེ་རྒན་ཚོས་ཆེད་དུ་སྦྱོང་བརྡར་གནང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། དེ་རིང་གི་རྩེད་འགྲན་འདི་ལ་འགྲན་བསྡུར་ཟེར་ཡང་འགྲན་སེམས་མེད་པའི་འགྲན་བསྡུར་ཞིག་རེད། བར་ལམ་ཞིག་ནས་ང་ཚོས་འགྲན་བསྡུར་དེ་ཡག་པོ་མི་འདུག་ལབ་ཡོད་ཀྱང་། དེ་ནི་ཕྲུ་གུ་ཚོར་ང་རྒྱལ་ཕྲག་དོག་སློང་བྱེད་ཀྱི་འགྲན་བསྡུར་དེ་ཡག་པོ་མི་འདུག་ཟེར་གྱི་ཡོད། སོ་སོར་བློ་ཁོག་སྐྱེད་བྱེད་དང་ཤེས་ཚད་མཐོ་རུ་གཏོང་བྱེད་ཀྱི་འགྲན་བསྡུར་དེ་ཡག་པོ་ཡོད་པ་རེད། དེ་རིགས་ཤེས་ཡོན་སྲིད་བྱུས་དང་འགལ་གྱི་མེད་ལ། ཕྲུ་གུའི་འཚར་ལོངས་ལ་ཡངས་ཕན་གྱི་ཡོད། ཅེས་གསུངས་སོང་།

མཇུག་ཏུ་དྲུང་ཆེ་མཆོག་གིས་སློབ་ཕྲུག་ཚོར་རེ་སྐུལ་ཞུས་དོན། སློབ་ཕྲུག་ཚོ་ཁྱིམ་དུ་བཞུགས་སྐབས་ཕ་མའི་ཁ་ལ་ཉན་པོ་བྱ་རྒྱུ་དང་། སློབ་གྲྭར་ཡོད་སྐབས་དགེ་རྒན་གྱི་གསུང་ལ་ཡག་པོ་གསན་རྒྱུ། དུས་རྟག་ཏུ་སློབ་སྦྱོང་ལ་ཧུར་བརྩོན་དང་། མ་གོ་ས་དང་མ་ཤེས་ས་ཡོད་ན་དགེ་རྒན་ཚོར་ཡང་ཡང་བཀའ་འདྲི་ཞུ་རྒྱུ་གལ་ཆེན་པོ་རེད། ང་ཚོ་བོད་མི་རིགས་ཀྱི་རྩ་དོན་ནང་གལ་ཆེ་བའི་དོན་དག་མང་པོ་ཞིག་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ལོ་ངོ་ལྔ་བཅུ་ལྷག་འགོར་ཡང་། ད་དུང་བཟོ་ལྟ་ཐོན་པ་ཞིག་ཆགས་ཐུབ་ཀྱི་ཡོད་པ་མ་རེད། ཁྱེད་ཅག་སློབ་ཕྲུག་ཚོ་སོ་སོའི་ཕ་མའི་རེ་བ་བཅོལ་ས་ཡིན་ལ། བོད་གཞུང་དང་བོད་མི་དམངས་ཀྱིས་རེ་ལྟོས་བཅའ་ས་ཡང་ཁྱེད་རང་ཚོ་ཆགས་ཡོད་སྟབས། དགེ་རྒན་དང་ཕ་མ་སློབ་ཕྲུག་ཚང་མའི་ནུས་པ་མཉམ་དུ་སྤུངས་ཏེ་ཤུགས་རྒྱག་དགོས་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༨ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༠ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 5

  1. ཇ་མ་ says:
    ལོ་ 16 སྔོན།

    འཇམ་དབྱངས་ཀྱིས་བཤད་པ་དེ་ངོ་མ་རེད་བསམ། རྡ་སའི་བོད་ཡིག་གི་དཔེ་སྟོན་ཆེ་ཤོས་དེ་ཝར་ཎ་མཐོ་སློབ་ཡིན། སྔོན་ཆད་ཝར་ཎའི་སློབ་ཐོན་པ་ཚོའི་བོད་ཡིག་གི་རྨང་གཞི་ལ་གཞི་བཅོལ་ནས་བཤད་ཀྱིན་ཡོད། དེ་ཚོའི་བོད་ཡིག་གི་གནས་སྟངས་བོད་ནང་ལ་བསྡུར་ན་ཐབས་སྐྱོ་པོ་ཡོད་པ་ང་ཚོས་མཐོང་གསལ་ཡིན། དེང་གི་ཝར་ཎའི་མཐོ་སློབ་བོད་ཡིག་གི་གནས་སྟངས་སྔར་ལས་ཧ་ཅང་ཐབས་སྡུག་པོ་རེད། གང་ལ་ཟེར་ན་གཞི་རིམ་སློབ་གྲྭ་ཁག་ནས་ཡིག་རྒྱུག་མ་ལོན་པ་ཚོ་དང་བོད་ཡིག་རྩ་བ་ནས་མི་ཤེས་པའི་རྒྱ་གར་དང་ནེ་པལ་མཐའ་མཚམས་ཀྱི་མི་རིགས་ཚོ་སློབ་གྲྭ་འདི་ནང་བཅུག་བཞིན་ཡོད་དུས་བོད་ཡིག་གི་རྨང་གཞི་ག་འདྲ་ཞིག་ཡར་རྒྱས་ཡོང་། རྡ་སའི་བཙན་བྱོལ་མི་ལོ་ལྔ་བཅུའི་ནང་བོད་ཡིག་གི་རང་ཚུགས་ཐུབ་པའི་བོད་མིའི་གྲངས་ཀ་ད་དུང་ཀླད་ཀོར་ཡིན། དེ་ནི་རྒྱལ་བ་རིན་པོ་ཆེའི་ཕྱག་གིས་ནང་སྐྱངས་བའི་འབྲས་བུ་ཡིན། གྲྭ་སའི་གྲྭ་པ་བཤད་གི་རེད།

    Reply
  2. དགྲ་འདུལ། says:
    ལོ་ 16 སྔོན།

    གོང་གི་སློབ་ཕྲུག་ཚོའི་འཁྲབ་སྟོན་གྱི་གྱོན་ཆས་དེ་རིགས་དངོས་གནས་ལེགས་པོ་འདུག་པས་དགེ་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུའོ།།

    Reply
  3. འཇམ་དབྱངས། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་འདི་བོད་ཀྱི་ཤེས་ཡོན་སྲུང་སྐྱོབ་ཀྱི་ཞབས་འདེགས་སུ་འགྲོ་ཡི་ཡོད་དམ་གཏོར་བཤིག་ཏུ་འགྲོ་ཡི་ཡོད་ཆ་མ་འཚལ། བོད་གཞུང་གིས་དགྲ་བཅོམ་པ་རྐྱང་རྐྱང་སྐྱེད་སྲིང་བྱེད་འདོད་ཡོད་པ་འདྲ། དགོས་སར་ཆད་འགྲོ་བ་དང་མི་དགོས་པར་ལྷུག་གཏོང་བྱེད་པ་འདི་བོད་གཞུང་གི་རང་མཐོངས་ཆེ་བའི་སྐུ་ངོ་ཚོའི་གཤིས་ཀ་རེད། ཉོན་མོངས་རྒྱུད་ལྡན་གྱི་གང་ཟག་ཅིག་ཡིན་ཚེ་”འགྲན་བསྡུར”བྱེད་སྐབས་ང་རྒྱལ་དང་ཕྲག་དོག་མེད་མཁན་སུ་འདུག སློབ་ཕྲུག་བྱིས་པ་ཚོར་མགོ་སྐོར་མ་གཏོང་། མི་ཤེས་ན་ཤེས་མདོག་མ་བྱེད། རྒྱལ་བ་རིན་པོ་ཆེ་ལ་ཀྱལ་ཀ་མ་བྱེད། དྲང་བདེན་གྱིས་དེ་སྔོན་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོ་སོགས་སུ་བསྩལ་བའི་བཀའ་སློབ་དེ་ཚོ་སེམས་ལ་ཉར་ནས་འཐུས་ཤོར་ལ་མི་འགྲོ་བར་བརྩོན་ན་ལེགས། བསམ་བློ་ཞིབ་ཏུ་ཐོངས་དང་། དགོན་པ་གྲྭ་ཚང་ཁག་དང་བཤད་གྲྭ་ཁག་ཕུད། བོད་གཞུང་གིས་གསོ་སྐྱོང་བྱས་པའི་སློབ་གྲྭ་ཁག་ནས་བོད་ཀྱི་ཤེས་ཡོན་ཐད་བྱས་རྗེས་འཇོག་ཐུབ་པའི་སློབ་ཕྲུག་ཇི་ཙམ་ཐོན་ཡོད། བོད་ཡིག་རང་རྐྱ་འཕེར་བ་གཅིག་སྟོན་རྒྱུ་ཡོད་དམ། སྐུ་ངོ་ཚོ།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཤེས་རིག་དྲངས་ཆེན་མཆོག་གིས་གསུངས་པ་དེ་བདེན་པ་རེད།དེང་སང་དགེ་རྒན་དང་སློབ་ཕྲུག་མང་པོས་དབྱངས་ཀྱི་སྒྲ་གདངས་ཐོན་པ་དང་རྗེས་འཇུག་སྒྲ་དེ་ཡང་ཐོན་ཡོང་གིན་འདུག།གཅིག་བྱས་ན་དབུས་སྐད་ཐོག་དེ་ལྟར་སློབ་སྲོལ་ཞིག་མིན་འགྲོ་དྲན་ནས་དབུས་པ་ཚོ་ལ་དྲིས་ཀྱང་དེ་ཡང་རེད་མི་འདུག།ད་བྱེད་དུས་བཙན་བྱོལ་བའི་ཐུ་མི་སམ་བྷ་ཊ་གསར་པ་ཞིག་གིས་སློབ་སྟངས་ཡིན་པ་འདྲ།

    Reply
  5. བློ་དགའ། says:
    ལོ་ 16 སྔོན།

    སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས ( ད་ལྟའི་སློབ་ཕྲུག་ཙམ་དུ་མ་ཟད་ང་ཚོ་མགོ་འཁྲིད་མཁན་ཚོའི་ནང་དུ་ཡང་སྣང་བ་དག་དྲགས་ཏེ། ཕྲན་བུ་འགྱུར་བསྡད་པ་མང་པོ་མཐོང་གི་འདུག མགོ་ཀ་མད་སུམ་ཅུ་ནས་སྒྲ་དག་པོ་དགོས་པ་གལ་ཆེན་པོ་རེད། དེང་སང་ཡི་གེ་རེ་རེའི་སྒྲ་ཉམས་འགྲོ་བཞིན་འདུག དམའ་རིམ་ནས་སྒྲ་དག་པོ་ཞིག་མ་གོམས་པ་ཡིན་ན། བོད་པའི་སྐད་ཡིག་གི་ཁྱད་ཆོས་མང་པོ་ཞིག་ཉམས་རྒྱུའི་ཉེན་ཁ་འདུག ) ཞེས་གསུངས་པ་འདིར་རྒྱུ་མཚན་ཆེན་པོ་འདུག དཀའ་ངལ་འདི་སློབ་ཕྲུག་དང་བོད་གཞུང་གི་ལས་བྱེད། དགེ་རྒན། གྲྭ་ས་ཁག་གི་གྲྭ་བ་ཡོངས་རྫོགས་ལ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese