མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཁ་ཆེ་དང་དམག་འཁྲུག་མི་རྒྱག

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༩ ཉིན་ཨོ་བྷ་མ་རྒྱ་གར་ནས་ཧིན་རྡུ་ནི་ཤི་ཡར་རྒྱལ་དོན་གཟིགས་སྐོར་དུ་འབྱོར་ཡོད་ལ། རྒྱལ་ཁབ་འདི་ནི་འཛམ་གླིང་སྟེང་གི་ཁ་ཆེའི་རྒྱལ་ཁབ་ཆེ་ཤོས་ཡིན་འདུག་ལ། ཐེངས་འདིའི་ཁོང་གི་རྒྱལ་དོན་གཟིགས་སྐོར་སྐབས་སུ་ཨོ་བྷ་མས་འཛམ་གླིང་སྟེང་གི་སྟོབས་ལྡན་དམག་ཤུགས་ཅན་ཚོས་མི་རིགས་ཉམས་ཆུང་ཚོ་དམིགས་འབེན་དུ་འཛིན་གྱི་ཡོད་རུང་། ཨ་རིར་མཚོན་ན་ཁ་ཆེ་མི་རིགས་ཚོར་དམག་འཁྲུག་རྒྱག་རྒྱུའི་བསམ་བློ་མེད། ཨ་རི་དང་ཧིན་རྡུ་ནི་ཤི་ཡ་རྒྱལ་ཁབ་གཉིས་ཕན་ཚུན་དགའ་ཕྱོགས་དང་རིན་ཐང་སྤེལ་རེས་ཀྱིས་མཛའ་མཐུན་གྱི་འབྲེལ་བ་དམ་ཟབ་ཏུ་གནས་ཡོད། སྔོན་མ་ང་རང་ཆུང་དུས་ལོ་བཞིའི་རིང་རྒྱལ་ཁབ་འདིར་བསྡད་པ་རེད། དེ་དུས་ངས་ཤེས་རྟོགས་བྱུང་བ་ནི་རྒྱལ་ཁབ་འདིའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་། མང་ཚོགས་ཕལ་ཆེ་བ་ཁ་ཆེ་མི་རིགས་ཡིན་ཡང་ཆོས་ལུགས་གཞན་ལ་བཟོད་སྲན་དང་མཐུན་ལམ་ཆེན་པོ་ཡོད་པ་དེ་འཛམ་གླིང་གི་མིག་དཔེར་བལྟ་འོས་པ་ཞིག་རེད། ཅེས་བསྔགས་བརྗོད་བྱས་ཡོད།

ཨོ་བྷ་མས་མུ་མཐུད་དུ་མཉམ་སྒྲིལ་ཐོག་དྲག་སྤྲོད་པར་གདོང་ལེན་བྱེད་ཕྱོགས་སྐོར་ནས་བརྗོད་དོན། མི་སྒེར་སུ་ཡིན་རུང་སོ་སོའི་དད་མོས་ཙམ་གྱིས་གང་ཟག་སྒེར་དེའི་བསམ་སྤྱོད་ལ་འགྲེལ་བཤད་རྒྱག་དཀའ་བ་ཇི་བཞིན། ཧིན་རྡུ་ནི་ཤི་ཡའི་རྒྱལ་ཁབ་ཀྱང་ཁ་ཆེ་མི་རིགས་ཙམ་མ་ཡིན་པའི་འགྲེལ་བཤད་ཅིག་ཡོད། ང་ཚོས་ཤེས་གསལ་ལྟར་འདས་པའི་ལོ་མང་རིང་ཨ་རི་དང་ཁ་ཆེའི་སྤྱི་ཚོགས་བར་རྩོད་རྙོག་ག་ཚོད་ཅིག་ལྷག་བསྡད་ཡོད་པ་རེད། ང་རང་ཨ་རིའི་སྲིད་འཛིན་ཞིག་གི་ངོས་ནས། གནད་དོན་འདི་དག་གཙང་སེལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་བཟུང་ཡོད། ངས་གསལ་བོ་བཟོ་རྒྱུ་ཞིག་ལ། ཨ་རིས་དུས་ནམ་ཡང་ཁ་ཆེ་མི་རིགས་དང་དམག་འཁྲུག་མི་བྱ། དེ་ལས་ལྡོག་ཏེ། ང་ཚོ་མཉམ་འབྲེལ་གྱིས་ཨོལ་ཁཱོ་ཌ ( Al-Qaeda) དང་ཁོ་ཚོའི་ཕྱོགས་གཏོགས་ཚང་མ་རྩ་མེད་བཟོ་དགོས། ཁོ་ཚོར་ཆོས་ལུགས་གང་འདྲ་ཞིག་གི་མགོ་ཁྲིད་ཀྱི་ཐོབ་ཐང་མེད། བྱེ་བྲག་ཏུ་འཛམ་གླིང་ཁ་ཆེ་ཆོས་ལུགས་ལྟ་བུ་ཞིག་གི་མགོ་ཁྲིད་ཀྱི་ཐོབ་ཐང་ནམ་ཡང་མེད། ཡིན་ནའང་གཟབ་ནན་བྱ་དགོས་པ་ཞིག་ནི། གཏོར་རྒོལ་ལ་དམིགས་མཁན་དེ་ཚོས་འཇིགས་སྐུལ་དང་དྲག་སྤྱོད་པའི་རྨང་གཞི་གཏོང་བར་འཇིགས་སྐུལ་བ་དང་དྲག་སྤྱོད་པ་རང་གི་མིང་ཐོག་ནས་ནམ་ཡང་ངོས་ལེན་དང་འགྲེལ་བརྗོད་བྱ་མི་སྲིད། ཅེས་འབོད་སྐུལ་ཡང་ཞུས་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. གངས་སྐྱེས། says:
    ལོ་ 15 སྔོན།

    ཨ་རིའི་སྲིད་འཛིན་ཨོ་བྷ་མས་འཛམ་གླིང་ནང་ཞི་བདེ་བསྐྲུན་པའི་དམིགས་འདུན་ཡོད་ན་ཨ་རིའི་དམག་མི་དབྱི་རག་ན་ཡོད་པའི་ཨ་རིའི་དམག་མི་དེ་དག་མགྱོགས་མྱུར་ངང་ཕྱིར་འཐེན་གྱི། མིའི་སྤྱི་ཚོགས་ནང་དམག་འཁྲུགས་མེད་པ་བཟོ་བའི་ཐབས་ལམ་ཉག་གཅིག་སྟེ།བྱམས་སྙིང་རྗེའི་སྐོར་ལ་བསམ་བློ་ཅི་ཙམ་མང་བ་དེ་ཙམ་གྱིས་དེ་ཉུང་རུ་འགྲོ་བ་དང་།བདེ་སྐྱིད་འཚོ་བ་གསར་བ་ཞིག་བསྐྲུན་པའི་གཞི་ཚུགས་པ་རེད་མ་གཏོགས། དེ་ལྟར་མ་ནུས་ན་ཞི་བདེ་གཟེངས་རྟགས་ཅི་ཙམ་རག་ཅིང་མིང་ཙམ་ལས་ཅི་ཡང་མི་ཕན། ཐབས་ལམ་གཞན་ཞིག་བཙལ་ན་ཡང་རྙེད་ཁག་པོ་རེད། འོན་ཀྱང་དེང་སང་མི་ཚང་མས་དེ་ལས་ལྡོག་སྟེ་བསམ་བློ་གཏོང་གི་འདུག དེ་ནོར་བ་རེད་བསམ་གྱིན་འདུག

    Reply
  2. གངས་སྐྱེས། says:
    ལོ་ 15 སྔོན།

    མིའི་སྤྱི་ཚོགས་ནང་དམག་འཁྲུགས་མེད་པ་བཟོ་བའི་ཐབས་ལམ་ཉག་གཅིག་ནི་།བྱམས་སྙིང་རྗེའི་སྐོར་ལ་བསམ་བློ་ཅི་ཙམ་མང་བ་དེ་ཙམ་གྱིས་དེ་ཉུང་རུ་འགྲོ་གི་རེད་མ་གཏོགས། ཐབས་ལམ་གཞན་ཞིག་བཙལ་ན་ཡང་རྙེད་ཁག་པོ་རེད། འོན་ཀྱང་དེང་སང་མི་ཚང་མས་དེ་ལས་ལྡོག་སྟེ་བསམ་བློ་གཏོང་གི་འདུག དེ་ནོར་བ་རེད་བསམ་གྱིན་འདུག

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཁོ་བོས་ཕྱོགས་གང་ནས་བལྟས་ན་ཡང་ ཨོ་བྷ་མ་ཨ་རིའི་སྲིད་འཛིན་བསྐོས་པ་་ནས་བཟུང་སྟེ་ཨ་རི་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ནུས་པ་དེ་ཡོངས་སུ་ཉམས་པར་འགྱུར་བར་མཐོང་ གང་ཡིན་ཟེར་ན་སྔར་རྗོརཇ་བྷུཤི་སྲིད་འཛིན་ཡིན་པའི་སྐབས་སུ་ཨ་རིའི་སྲིད་འཛིན་གྱི་ཆེ་མཐོང་ཇི་འདྲ་ཆེན་པོ་ཡོད་ རྒྱལ་ཁབ་གཞན་གྱི་སྲིད་འཛིན་ཡོངས་རྫོགས་ཟིལ་གྱིས་གནོན་པའི་ནུས་པ་ཡོད་པ་ཡིན་ ད་ནི་ཨ་རི་སྲིད་འཛིན་ལ་རྒྱལ་ཁབ་གཞན་གྱིས་ཚུར་ཟིལ་གྱིས་གནོན་གྱིན་འདུག་ ཧ་ཧ་ཧ་

    Reply
  4. གནམ་ལྕགས། says:
    ལོ་ 15 སྔོན།

    ཡིན་ནའང་། ཨོ་བྷ་མས་སྐད་ཆ་འདི་མི་བཤད་རང་བཤད་ཆགས་ཡོད། ན་ནིང་གི་ནོ་བྷེལ་གཟེངས་རྟགས་ཀྱང་འདིའི་ཆེད་དུ་ཁོང་ལ་ཐོབ་པ་རེད།

    ཁོང་ཚོའི་སྐད་ཆར་ཉན་ན་སྙིང་ཉེ་ཉེ་རྐྱང་ཡིན་ནི་རེད། ཡིན་ནའང་ལག་བསྟར་ལ་ཇི་ལྟར་ཕབ་མིན་དེ་རེད།

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    གཏམ་བཤད་ཡག་པོ་སྤེལ་འདུག་ཨ་རི་སྲིདའཛིན་ཡིན་པ་དོན་གོ་ཆོད་འདུག

    Reply
  6. ཐོ་རེངས། says:
    ལོ་ 15 སྔོན།

    འདི་ན་གལ་ཆེ་བས་གཏམ་བཤད་ཞིག་རེད། ཁ་ཆེ་བ་རྣམས་ཀྱིས་ཤེས་དགོས་པ་ཞིག་ཀྱང་རེད།
    དེང་སང་གི་ཆབ་སྲིད་པ་ཚོས་རང་གི་ལྟ་བ་དང་མ་མཐུན་ཚེ་ལམ་ལུགས་སྐྱོག་བཤད་བྱེད་བཞིན་ཡོད། དཔེན་རྒྱ་གཞུང་ནས་ཏྰ་ལའི་བླ་མས་རྒྱ་མི་རིགས་ལ་ང་རྒོལ་བྱེད་བཞིན་ཡོད་ཅེས་པ་དང་།
    འཇིགས་སྐུལ་པ་ཚོས་ཨ་རི་ནས་ཁ་ཆེའི་ཆོས་ལུགས་པ་དང་མི་རིགས་ལ་དགྲར་བཟུང་ཡོད་ཅེས་བཤད་ཀྱིད་ཡོད།
    འདི་རིགས་འདི་ཆབ་སྲིད་ས་སྐྱོད་བཤད་ལམ་ལུགས་རེད།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    དེ་རིང་སྟོབས་ཆེན་ཨ་མི་རི་ཁའི་སྲིད་འཛིན་འདིས་ཁ་ཆེ་མི་རིགས་དང་ཁ་ཆེ་ཆོས་ལུགས་པ་ལ་ཆེས་མཐོང་དང་མཉམ་ལས་ཀྱི་སྐུལ་འདེད་གནང་འདུག་ལ། དེ་དང་ཆབས་ཅིག་ཨ་ཁཱ་ཌཱ (Al-Qaeda) ཡི་འཇིགས་སྐུལ་དང་ཆོས་ལུགས་ཁ་ཁྱེར་གྱི་བྱ་བ་དེ་ཚོ། ཁོང་ཚོའི་དམིགས་ཡུལ་བསྒྲུབ་པར་ནུས་པ་ཆེས་ཤོས་ཤིག་ཡིན་རུང་། སྲིད་འཛིན་འདིས་སྡིངས་ཆ་གཅིག་གི་ཐོག་ནས་དུས་ཡུན་ཐུང་ཐུང་ཞིག་ལ། ཁོང་ཚོའི་འཇིགས་སྐུལ་འཇིགས་སྐུལ་ལ་མི་བརྩི་བ་དང་ཁོ་ཚོས་ཆོས་ལུགས་ཀྱི་དབུ་ཁྲིད་བྱེད་པར་རློམ་ཡང་དོན་དངོས་སུ་ཆོས་ལུགས་ཀྱི་དབུ་ཁྲིད་དུ་མི་བརྩི་ཟེར་བཞིན། ཁ་ཆེ་བ་དང་ཁ་ཆེའི་ཆོས་ལུགས་པ་སོགས་ཨ་རི་དང་མཐུན་ཕྱོགས་སུ་ལེན་ཐབས་གནང་འདུག་པ་དེ་མཐོང་སྣང་མཛེས་པོ་ཞིག་འདུག་ཀྱང་། འོ་ན། ཨ་རིས་ཁ་གཏད་བྱས་པའི་འཇིགས་སྐུལ་བ་དེ་སུ་རེད། ཅེས་པའི་དྲི་བ་དེས་གོང་གི་བཀའ་མོས་དེ་ཚོའི་གཞུག་གུ་བཅད་དེ་སྙིགས་སྣོད་དུ་དོར་ཉེན་ཆེན་པོ་འདུག་་་་་་་་་་མ་རེད་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese