མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉི་ཧོང་ནང་གི་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་༧གོང་ས་མཆོག་གིས་ཉི་ཧོང་ནང་གི་ཉིན་གྲངས་དགུའི་རིང་གི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་ཉི་ཧོང་གི་ནཱ་རི་ཏ་གནམ་ཐང་དུ་ཞབས་སོར་བཀོད་སྐབས། བཙན་བྱོལ་བོད་གཞུང་གི་ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་དང་གྲོང་ཁྱེར་ཨོ་ས་ཁ་ Osaka ཡི་རྒྱལ་སྤྱིའི་ཚོང་དོན་མཐུན་ཚོགས་འོག་མའི་ཚོགས་མི་ཁག་ཅིག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

ཉི་ཧོང་གི་གསར་འགོད་པ་ཚོས་༧གོང་ས་མཆོག་ལ་ཉེ་ཆར་བོད་ནང་གི་སློབ་ཕྲུག་ཚོའི་ངོ་རྒོལ་དེའི་སྐོར་ལ་དགོངས་ཚུལ་ཅི་ཡོད་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས། བོད་ཀྱི་སྐད་ཡིག་དེ་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་ཡིག་དང་མཉམ་པའི་ཕྱུག་པོ་དང་སྤུས་ཚད་མཐོ་བོ་ཡོད་པ་ཞིག་ཡིན་ལ། ལེགས་སྦྱར་གྱི་སྐད་ཡིག་ནས་བོད་ཡིག་ནང་ཕབ་བསྒྱུར་བྱས་པའི་སངས་རྒྱས་བཀའ་བསྟན་འགྱུར་དང་། ནང་ཆོས་ཀྱི་གཞུང་གཞན་དག་གི་སྤུས་ཚད་ཧ་ཅང་མཐོ་བོ་ཡིན་པ་ཡོངས་གྲགས་ཡིན་སྟབས། བོད་ཡིག་བོད་སྐད་སྲུང་སྐྱོབ་ཟེར་བ་དེ་བོད་མི་གཅིག་པུའི་འགན་འཁྲི་ཙམ་མ་ཡིན་པར། འདི་ལ་དཀའ་རྙོག་ཅིག་བྱུང་བ་ཡིན་ན་འཛམ་གླིང་སྤྱིའི་རིག་གནས་གལ་ཆེན་པོ་ཞིག་ཉམས་ཆགས་སུ་སོང་བ་ཡིན་སྟབས་འཛམ་གླིང་གི་མི་ཚང་མར་འགན་ཡོད། ཉེ་ལམ་བོད་ནང་གི་སློབ་ཕྲུག་ཚོས་སྐད་ཡིག་སྲུང་སྐྱོབ་ཐད། རྒྱ་གཞུང་ལ་ཞི་རྒོལ་བྱས་ཡོད་པ་དེ་ཡང་། ད་སྔའི་བོད་ཡིག་ཐོག་ཡོད་པའི་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་རྒྱ་སྐད་ཐོག་འཁྲིད་རྒྱུའི་སྲིད་ཇུས་ཤིག་གསལ་བསྒྲགས་བྱས་པ་ལས་བྱུང་བ་ཞིག་རེད། ཅེས་གསུངས་ཡོད་འདུག

མཆན། 1

  1. ཚང་མ། says:
    ལོ་ 12 སྔོན།

    བོད་ནང་གི་གྲྭ་བ་ཞིག་དང་མཉམ་དུ་གླེང་མོལ་བྱསཔ།
    གནས་ཚུལ་དེ་འདྲ་རང་རེད། དེ་རིང་བར་ལ་དྲ་ཐོག་ཏུ་འགྲོ་རྒྱུའི་གོ་སྐབས་བྱུང་མ་སོང་། ཉིན་དེར་བུ་ཕྲུག་ཚོ་བསྐོར་བསྐྱོད་བྱས་རྗེས་ཕྱོགས་ཡོངས་ནས་འཇིགས་བསྐུལ་བྱས་ཏེ་ཁོ་ཚོ་ཡང་
    བསྐྱར་ཕྱི་ལོགས་ལ་འགྲོ་རྒྱུའི་གོ་སྐབས་སྤྲད་མ་སོང་། མ་ཟད། ད་ལྟའི་བར་གཟའ་ཉི་མའི་ངལ་གསོའི་གོ་སྐབས་ཀྱང་མ་སྤྲད་པར་སློབ་ཁྲིད་བྱེད་བཞིན་འདུག དེ་ནི་མི་འབོར་དང་ངོ་བོ་གང་ཅིའི་ཆ་ནས་གཞན་དང་མི་འདྲ་བའི་འོས་ལངས་ཆེན་པོ་ཞིག་རེད་འདུག སྤྱི་ཚོགས་ཁྱོན་ཡོངས་ཀྱི་བོད་མི་རྒན་གཞོན་དང་ཤེས་རིག་གི་མཐོ་དམན་གྱི་དབྱེ་བ་མེད་པར་
    བོད་པ་ཚང་མས་དེ་ལ་དོ་ཁུར་བྱེད་དགོས་པ་ཆགས་པ་རེད། རྒྱུ་མཚན་རིག་གཞུང་ལ་གཏོར་བཤིགས་གཏོང་བ་ནི་འཚོ་གནས་ལ་གཏོར་བཤིག་བཏང་པས་རྐྱེན་པས་རེད། ང་ཚོ་བོད་ཅེས་པའི་ཐ་སྙད་སྐམ་པོ་ཞིག་འབྱུང་སྲིད་པའི་འཇིགས་སྣང་གིས་རེད།
    དེ་རིང་ཁ་སང་སློབ་གྲྭ་ཆེན་མོ་ཁག་ཏུ་སྲིད་གཞུང་གི་རྩ་འཛུགས་ཡོད་པའི་ཐོག་ནས་བཅོས་བསྒྱུར་ཆེན་པོ་འདི་རྒྱུས་ལོན་དང་བསམ་འཆར་བསྡུ་ལེན་བྱེད་བཞིན་པའི་སྒང་རེད། སློབ་ཆེན་དགེ་རྒན་ཚོས་མི་རིགས་ཀྱི་རིག་གནས་ཀྱི་འཚོ་གནས་ལ་ཕན་པའི་གསུངས་བཤད་མང་པོ་གནང་སོང་། དེར་བརྟེན་སྲིད་གཞུང་གིས་བྱ་བ་འདིར་མཇུག་སྡོམ་མ་བརྒྱབ་པར་ལུས་འདུག
    དེ་རིང་ཁ་སང་གི་བསམ་འཆར་མང་ཆེ་ཤོས་ཀྱི་ནང་དོན་ནི་བོད་ཡིག་མཁོ་མིན་གྱི་གནད་དོན་དེ་
    སློབ་མཐར་ཕྱིན་རྗེས་ཀྱི་བྱ་བ་བགོ་ཐུབ་མིན་གྱི་གནད་དོན་ལ་རག་ལས་ཡོད་པས་ཤེས་ལྡན་པ་དག་གི་གསུང་གི་གཙོ་བོ་ནི་བྱ་བ་བགོ་དུས་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས་ཡིག་ཚད་གཏོང་དགོས་པར་འབོད་བསྐུལ་བྱེད་ཀྱིན་འདུག དེ་གལ་ཆེའི་འགག་རྩ་དང་རྒྱ་དང་འབྲས་བུའི་གོ་དོན་ལེགས་པོ་ཞིག་ཡིན་པར་ངོས་འཇིན་ཡོང་རྒྱུར་དབུས་གཞུང་ལ་རེ་བ་ཞུ་གིན་འདུག
    རིན་པོ་ཆེ་མཆོག་གི་གསུང་བཤད་ནང་བཞིན་དབང་ཆེན་དང་དབང་མེད་ཀྱི་ཁྱད་པར་ཆེན་པོ་ཤོར་དྲགས་པས་ང་ཚོར་ཐུབ་ཚོད་གཏོང་གི་ཡོད་པ་རེད། དེང་སང་བོད་པ་མང་ཆེ་ཤོས་ཀྱི་ཧ་གོ་འདུག་པས་དགའ་འོས་པ་ཞིག་ཏུ་འཁུམས་སོ།
    ཞེས་བརྗོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist