མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞཱི་ཅིན་ཕིན་སྲིད་འཛིན་དུ་བསླེབ་ན་བོད་དོན་ལ་རེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་རྒྱ་ནག་ལ་ཚོད་དཔག་གང་འདྲ་བྱེད་ཀྱི་ཡོད་ཟེར་ན། རྒྱ་གཞུང་གིས་དམར་ཤོག་གི་ལྟ་བ་དོར་ཡོད་སྟབས། མ་རྩ་རིང་ལུགས་སུ་འགྲོ་ངེས་ཡིན་པ་དང་། མ་རྩ་རིང་ལུགས་སུ་སོང་སྟེ་སྔོན་ལ་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་བཏང་རྗེས་རིམ་གྱིས་ཆབ་སྲིད་ལམ་ལུགས་ལའང་འགྱུར་བ་གཏོང་ངེས་རེད་དྲན་ཡོད། འོན་ཀྱང་། ཚོད་དཔག་དེའི་མཇུག་འབྲས་ནི་ཤིན་ཏུ་ལྡོག་ཟླ་ཞིག་ཆགས་ཡོད། ད་ཆར་རྒྱ་ནག་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པའི་གྲས་སུ་བསླེབས་ཡོད་ཀྱང་། ཆབ་སྲིད་ལ་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། སྲིད་དབང་སྒེར་འཛིན་གྱི་ནུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཟེར།

བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། ཨ་རི་ནས་ཕེབས་པའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་པར་མ་ཟད། མཇུག་ཏུ་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་ཚོ་དང་དྲི་བ་དྲིས་ལན་བྱས་ཡོད་ཅིང་། བགྲོ་གླེང་དེའི་སྟེང་གཞུང་ཞབས་ ༣༠༠ ཙམ་མཉམ་ཞུགས་བྱས་འདུག རྒྱ་རིགས་དེ་དག་ནི་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་རྒྱལ་སྤྱིའི་བོད་རྒྱབ་སྐྱོར་ཚོགས་འདུར་བཅར་མཁན་དག་ཡིན་ཞིང་། ཚོགས་འདུ་གྲུབ་རྗེས་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཀུན་དགའ་བཀྲ་ཤིས་ལགས་ཀྱི་སྣེ་ཁྲིད་འོག་བཞུགས་སྒར་དུ་ཡོང་བ་ཞིག་ཡིན་འདུག

 

བགྲོ་གླེང་མགོ་མ་བཙུགས་གོང་བོད་གཞུང་ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ལགས་ཀྱིས་བགྲོ་གླེང་གི་དམིགས་ཡུལ་སྐོར་ངོ་སྤྲོད་བྱས་དོན། ཉེ་ཆར་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༦ པ་དེ་ཧ་རི་ཡ་ནར་ཉིན་གསུམ་རིང་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་ ༥༧ ནས་ཚོགས་ཞུགས་པ་ ༢༥༨ ཙམ་མཉམ་ཞུགས་བྱས་ཡོད། དེའི་ཁོངས་ཀྱི་རྒྱ་རིགས་གྲོགས་པོ་འགའ་དེ་རིང་འདིར་ཆེད་ཕེབས་གནང་བར་དགའ་བསུ་ཞུ་རྒྱུ་ཡིན། ཞེས་དང་། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་གནད་དོན་ཐོག་འཁྱོག་བཤད་དང་ལོག་བཤད་རྒྱག་པ་དང་།  ༧གོང་ས་མཆོག་ལའང་མཚན་སྨད་སྣ་ཚོགས་ཞུས་དང་ཞུ་བཞིན་ཡོད་པར་བརྟེན། མང་གཙོའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་རྒྱ་རིགས་གྲོགས་པོ་ཚོར་བོད་དོན་ཐོག་བསམ་ཚུལ་དང་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཐབས་ལམ་ཇི་འདྲ་ཡོད་མེད་ཤེས་རྟོགས་ཐུབ་རྒྱུར་ང་ཚོ་འདིར་འཛོམས་པ་ཡིན། ཞེས་དང་།

 

དེའི་རྗེས་དངོས་ཁམས་རིག་པ་བ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ཀྲོ་ཤོ་ཡན་ལགས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ཁྲོད་བོད་རྒྱ་གཉིས་ཀྱི་ཆབ་སྲིད་གནས་སྟངས་སྐོར་བརྗོད་དོན། བོད་རྒྱ་མི་རིགས་གཉིས་ཀྱིས་ད་བར་རྒྱ་གཞུང་གིས་དབང་སྒྱུར་འོག་དཀའ་ངལ་མང་པོ་ཞིག་མྱངས་བ་རེད། དཀའ་ངལ་འདི་འདྲ་ཞིག་མྱངས་དགོས་དོན་ཐད་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་རྒྱ་མི་རིགས་ཀྱིས་མི་ལོ་ ༦༠ ཙམ་དཀའ་ངལ་མྱངས་ཏེ་སྡོད་དགོས་བྱུང་བ་དང་། བོད་རིགས་ཚོའང་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་  ༥༠ ཕྱིན་ཡང་གནད་དོན་ད་དུང་ཡང་ཐག་གཅོད་བྱས་ཐུབ་མེད། ངས་བསམ་ན། དཀའ་ངལ་འདི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་གྲང་དམག་ཟེར་བ་དེའི་མཇུག་ལ་འབྲེལ་བསྡད་པ་ཞིག་རེད།  མི་ལོ་བཅུ་ཕྲག་འགའི་གོང་དུ་འཛམ་གླིང་འདིའི་ཐོག་དམར་ཤོག་གི་རྒྱལ་ཁབ་ཆེ་ཤོས་ཤིག་བྱུང་ཡོད་ཅིང་། རྒྱལ་ཁབ་དེ་ནི་རྒྱ་ནག་དམར་ཤོག་མིན་པར་ཨུ་རུ་སུའི་དམར་ཤོག་ཡིན། དམར་ཤོག་གི་སྲིད་དབང་མེད་པར་བཟོ་དགོས་ན་ཨ་རིའི་རྒྱབ་སྐྱོར་མེད་ན་ཐབས་ཤེས་གཞན་གང་ཡང་མེད། དེ་སྔོན་མའོ་ཙེ་ཏུང་གི་རྒྱ་ནག་དམར་ཤོག་གི་རྒྱལ་ཁབ་བཙུགས་རྗེས། ཨུ་རུ་སུའི་དམར་ཤོག་དང་མཉམ་འབྲེལ་གྱིས་ཨ་རིར་ཁ་གཏད་གཅོག་ཐབས་བྱས་ཀྱང་། རྗེས་སུ་རྒྱ་ནག་དམར་ཤོག་དང་ཨུ་རུ་སུའི་དམར་ཤོག་གཉིས་བར་མཐུན་པོ་མ་བྱུང་བར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་སྟབས། རྒྱ་ནག་དམར་ཤོག་གིས་ཨ་རིའི་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ། མཐར་ཨུ་རུ་སུའི་དམར་ཤོག་སྲིད་དབང་ལ་ཁ་གཏད་བཅག་པ་རེད། ཅེས་བརྗོད་བྱུང་།

 

ཁོང་གིས་མུ་མཐུད་དོན། དེ་སྔོན་ཨ་རིའི་གཞུང་གིས་བོད་པར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། དཔེ་མཚོན་གཅིག་ནི། ཨ་རིས་ཆུ་བཞི་སྒང་དྲུག་ཚོགས་པར་སྦྱོང་བརྡར་རོགས་རམ་བྱས་པ་ལྟ་བུ་རེད། ཨ་རྒྱ་གཉིས་ཀྱིས་ཐུན་མོང་ཐོག་ཨུ་རུ་སུར་ཁ་གཏད་བཅག་པ་ནས་བཟུང་། བོད་པར་རྒྱབ་སྐྱོར་བྱེད་ཤུགས་སྔོན་མ་ལས་རྦད་དེ་ཆུང་དུ་སོང་ཡོད། ཡུལ་གཉིས་མཉམ་འབྲེལ་བྱས་པ་དེས་ཨུ་རུ་སུའི་སྲིད་དབང་རྩ་མེད་དུ་གཏོང་ཐུབ་ཡོད་སྟབས་ཏན་ཏན་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད། སྐབས་དེའི་ཨ་རིའི་སྤྱི་མཐུན་ཚོགས་པའི་ངོས་ནས་རྒྱུན་དུ་རྒྱ་གཞུང་ལ་གུ་ཡངས་ཀྱི་རྣམ་འགྱུར་ཞིག་བསྟན་ཡོད། མའོ་ཙེ་ཏུང་འདས་རྗེས་རྒྱ་ནག་གིས་དམར་ཤོག་ལྟ་བ་གཡུགས་དགོས་བྱུང་བ་རེད། འགྲོ་ལུགས་ལྟར་ན། ཨུ་རུ་སུའི་སྲིད་དབང་རྩ་མེད་དུ་བཏང་རྗེས། རྒྱ་ནག་དམར་ཤོག་སྲིད་གཞུང་ནི་ཨ་རིས་རྩ་མེད་བཟོ་ཡུལ་གྱི་རྒྱལ་ཁབ་ཅིག་ཆགས་དགོས་ཀྱང་། ལོ་རྒྱུས་ཐོག་གི་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དེ་སྔར་བཞིན་ལྷག་ཡོད་སྟབས། ཨ་རིས་རྒྱ་ནག་ལ་ནུས་ལྡན་ཀྱི་ཁ་གཏད་གཅོག་རྒྱུའི་ལས་གཞི་གང་ཡང་སྤེལ་ཐུབ་མེད། མའོ་ཙེ་ཏུང་ཚེ་ལས་འདས་རྗེས། ཏུན་ཞོ་ཕིན་ཡར་ལངས་ཡོང་བ་རེད།  ཏུན་ཞོ་ཕིན་ལ་ཆབ་སྲིད་ཀྱི་ཉམས་མྱོང་ཕུན་སུན་ཚོགས་པ་ཞིག་ཡོད་སྟབས། ཁོང་གིས་ཕྱི་ཚུལ་ནས་ཆབ་སྲིད་ལ་འགྱུར་བ་གཏོང་གི་ཡོད་ཚུལ་བརྗོད་དེ་ནུབ་ཕྱོགས་པ་མང་པོ་ཞིག་ལ་མགོ་སྐོར་གཏོང་ཐུབ་པ་བྱུང་ཡོད།  ཅེས་བརྗོད་བྱུང་།

 

མཇུག་ཏུ་སྐུ་ཞབས་ཀྲོ་ཤོ་ཡན་གྱིས་འབྱུང་འགྱུར་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་དུ་ད་ལྟའི་སྲིད་བློན་གཞོན་པ་ཞི་ཅིན་ཕིན་བསླེབ་པ་ཡིན་ན། བོད་རྒྱ་གཉིས་ཀྱི་གནད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་སྲིད་སྐོར་བརྗོད་དོན། ཨ་རིས་རྒྱ་ནག་ལ་ཚོད་དཔག་ཅི་ཞིག་བྱེད་ཀྱི་ཡོད་ཟེར་ན། རྒྱ་གཞུང་གིས་དམར་ཤོག་གི་ལྟ་བ་དོར་ཡོད་སྟབས། མ་རྩ་རིང་ལུགས་སུ་འགྲོ་ངེས་ཡིན་པ་དང་། མ་རྩ་རིང་ལུགས་སུ་སོང་སྟེ་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་བཏང་རྗེས། ཉིན་ཞིག་ཆབ་སྲིད་ལམ་ལུགས་ལའང་འགྱུར་བ་གཏོང་ངེས་རེད་དྲན་ཡོད། འོན་ཀྱང་། ཚོད་དཔག་དེའི་མཇུག་འབྲས་ནི་ཤིན་ཏུ་ལྡོག་ཟླ་ཞིག་ཆགས་ཡོད། ད་ཆར་རྒྱ་ནག་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པའི་གྲས་སུ་བསླེབས་ཡོད་ཀྱང་། ཁོང་ཚོས་ཆབ་སྲིད་ལ་འགྱུར་བ་ཅི་ཡང་བཏང་མེད་པ་མ་ཟད། སྲིད་དབང་སྒེར་འཛིན་གྱི་ནུས་ཤུགས་ཆེ་རུ་གཏོང་བཞིན་ཡོད། གནས་སྟངས་དེར་བལྟས་ན། ཨ་རིའི་གཞུང་གིས་རྒྱ་ནག་ལ་འཛིན་པའི་རེ་བ་དང་འཆར་སྣང་དེ་ནོར་འཁྲུལ་ཞིག་ཆགས་ཡོད།  དེའི་ཕྱིར། ཨ་རྒྱ་གཉིས་ཀྱི་ད་ལྟའི་འབྲེལ་ལམ་དེ་སུས་ཀྱང་གཏོར་སྐྱོན་གཏོང་མི་ཐུབ་པར་མཁྲེགས་པོ་ཞིག་ཏུ་གྱུར་ཡོད། ཅེས་དང་།  མཐར་ཁོང་གིས་ད་ལྟའི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་ནི ༢༠༡༢ ལོའི་རྒྱ་ནག་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ། བོད་དོན་ཐད་སྔར་ལས་ལྷག་པའི་གནས་སྟངས་ཞིག་འབྱུང་རྒྱུའི་རེ་བ་ཡོད། རྒྱུ་མཚན་ནི་ཞི་ཅིན་ཕིན་སྒེར་ངོས་ནས་མི་ཡག་པོ་ཡོད་པ་ཙམ་དུ་མ་ཟད། ཁོང་གི་ཕ་ལགས་༧གོང་ས་མཆོག་གི་ནང་མི་དང་བོད་ཀྱི་མཐོ་རིམ་མི་སྣར་འབྲེལ་བ་གཏིང་ཟབ་ཅིག་ཡོད། རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ཏེ་བོད་དོན་ཐོག་རེ་བ་གང་འཚམ་ཡོད། གནས་སྟངས་གང་འདྲ་ཞིག་ཡིན་རུང་། ད་ལྟ་ང་ཚོས་བསྒྲུབ་དགོས་རྒྱུ་ནི་བོད་རྒྱ་མི་རིགས་བར་གྲོགས་པོ་མང་པོ་བཟོ་དགོས་ཀྱི་འདུག ངོ་ཤེས་མང་དུ་སོང་ཚེ་བོད་ཀྱི་གནད་དོན་ཐད་གོ་རྟོགས་ཆེ་རུ་འགྲོ་གི་རེད། ཅེས་བརྗོད་བྱུང་།

 

འདི་གའི་གསར་འགོད་པས་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སངས་རྒྱས་སྐྱབས་ལགས་སུ་ཐེངས་འདིའི་བགྲོ་གླེང་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། རྒྱ་རིགས་དེ་ཚོ་བོད་དོན་རྒྱབ་སྐྱོར་བ་ཆགས་ཡོད་ཀྱང་སྔོན་ཆད་ངྷ་སར་ཕེབས་མྱོེང་མེད་སྟབས། བཙན་བྱོལ་གཞུང་གི་འཛིན་སྐྱོང་སྒྲིག་འཛུགས་དང་། ༧གོང་ས་མཆོག་གི་དགོངས་གཞི། དེ་བཞིན། བོད་པ་སྐྱབས་བཅོལ་བའི་གནས་སྟངས་བཅས་ངོ་སྤྲོད་བྱ་རྒྱུ་གལ་ཆེན་དུ་མཐོང་ནས་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན་ཞེས་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བས་གཞུང་ཞབས་ལས་བྱེད་ཚོར་བོད་དོན་བགྲོ་གླེང་གནང་བ་འདིས་འབྱུང་འགྱུར་བོད་རྒྱ་མི་རིགས་ཀྱི་འབྲེལ་བའི་ཐད་ཤུགས་རྐྱེན་འབྱུང་མིན་སྐོར་དྲིས་སྐབས་ཁོང་གིས། དེ་རིང་གི་བགྲོ་གླེང་འདི་ཁོ་ན་ཙམ་གྱིས་བོད་དོན་ཐོག་ཤུགས་རྐྱེན་ཆེན་པོ་འཇོག་རྒྱུར་ཁག་པོ་རེད། ཡིན་ནའང་། འབྲེལ་བ་འདི་བརྒྱུད་མ་འོངས་པར་བོད་རྒྱ་མི་རིགས་བར་འབྲེལ་བ་ཡག་ཏུ་འགྲོ་རྒྱུ་དང་། ལྷག་པར་དུ་ཁོང་ཚོའི་བོད་དོན་སྐོར་གྱི་ལས་འགུལ་ཕྱག་འདིས་རྒྱ་ནག་ནང་དུའང་ཕན་ཐོགས་ཡོད་ངེས་རེད། ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 6

  1. པད་མ་ལྷུན་གྲུབ། says:
    ལོ་ 16 སྔོན།

    རྒྱ་རིགས་མཁས་དབང་དེའི་བསམ་ཚུལ་ལེགས། དེ་ནི་ཁོ་རང་གི་བསམ་ཚུལ་རེད། ཐིག་མ་ཐིག་དང་། བདེན་མ་བདེན་ཅི་རིགས་ཡོང་། ཨ་རི་དོན་གཅོད་ཁང་ནས་རྒྱ་རིགས་རྣམས་རྡ་སར་འཁྲིད་ཐུབ་པ་དང་། གཞུང་ཞབས་ལས་བྱེད་པ་དང་བསམ་ཚུལ་བརྗེ་ལེན་བྱེད་ཐུབ་པ་དེ་ཡག་པོ་བྱུང་སོང་སྙམ། ལས་བྱེད་པ་ཁ་ཤས་དང་སྐད་ཆ་བྱུང་བར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག འོན་ཀྱང་དེ་ཉིན་རྒྱ་སྐད་བོད་སྐད་དུ་སྒྱུར་མཁན་དེ་སངས་རྒྱས་མ་ཡིན་པར། ཀུན་དགས་བྱས་ཡོད་ན་བསམ་མཁན་མང་པོ་འདུག

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    ད་ཡང་རྒྱ་ནག་པ་འདི་རིགས་ཀྱིས་ལྷ་སྒྲུང་གསར་བའི་གོས་ཤིག་བཟོས་ནས་ངྷ་སར་བསྐོན། ངྷ་སའི་གོས་དེ་གྱོན་ནས་བོད་མི་ནང་ཁུལ་ལ་ངོམས་སྟོན་ཐེངས་ཤིག་བྱེད་འཆར་ཡོད་པ་འདྲ།

    ཚང་མ་ལོས་ཤེས་དགོས་པ་ནི་རྒྱ་ནག་གི་སྲིད་འཛིན་གང་ཞིག་སྲིད་སྟེགས་སུ་བུད་རྗེས་དུས་ཡུན་ཉུང་མཐར་ལོ་ལྔ་ནས་དྲུག་བདུན་མེད་ན་གོ་ས་བརྟན་སྲུང་བྱེད་ཐུབ་ཀྱི་མེད་ལ། གོ་ས་བརྟན་སྲུང་བྱེད་ཐུབ་པ་བྱུང་ནའང་སྲིད་འཛིན་སྔ་མ་ཚོར་བསྟུན་གང་ཐུབ་བྱེད་དགོས་ཀྱི་ཡོད་པ་རེད།

    འོ་ན། ཧུའུ་ཅིན་ཐོ་སུ་རེད། བོད་པའི་ལག་དམར་རེད། ཁོ་རང་ཞེད་སའང་ལག་དམར་ཡིན་པའི་བྱས་ཉེས་རེད་ལ། ཁུར་འདུན་མེད་པའང་དེ་ཡིན་སྟབས། དོན་དག་འདིའི་ཐད་སྲིད་འཛིན་གསར་རྙིང་བརྗེ་སྐབས་དོན་རྐྱེན་དེ་རིགས་ལྷོད་ཡངས་མི་གཏོང་བར་ནང་ཁུལ་ལམ་ངག་ཐོག་ཆིངས་ཡིག་འཇོག་གི་ཡོད་པ་རེད། དེ་བས། ཞིས་ཅིན་ཕེན་ལ་བོད་ཐོག་གཞན་ལས་འཇམ་པོ་ཡོད་སྲིད་མོད། ཐག་གཅོད་ཀྱི་དབང་ཚད་དམ་རྒྱབ་བསྐྱོར་རེག་སྲིད་དམ།

    ལྷན་ནས་དབྱེ་ཞིབ་མུ་མཐུད་དུ་ཡོང་བར་རེ་བ་ཡོད།

    Reply
  3. ཤག་སྒང་ཟིན་བྲིས། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གི་དགོངས་གཞི། །བོད་རྒྱ་ཐ་དད་མ་རེད། །རྒྱ་རིགས་བོད་རིགས་མི་མང་། །ལྡུམ་རྭ་གཅིག་གི་མེ་ཏོག །
    དེ་རིང་རྒྱ་རིགས་ཀྱི་ཆེད་ལས་ཀྱི་མི་སྣ་འདི་དག་དྷ་སར་ཕེབས་པ་དེ་བཟང་། བོད་གཞུང་ཕྱི་དྲིལ་གྱིས་གོ་སྒྲིག་གནད་སྨིན་གནང་བར་ཧ་ཅང་མོས། ཐུགས་རྗེ་ཆེ།
    ང་ཚོ་བོད་མིས་འདི་དང་འབྲེལ་བའི་བསམ་ཤེས་ལ་སྦྱོང་བརྡར་གནང་དགོས་པ་ཛ་དྲག་མཐོང་བཞིན་ཡོད།

    Reply
  4. ཐོ་རེངས། says:
    ལོ་ 16 སྔོན།

    རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་སུ་ཞིག་ཆགས་ནའང་བོད་ལ་དམིགས་བསལ་གྱི་ཕན་ཐོག་གང་ཡང་མེད། འོན་ཀྱང་རྒྱ་ནག་གི་སྲིད་འཛིན་རྗེས་མས་རྒྱ་མི་རིགས་ཀྱི་བདེ་སྡུག་དང་ཁ་ཕྱོགས་སྐོར་ལ་དོར་སྣང་ཆེ་རུ་འགྲོ་སྲིད། དེ་གང་ཡིན་ཞེ་ན་རྒྱ་ནག་སྤྱི་དམང་ནང་ན་དཔལ་འབྱོར་གྱི་ནུས་ཤུགས་ཉིན་རེ་ལས་ཉིན་རེ་ཅེ་ཆེར་འགྲོ་བཞིན་ཡོད། དེ་དང་མཚམས་པའི་དབང་ཤུགས་ཀྱང་ཅི་རིགས་ཅིག་འབྱུངས་འབྱུང་བཞིན་པ་རེད།
    གལ་སྲིད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོངས་ཞིག་ཐོབ་ན། དེ་ནི་མ་འོངས་པའི་མདུན་ལམ་ཡག་ཤོས་རེད། དེ་མིན་བོད་རང་བཙན་ཐོབ་ནའང་སྐུ་དྲགས་རང་ལུགས་ཀྱི་ལྟ་བ་དེ་ད་དུང་བོད་མའི་སེམས་ནང་ནས་དོར་ཐུབ་མེད། འདི་ནི་བོད་མི་མང་འཇིགས་སྣང་སྐྱེ་ཡུལ་ཆེ་ཤོས་ཞིག་རེད།
    སྐབས་འདིར་རྒྱ་སྡོམ་ཁ་ཤས་ཞིག་རྡ་སར་འོངས་ནས་དྲུང་མདོག་བྱས་པ་ལ་སུ་ཞིག་ཡིད་སྟོན། འདི་རིགས་འདི་བོད་ནང་གི་བོད་མིའི་རྣ་ལམ་ནས་ཆད་མ་མྱོང་བའི་སྐད་ཆ་ཞིག་རེད།
    འུར་མ་ལང་གངས་སྐྱིད་ཚོ།
    འུར་མ་ལང་གངས་སྐྱིད་ཚོ།
    འུར་མ་ལང་གངས་སྐྱིད་ཚོ།

    Reply
  5. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    བོད་རེ་བས་ཕུང་ཟེར་བ་ཅིས་མི་བདེན་ ཞིན་ཅི་ཕིང་སྲིད་འཛིན་དུ་ཕེབས་ན་བོད་ལ་རེ་བ་ཆེན་པོ་ཡོད་ཟེར་མཁན་གྱི་བོད་རིགས་རྣམས་ཀྱིས་རྒྱུ་མཚན་གཙོ་བོ་བཟུང་ས་ནི་ ཁོང་གི་པ་ལགས་སྔར་བཅིང་གྲོལ་དམག་མི་ཁོངས་སུ་ཡོད་པ་མ་ཟད་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་འབྲེལ་འདྲིས་ཆེན་པོ་ཡོད་ བྱས་ཙང་ཁོང་ཡང་བོད་དོན་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་ཀྱི་རེད་ཟེར་བ་འདི་ཡིན་ ཁོ་བོས་བལྟས་ན་ཝེན་ཅ་པའོ་སྲིད་བློན་ནས་མ་འཁྱུད་གོང་རྒྱ་ནག་ནང་དུ་དམངས་གཙོའི་བཅོས་བསྒྱུར་ཐོག་ལ་གོམ་པ་སྤོས་གིན་རེད་བསམ་པའི་རེ་བ་ཡོད་མ་གཏོགས་འབྱུང་འགྱུར་སྲིད་འཛིན་སྐོར་གང་འདྲ་འབྱུང་མིན་ཆ་མ་འཚལ་

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེས་འབུར་དུ་ཐོན་བཞིན་པ་དང་། འཛམ་བུ་གླིང་གི་མི་རྣམས་དཔལ་འབྱོར་འདུ་འགོད་ལ་གཡེང་གི་ཡོད་ཅིང་།
    འཛམ་གླིང་གི་དབུ་ཁྲིད་རྣམས་པ། མི་སེར་མང་ཆེ་བ།
    ཀུན་དགའ་དོན་གྲུབ་ལ་དགའ་ཞིང་། འགྲོ་བ་མིའི་བདེ་སྡུག་གི་འགག་རྩ་ཡང་དཔལ་འབྱོར་ཁོ་ན་ལས་བྱུང་བའི་འདུ་ཤེས་དང་། དེ་འདྲའི་ཤུགས་རྐྱེན་འོག་ཚུད་དེ།
    བོད་མིའི་འཐབ་རྩོད་དང་དགོས་མཁོ་གང་ཅིའི་ཐད་ནས།
    ང་ཚོ་ཁེར་རྐྱང་ལྷག་ཉེན་ཆེ་བ་ལ་བསམ་སྟེ་སྤུན་ཟླ་རྣམས་ཀྱིས།
    མ་འོངས་བའི་མི་རིགས་ཀྱི་བདེ་སྡུག་བརྩོད་ཕྱོགས་ཐད་དགོངས་འཆར་གང་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese