མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཞི་བདེ་ཟེར་བ་དེ་ཡང་རྙོག་དྲ་མེད་པའི་དོན་མིན།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་པ་གཞོན་སྐྱེས་ཁྱེད་རང་ཚོས་དབྱིན་ཇི་སྐད་ལ་དོ་སྣང་བྱ་དགོས་ཀྱི་འདུག སྤྱིར་ངོས་རང་གིས་ཀྱང་དབྱིན་སྐད་ཡག་པོ་ཤེས་ཀྱི་མེད། དབྱིན་སྐད་དེ་ད་ཆ་འཛམ་གླིང་ནང་དར་རྒྱས་ཆེན་པོ་ཆགས་ཡོད། དབྱིན་སྐད་ཤེས་ཚེ་མི་སྣ་འདྲ་མིན་དང་འབྲེལ་བ་བྱ་རྒྱུ་ལས་སླ་པོ་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཉིན་འདི་འགར་སྤྱི་ནོར་༧གོང་ས་མཆོག་ཉི་ཧོང་ནང་མཛད་འཕྲིན་སྐྱོང་གིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་ཨོ་སི་ཁའི་རྒྱལ་སྤྱིའི་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཨེན་ཊེ་ཟི་ཚོགས་ཁང་དུ་ཉི་ཧོང་གཙོས་པའི་རྒྱལ་ཁབ་ཁག་ ༢༩ ལྷག་གི་གཞོན་སྐྱེས་ཚོར་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ཉི་ཧོང་བ་ཚོར་འཛམ་གླིང་ཞི་བདེ་བསྒྲུན་རྒྱུའི་ནུས་པ་ཡོད་སྐོར་གསུངས་དོན། འདས་པའི་ལོ་ངོ་སྟོང་ཕྲག་ཙམ་གྱི་སྔོན་ལ། མི་རྣམས་ཀྱིས་རང་གི་མངོན་འདོད་སྒྲུབ་རྒྱུར་སྨོན་ལམ་རྒྱག་རྒྱུ་ཙམ་ཡིན་ཡང་། ད་ཆ་ཚན་རིག་ལ་བརྟེན་ནས་རང་གི་མངོན་འདོད་རྣམས་སྒྲུབ་ཐུབ་ཀྱི་ཡོད། དུས་རབས་འདི་གང་འདྲ་ཆགས་མིན་དེ་ཁྱེད་ཚོར་རག་ལས་ཡོད།

འདུན་པ་ཡོད་པ་དང་སྨོན་ལམ་བརྒྱབ་པ་དེས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཡོད་པ་མ་རེད། འཛམ་གླིང་ཞི་བདེ་ཡོང་བར་ཀུན་སློང་རྣམ་པར་དག་པའི་སྒོ་ནས་དངོས་སུ་ལག་ལེན་བསྟར་དགོས། འཛམ་ཞི་བདེ་ཟེར་བ་དེ་ཡང་རྙོག་དྲ་མེད་པའི་དོན་མིན། ཇི་སྲིད་མིའི་རྣམ་དཔྱོད་ཡོད་པ་དེ་སྲིད་དུ་བསམ་ཚུལ་མི་མཐུན་པ་དང་རྙོག་དྲ་ཡོང་གི་ཡོད། སེམས་ཅན་བྱ་བྱིའུ་ཚུན་ཆད་ཀྱིས་ཀྱང་འཚེ་བའི་ལས་བྱེད་ཀྱི་ཡོད་ཀྱང་དེ་ཙམ་ཚབས་ཆེན་པོ་བྱེད་ཐུབ་ཀྱི་མེད། བསམ་ཚུལ་དང་རྙོག་དྲ་དེ་དག་གྲོས་མོལ་དང་འཚེ་བ་མེད་པའི་ལམ་ནས་སེལ་དགོས། ཉི་ཧོང་པ་ཁྱེད་རང་ཚོར་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆའི་འོག དཀའ་སྡུག་ཚད་མེད་མྱངས་ཡོད་སྟབས། ད་ཆར་ཁྱེད་ཚོར་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ནུས་པ་ཡོད། ཞི་བདེ་ཟེར་བ་དེ་ཁྲོམ་ནས་ཉོ་མི་ཐུབ་ལ། འཛམ་གླིང་ཞི་བདེ་ཡོང་བར་ཤོག་ཟེར་ནས་མ་ཎི་ལྟར་བགྲངས་ཀྱང་འཛམ་གླིང་ཞི་བདེ་ཡོང་ཐབས་མེད། ཅེས་གསུངས་འདུག

 

ཡང་༧གོང་ས་མཆོག་གིས་ད་ཆར་འཛམ་གླིང་མི་དམངས་ཞི་བདེ་ལ་ཁ་ཅུང་ཙམ་ཕྱོགས་ཀྱི་ཡོད་སྐོར་གསུངས་དོན། དུས་རབས་ ༢༠ མཇུག་ཙམ་དུ་འཛམ་གླིང་ནང་ཞི་བདེར་དོན་གཉེར་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད། ངོས་ལ་གྲོགས་པོ་འབྱོར་ལྡན་ཁ་ཤས་ཡོད། ཁོང་ཚོར་རྒྱུ་དངོས་པོ་སོགས་ཀྱི་དཀའ་ངལ་མེད་ནའང་སེམས་ནང་ཞི་བདེས་ཕོངས་བསྡད་པ་དང་སེམས་པ་མ་སྐྱིད་པ་ཡོང་གི་འདུག དངུལ་གྱིས་སེམས་ལ་དཀའ་ངལ་འཕར་མ་ཞིག་བཟོ་བཞིན་ཡོད་པས་སེམས་ལ་ཞི་བདེ་མེད་པ་དང་གཉིད་མ་ཁུག་པ། ཟས་ལ་ཡི་ག་མེད་པར་ཆགས་པ། ཁྲག་ཤེད་འཕར་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། དེ་དང་འདྲ་བར་ཡང་ཡང་སེམས་འཁྲལ་བྱེད་མཁན་མི་དེའི་ལུས་ཀྱི་ནད་འགོག་བྱེད་ཀྱི་ཟུངས་དེ་ཉམས་ཀྱི་ཡོད་པ་ཚན་རིག་པས་ཤེས་རྟོགས་ཐུབ་ཡོད། དུས་རབས་ ༢༠ པའི་མཇུག་ཙམ་ནས་མི་ཚོས་ཕྱི་དངོས་པོའི་ཡར་རྒྱས་ལ་ཚད་གཞི་ངེས་ཅན་ཞིག་ཡོད་པ་ཤེས་ཏེ། ད་ཆར་ཚན་རིག་པ་ཚོས་སེམས་ཚོར་དང་བསམ་བློའི་རྣམ་བཞག་ལ་དོ་སྣང་བྱ་མགོ་བཙུགས་ཡོད། སེམས་དང་། སེམས་ཚོར་ཟེར་བ་དེ་གང་འདྲ་རེད། མི་མཐུན་ཕྱོགས་ཀྱི་བསམ་བློ་དེ་ལྡོག་ཐབས་གང་འདྲ་བྱ་དགོས་པ་སོགས་ཀྱི་གནས་སྟངས་དེར་དམིགས་བསལ་གྱིས་དོ་སྣང་བྱ་མགོ་བཙུགས་ཡོད། ཁོང་ཚོས་ཆོས་ཀྱི་བསམ་བློའི་ཐོག་ནས་སེམས་ཀྱི་ཞི་བདེ་ལ་དོ་སྣང་བྱས་པ་ཞིག་མིན། ཉེ་ལམ་ངོས་རང་ཨ་རིར་བསྐྱོད་སྐབས། ཨ་རིའི་གཙུག་ལག་སློབ་གྲྭ་ཁག་གསུམ་ཙམ་གྱི་ནང་སེམས་ཚོར་གྱི་རྣམ་བཞག་ལ་དོ་སྣང་གསར་པ་ཞིག་བྱེད་མགོ་བཙུགས་འདུག་པ་མ་ཟད། གཙུག་ལག་སློབ་གྲྭ་སོ་སོའི་སློབ་ཚན་ནང་དུ་སེམས་ལ་སྦྱོང་བརྡར་སྤྲད་དེ་སེམས་ནང་ཞི་བདེ་བསྐྲུན་ཐབས་བྱེད་བཞིན་འདུག ཅེས་གསུངས་འདུག

 

དེ་བཞིན་ཉི་ཧོང་གི་གཞོན་སྐྱེས་ཚོས་དབྱིན་སྐད་སྦྱང་དགོས་སྐོར་གསུངས་དོན། ཉི་ཧོང་པ་གཞོན་སྐྱེས་ཁྱེད་རང་ཚོས་དབྱིན་ཇི་སྐད་ལ་དོ་སྣང་བྱ་དགོས་ཀྱི་འདུག སྤྱིར་ངོས་རང་གིས་ཀྱང་དབྱིན་སྐད་ཡག་པོ་ཤེས་ཀྱི་མེད། དབྱིན་སྐད་དེ་ད་ཆ་འཛམ་གླིང་ནང་དར་རྒྱས་ཆེན་པོ་ཆགས་ཡོད། དབྱིན་སྐད་ཤེས་ཚེ་མི་སྣ་འདྲ་མིན་དང་འབྲེལ་བ་བྱ་རྒྱུ་ལས་སླ་པོ་ཡོད། ཉི་ཧོང་ཡུལ་མི་གཅིག་པུ་ཙམ་མིན་པར་ཨ་ཧྥི་རི་ཀ་དང་། དེ་བཞིན་ཡུལ་ལུང་གཞན་གྱི་མི་དང་འབྲེལ་བ་བྱ་རྒྱུར་ཕན་ཐོགས་ཏན་ཏན་ཡོང་ཐུབ་ངེས་རེད། དབང་པོའི་ཤེས་པ་ཙམ་ལ་བརྟེན་པའི་བདེ་བར་འདོད་བློ་ཁེངས་ཏེ་སྡོད་རྒྱུ་མེད། གཙོ་བོ་སེམས་ནང་བདེ་བ་དགོས། བདེ་བ་ངོ་མ་དེ་དབང་ཤེས་ཀྱི་ཚོར་བ་ལ་མ་བརྟེན་པར་ཡིད་བློའི་བདེ་བ་དེ་ཡིན། ངོས་ཀྱིས་དུས་རྒྱུན་སོ་སོའི་ཆོས་བརྒྱུད་ཙམ་ལ་གཞི་མ་བཅོལ་བར་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོ་སོ་སོའི་ཉམས་མྱོང་དང་ཚན་རིག་གི་དཔྱད་པ་བྱས་པའི་གྲུབ་དོན་ལ་གཞི་བཅོལ་བའི་ཐོག་ནས་བཟང་སྤྱོད་དེ་དེང་སང་འཛམ་གླིང་ནང་གལ་ཆེན་པོ་ཆགས་ཡོད།

དེང་སང་དངོས་ཡོད་ཀྱི་གནས་སྟངས་དེ་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱ་དགོས་པ་ཆགས་ཡོད། འཛམ་གླིང་གི་རྙོག་དྲ་ཚང་མ་ང་ཚོ་དང་ཁྱེད་ཚོ་ཟེར་བ་ལས་ཡོང་གི་ཡོད་པར་བརྟེན། ང་ཚོ་དང་ཁྱེད་ཚོ་ཟེར་བའི་བསམ་བློ་དེ་དོར་ཏེ་ང་ཚོ་ཞེས་གཅིག་གྱུར་གྱི་བསམ་བློ་ཞིག་བསླེབ་ཐུབ་པ་བྱ་དགོས། ང་ཚོ་ཕྲུ་གུ་མ་འབྱར་གྱི་གནས་སྐབས་སུ་མཐའ་གཅིག་ཏུ་རང་གི་ཨ་མའི་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས། གྲོས་ཆོད་དང་ཡིག་ཆ་བཞག་པ་ལས་ཞི་བདེ་ཡོང་མི་ཐུབ། ཞི་བདེ་ཡང་དག་པ་ཞིག་ཡོང་བར་ཀུན་སློང་རྣལ་མ་ཞིག་དགོས། ང་ཚོའི་མི་རབས་དེ་ད་ཆར་འཐོན་ཕྱག་ཞུ་རྒྱུའི་དུས་ལ་བསླེབ་ཡོད། གཞོན་སྐྱེས་ཁྱེད་རང་ཚོས་མི་མཐུན་ཕྱོགས་ཀྱི་བསམ་བློ་དེ་ཇེ་ཉུང་དུ་གཏོང་ཐབས་བྱ་དགོས། ཞེས་གསུངས་ཡོད་འདུག

༧གོང་ས་མཆོག་དེ་རིང་སྔ་དྲོ་ཆོས་ཚོགས་ཁག་ཅིག་གི་གདན་ཞུ་ལྟར། ཉི་ཧོང་གི་གྲོང་ཁྱེར་ནཱ་ར་ཁུའུ་ཁ་ཨུ་ངྷོ་རུ་ཉི་ཧོང་དང་ཀོ་རི་ཡའི་ཆོས་ཞུ་བ་གྲངས་ ༢༨༠ ཙམ་ནང་ཆོས་དང་འབྲེལ་བའི་ཐོག་ནས་བཀའ་སློབ་གནང་ཞིང་། དེའི་རྗེས་ནང་པའི་ལྷ་ཁང་ཞིག་ཏུ་ཕེབས་ཏེ་དུས་རབས་བརྒྱད་པའི་སྐབས། རག་ལས་བཞེངས་པའི་སངས་རྒྱས་རྣམ་པར་སྙང་མཛད་ཀྱི་རྟེན་གཙོའི་མདུན་ནས་ཐུགས་སྨོན་མཛད་ཡོད་འདུག

༼ དོན་འགྲུབ་བཀྲ་ཤིས་ཀྱིས་བོད་གཞུང་དྲ་བ་ལས་བསྡུ་སྒྲིག་བྱས ༽

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 3

  1. ནད་པ says:
    ལོ་ 16 སྔོན།

    འགྲོ་བ་གཞན་ལ་བརྩེ་བའི་བྱམས་བརྩེའི་ས་བོན་དེ་གདོད་མ་ཉིད་ནས་ཡོད་མེད་ཀྱང་དེ་ཉིད་ཆེས་ཆེར་གསལ་བར་མཛད་མཁན་དེ་མི་ལོ་༢༥༥༠ གོང་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཡིན།

    དེ་ལས་ཉེ་བར་བརྒྱུད་པའི་རྗེ་བཙུན་བྱམས་མགོན། འཕགས་པ་ཐོག་མེད། དབྱིག་གཉེན། རྣམ་གྲོལ་སྡེ་སོགས་གཅིག་དང་། ཡང་དེ་ལས་ཉེ་བར་བརྒྱུད་པའི་རྗེ་བཙུན་འཇམ་དཔལ་དབྱངས། མགོན་པོ་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་སོགས་ནས་མཁན་སློབ་ཆོས་གསུམ། ཇོ་རྔོག་འབྲོམ་གསུམ། མར་མི་དྭགས་གསུམ། གོམ་མ་རྣམ་ལྔ། ཡབ་སྲས་རྣམ་གསུམ་ལ་སོགས་ནས་༸ གོང་ས་ཡིད་བཞིན་ནོར་བུ་བཅས་ནས་བྱམས་བརྩེའི་འོད་སྣང་མི་ནུབ་ཆེས་ཆེར་གསལ་ཞིང་མཛད་པ་དེ་ཡིན།

    དེ་ནི་འཛམ་གླིང་འགྲོ་བ་ཀུན་གྱི་ཆེས་རྩ་ཆེའི་ནོར་བུ་རིན་བྲལ་གཅིག་ཡིན་པ་མ་ཟད་གངས་ཅན་བོད་རིགས་ཚོར་མཚོན་ན་སེམས་ཁམས་ཀྱི་ཡོན་ཏན་བཟང་པོ་དེ་དག་གཞན་ལས་ཆེས་མངོན་ཐོན་ཅན་ཞིག་ཡིན་སྟབས་ང་ཚོའི་མི་རིགས་འདིའི་ཤེས་རིག་ཟབ་མོ་དེ་དག་འཛམ་གླིང་ནང་ངོམ་སུ་མཆོག་པ་ཞིག་ཡོད་ལ་འགྲོ་བ་མི་རིགས་ཧྲིལ་པོར་བདེ་སྐྱིད་ཚད་མེད་གཅིག་སྐྲུན་རྒྱུའི་འོས་འགན་ཡང་ང་ཚོར་འཁྲི་ཡོད།

    གངས་ཅན་མགོན་པོ་འཕགས་མཆོག་ཕྱག་ན་པདྨོ་སྐུ་ཚེ་ཞབས་པད་བརྟན་ཅིང་འཛམ་གླིང་ཞི་བདེའི་འོད་སྣང་སྔར་ལས་ཕྱོགས་ཀུན་ཏུ་ཁྱབ་པའི་སྨོན་འདུན་ཞུ།

    Reply
  2. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 16 སྔོན།

    མཛད་འཕྲིན་ནམ་མཁའ་བཞིན་དུ་ཁྱབ་གྱུར་ཅིག
    སྐུ་ཚེ་རི་བོ་བཞིན་དུ་བརྟན་གྱུར་ཅིག
    མཁའ་མཉམ་སེམས་ཅན་བདེ་དང་ལྡན་གྱུར་ཅིག
    ལོ་བརྒྱ་འཚོལ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག

    Reply
  3. དྲང་སྲོང་། says:
    ལོ་ 16 སྔོན།

    ད་ནི་མི་རིང་བར་ཉི་ཧོང་རྒྱ་ནག་གནོད་ཤུགས་འོག་འགྲོ་ངེས་རེད།
    དེའི་སྐབས་སུ་བོད་མི་ཉི་ཧོང་ལ་འགྲོ་ཐུབ་རྒྱུ་སྐ་ལས་འོངས་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese