མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་འོག་གི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་ཉི་ཤུའི་རྗེས་ཀྱི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཁ་སང་ཕྱི་ཚེས་ ༧ ཉིན་དངོས་སུ་མགོ་འཛུགས་བྱས་ཡོད་ཀྱང་། དེ་ནི་འབར་མ་དྲག་མིའི་སྲིད་གཞུང་གཅིག་པུའི་སྟངས་འཛིན་འོག་འོས་བསྡུ་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་གཞན་དང་ཆབ་སྲིད་ཚོགས་པ་གཞན་སུ་གང་ཡང་འོས་བསྡུའི་ཟུར་དཔང་དང་གྲུབ་དོན་དཔྱད་ཞིབ་ཚོགས་ཁོངས་སུ་འཛུལ་ཞུགས་བྱེད་བཅུག་ཡོད་མི་འདུག

དཔྱད་རྗོད་པ་ཚོས་ཐེངས་འདིའི་འོས་བསྡུ་དེ་ད་ལྟའི་འབར་མ་དམག་མིའི་གཞུང་འཛིན་ཕྱོགས་ཁག་གི་དབང་ཤུགས་འོག་ཤོར་ཡོད་སྟབས། འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་བྱ་དུས་ཀྱང་ཁ་གསལ་བོ་ཞིག་འབྱུང་གི་མེད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག འོས་ཤོག་འཕེན་མཁན་ཞིག་གིས་བྷི་བྷི་སི་གསར་ཁང་ལ་ཐེངས་འདིའི་འོས་ཤོག་དེ་སོ་སོའི་རང་དབང་ཐོག་ལྡུག་ཐུབ་མེད་སྐོར་བརྗོད་འདུག་ཅིང་། གཞུང་དང་ལྟ་བ་མི་ཐུན་པའི་ཚོགས་སྡེ་ཁག་གིས་ཀྱང་། ཐེངས་འདིར་གཞུང་གི་ལས་བྱེད་མང་པོ་ཞིག་གིས་གནོན་ཤུགས་སྤྲད་དེ། མང་ཚོགས་ཀྱི་འོས་ཤོག་འཕེན་ཡུལ་ལ་བཀོལ་བྱུས་བཏང་ཡོད་སྐོར་བརྗོད་ཡོད།  

༢༠༠༨ ལོའི་འབར་མའི་རྩ་ཁྲིམས་བསྒྱུར་བཅོས་ནང་། འོས་བསྡུའི་ལམ་ལུགས་ལག་བསྟར་བྱ་རྒྱུ་འདི་གཙོ་བོ་དམངས་གཙོའི་སྒྲིག་གཞི་གོང་མཐོར་བཏང་སྟེ། འབར་མའི་གཞུང་འདི་ཕྱིར་མང་ཚོགས་ཀྱི་དབང་སྒྱུར་འོག འཛིན་སྐྱོང་སྤེལ་གསུམ་བྱ་ཐུབ་པར་དམིགས་པ་ཞིག་ཡིན་ཚུལ་བཀོད་ཡོད་ཀྱང་། ཐེངས་འདིར་གྲོས་ཚོགས་གསར་བ་གོང་འོག་གཉིས་ཀྱི་རྐུབ་སྟེགས་བརྒྱ་ཆ ༢༥ དམག་ཕྱོགས་ཀྱི་འཐུས་མིར་ཟུར་འཇོག་བྱས་ཡོད་འདུག་ཅིང་། གཞུང་གི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་ན། གྲོས་ཚོགས་ཀྱི་འཐུས་མི་བརྒྱ་ཆ་ ༧༥ ཡན་གྱི་རྒྱབ་སྐྱོར་ཐོབ་དགོས་སྟབས། རྐུབ་སྟེགས་བརྒྱ་ཆ་ ༢༥ ཙམ་ཟུར་འཇོག་བྱས་ཡོད་པ་དེ་ནི། གཞུང་འཛིན་གསར་པའི་ངོས་ནས་རྩ་ཁྲིམས་སྒྱུར་བཅོས་བྱ་རྒྱུར་འགོག་རྐྱེན་བཟོ་ཆེད་དང་། དམག་མིའི་དབང་ཤུགས་རྒྱུན་གནས་ཡོང་ཐབས་བཅས་ཀྱི་སྲིད་ཇུས་ཤིག་ཡིན་འདུག་ལ། གནད་ཡོད་བློན་ཆེན་ཁག་གི་འགན་དབང་དེ་ཡང་ད་ཡོད་མཐོ་རིམ་དམག་སྤྱི་ཁག་ཅིག་གིས་འཛིན་རྒྱུ་ཡིན་འདུག

 

ཐེངས་འདིའི་འོས་བསྡུའི་ཁྲོད་འགྲན་རྩོད་བྱེད་མཁན་གྱི་ཚོགས་པ་ཆེ་ཤོས་གཉིས་ ( USDP and NUP) ད་ལྟའི་དམག་མིའི་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཚོགས་པ་དེ་གཉིས་ཀྱི་མགོ་ཁྲིད་ཀྱང་དམག་སྤྱི་ཟུར་བ་ཁག་ཅིག་ཆགས་ཡོད་འདུག ཨིང་སན་སོ་ཀཱེའི་རྒྱལ་ཡོངས་དམངས་གཙོ་ཐུན་ཚོགས་ལ་ཕྱི་ལོ་ ༡༩༩༠ ལོའི་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། འོས་བསྡུ་རྩིས་མེད་ཀྱིས་དབང་འཛིན་གནས་རིམ་ནང་བསླེབས་བཅུགས་མེད། ཐེངས་འདིའི་རྒྱལ་ཡོངས་འོས་བསྡུ་ལས་ཀྱང་ཕྱིར་ཕུད་བཏང་ཡོད།

ཤཱན་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་སཱའེ་ཨེ་པའོ་ Sai Ai Pa O ལགས་ཀྱིས། གཞུང་གིས་མང་ཚོགས་ལ་སྔོན་ཆད་ནས་བཙན་ཤུགས་ཀྱིས་འོས་ཤོག་འཕེན་བཅུག་ཡོད་པ་མ་ཟད། ང་ཚོའི་འོས་མི་རྣམས་དངོས་གཞིའི་འོས་ལྡུག་ཡུལ་དུ་འགྲོ་བཅུགས་མ་སོང་། གལ་སྲིད་ཐེངས་འདིའི་འོས་བསྡུ་རང་དབང་དང་དྲང་བདེན་ཐོག་འགྲོ་ཐུབ་ཡོད་ཚེ། ཉུང་མཐར་འོས་གཞིའི་བརྒྱ་ཆ་ ༨༠ ང་ཚོར་འཐོབ་རྒྱུའི་གདེང་ཚོད་ཡོད། ཅེས་འགྲེལ་བརྗོད་བྱས་འདུག

འབར་མའི་རྒྱལ་ས་རན་གྷོན་ Rangoon གྱི་ཉེ་འཁོར་དམག་མི་ཞིག་གིས་བྷི་བྷི་སི་ས་གནས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འོས་བསྡུའི་སྐབས་སུ་དམག་མིའི་རུ་ཁག་ ༡༠ ཡི་དམག་མི་ཚོས་གོང་རིམ་གྱི་འཆར་འགོད་ལྟར་འོས་ཤོག་འཕེན་དགོས་པའི་བཀའ་རྒྱར་ངོས་ལེན་བྱས་མ་སོང་། ཞེས་བརྗོད་ཡོད།

ཁ་སང་ཕྱི་ཚེས་ ༧ ཉིན་གྱི་འབར་མིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཐད། ཨ་རིའི་སྲིད་འཛིན་ཨོ་བྷ་མས། གཟའ་ཉི་མའི་ཉིན་གྱི་འབར་མའི་འོས་བསྡུ་དེ་རྒྱལ་སྤྱིའི་ངོས་ནས་ཁས་ལེན་བྱེད་ཐུབ་པའི་ཚད་གཞི་ཞིག་གི་སྟེང་བསླེབས་མི་འདུག ཅེས་དང་། དེ་བཞིན་དབྱིན་ཇའི་ཕྱི་སྲིད་དྲུང་ཆེ་ཝའེ་ལེམ་ William Hague གྱིས་ཀྱང་། ཐེངས་འདིའི་འབར་མའི་འོས་བསྡུ་དེ་ནི་གདུག་རྩུབ་ཅན་གྱི་སྲིད་དབང་ལ་ཁ་ཕྱིར་སློག་པ་ཞིག་ལས་མ་འདས། ཞེས་བརྗོད་ཡོད།

ཐེངས་འདིའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་སུ་གསར་འགྱུར་རྒྱུད་ལམ་ཁག་དང་ལྷག་པར་དུ་ཕྱི་ཕྱོགས་ཀྱི་གསར་འགོད་པར་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག་ལ། དེ་བཞིན་ཐེངས་འདིའི་འབར་མིའི་འོས་བསྡུ་འདི་ལྟར་རང་དབང་དང་དྲང་བདེན་མ་ཡིན་པ་ཞིག་གི་ངོ་བོའི་ཐོག་ནས་ཕྱིན་ཚར་ཡང་། ད་ནི་རྒྱལ་སྤྱིའི་ངོས་ནས་བློ་འཚབ་བྱེད་ཀྱིན་པའི་གནད་དོན་གཞན་ཞིག་ནི་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཏེ། ཨིང་སན་སོ་ཀཱེ་ཀློད་གྲོལ་འཐོབ་པའི་དུས་ཚིགས་དེར་གནད་དོན་གཞན་ཞིག་འབྱུང་མིན་གྱི་གནས་ཚུལ་དེ་ཡིན།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 6

  1. ཐོ་རེངས། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་ཉི་ཟླ། རྒྱ་གུང་ཁྲན་ཏང་ལ་ནི་དངོས་གནས་བཤད་ན་འོས་བསྡུ་ཞིག་མེད། སྲིད་དབང་དགེར་འཛིན་ལམ་ལུགས་རེད། བདག་གིས་འོས་བསྡུ་ཞིག་ཡིན་ཁུལ་བྱེད་པ་ལ་འདི་འདྲ་མི་འདུག་ཅེས་བརྗོད་པ་ཡིན།
    ལར་དོགས་སློང་བྱས་པ་ལ་ཐུགས་རྗེ་ཆེ་ཞུ།
    མ་དག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དག་
    དྲང་སྲོང་ལེགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལགས་
    དྲག་བསྐྱོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤྱོད་
    སྐད་ཡིག་གཅིག་འགྱུར། ཐོབ་ཐང་འདྲ་མཉམ།

    Reply
  2. གཞི་དྲང་པོ་ says:
    ལོ་ 15 སྔོན།

    ཨོ་ཙི་སེམས་པ་སྐྱོ་བར་ འབར་མའི་འོས་བསྡུ་སྐབས་ཀྱི་འདྲ་པ་མཐོང་བ་དང་ཧ་ཅང་བློ་ཕམ་པའི་རང་བཞིན་འདུག་ལ་ གསར་འགོད་པས་ཡིག་ནོར་བཏང་འདུག་པས་ དེ་ལས་ཐབས་སྐྱོ་བ་ཞིག་ཏུ་མཐོང་
    ཉེ་ཆར་གཞེས་ལུས་བོད་མི་སློ་ཕྲུག་རྣམས་ནས་རང་སྲོག་བློས་བཏོང་ཐོག་ གདུག་རྩུབ་ཇི་འདྲ་ཆེ་ཡང་
    ཞུམཔ་མེད་པའི་སྙིང་སྟོབས་ཀྱིས་ངོ་རྒོལ་བྱེད་པ་མཐོང་གིན་མེད་པ་འདྲ་ གཞིས་ལུས་བོད་མི་མཐོང་བ་ཡིན་ན་ བློ་ཕམ་པ་དང་ སེམས་ཤུགས་ཆགས་པའི་རང་བཞིན་ཆགས་པའི་རྐྱེན་ལས་མ་འདས་སོ་།
    རྗེས་མ་གཟབ་གཟབ་གནང་རོགས་།།

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    དྲང་སྲོང་ལེགས་འདི་ལྟ་བུའི་འོས་བསྡུ་འབར་མ་མ་གཏོགས་མི་སྲིད་པ་ཞིག་རེད་ལབ་ན་ཧ་ཅང་ཐལ་ཆེ་དྲག་རེད།
    རྒྱ་གུང་ཁྲན་ཏང་ཁྱེད་ཀྱི་བརྗེད་སོང་བ་མ་རེད་དམ། དྲག་བསྐྱོད་ཀྱི་རྒྱལ་བོའི་རྒྱལ་ཁབ་ཞིག་ཆགས་བསྡད་ཡོད་པ་ཧ་གོ་ཡོད་དམ།

    Reply
  4. དྲང་སྲོང་། says:
    ལོ་ 15 སྔོན།

    འདི་ལྟ་བུའི་འོས་བསྡུ་ནི་འབར་མ་མ་གཏོག་རྒྱལ་ཁབ་གཞན་ན་མི་སྲིད་པ་ཞིག་རེད།
    འདི་ལྟ་བུའི་ཡིག་ནོར་ནི་དེང་སང་གི་གསར་འགོད་པ་མ་གཏོག་མི་སྲིད་པ་ཞིག་རེད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    པར་འདི་མཐོང་བ་ཙམ་གྱིས་ཤ་འདར་གྱིན་འདུག ཡིད་སྐྱོ་བ་ལ་ཨང་། འཇིག་རྟེན་ན་འདི་ལྟ་བུའི་འོས་བསྡུ་ཞིག་ནི་ཡོད་པ་ལས་མེད་ན་དགའ།
    འབར་མའི་དམངས་གཙོའི་དབུ་ཁྲིད་ཨང་སན་སོ་སྐྱིད་དང་མི་དམངས་རྣམས་མགྱོགས་མྱུར་རང་དབང་དམངས་གཙོའི་ལམ་དུ་སྐྱོད་ཐུབ་པའི་སྨོན་ལམ་འདེབས།

    Reply
  6. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    བཙན་འོག་གི་འོས་བསྡུ་འདི་འཇིགས་སྣང་སྟེར་བ་ཞིག་འདུག
    དམག་མི་དང་མེ་མདའ་འཇིགས་སྣང་སྟེར་བ་ཞིག་འདུག
    གསར་འགོད་པའི་ཡིག་ནོར་འཇིགས་འཇིགས་སྣང་སྟེར་བ་ཞིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese