མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་དམག་ལ་རྒྱ་ནག་གིས་སྦྱོང་བརྡར་སྤྲོད་འཆར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་རྒྱ་གར་དུས་བབ་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་དང་མཐའ་འབྲེལ་གྱི་བལ་ཡུལ་ས་ཁུལ་ར་སའུ་ཝ་(Rasuwa)དང་།  སིན་ཌའོ་ཕེལ་ཅཱོག (Sindhupalchowk)  ཌོ་ལ་ཁཱ(Dolakha) གློ་སྨོན་ཐང་།(Mustang)  སོ་ལུ་ཁུམ་བུ (Solukhumbhu) བཅས་ཀྱི་ས་གནས་སྐོར་སྲུང་དམག་མི་དང་ཉེན་རྟོག་པ། མཐའ་སྲུང་དམག་མི་བཅས་ལ་པེ་ཅིན་དུ་བདུན་ཕྲག་གཉིས་རིང་དམག་མིས་སྦྱོང་བརྡར་ཞིག་སྤྲོད་རྒྱུ་ཡིན་པ་དང་། དམག་སྦྱོང་དེར་ཁཱ་སི་ཁེ་(Kaski) དང་ཌོལ་ཕཱ་(Dolpa) རྫོང་ཁག་གཉིས་ཀྱི་རྫོང་དཔོན་དང་། དེ་བཞིན། བདུན་ཕྲག་སྔོན་མ་ནས་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕྱིན་ཡོད་པའི་བལ་ཡུལ་རྒྱལ་སའི་ཁུལ་གྱི་ཉེན་རྟོག་དམག་མིའི་མགོ་གཙོ་རཱ་མེ་ཤ་ཁ་རེལ་ (Ramesh Kharel) བཅས་ཀྱང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག 

 

བལ་ཡུལ་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇ་ཡ་མའོ་ཁོན་ཏ་ཁཱ་ནེལ་ (Jaya Mukunda Khanal) གྱིས་ཐེངས་འདིར་བལ་དམག་ལ་རྒྱ་ནག་ཏུ་སྦྱོང་བརྡར་སྤྲོད་པ་དེ་ནི་རྒྱལ་ཁབ་ཕན་ཚུན་བར་གྱི་མཛའ་འབྲེལ་ལས་དོན་གྱི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་ཡོད་མོད། དོན་དངོས་ཐོག་དམག་མིས་སྦྱོང་བརྡར་དེ་ནི་བལ་ཡུལ་གྱི་ས་ཐོག་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བར་དྲག་གནོན་དང་། དེ་བཞིན་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་རྣམས་ལ་བཀག་སྡོམ་བྱ་ཆེད་ཡིན་འདུག 

ཉེ་སྔོན་བལ་ཡུལ་སྲིད་འཛིན་རམ་བྷ་རན་ཡ་ཌ་ ( Ram Baran Yadav ) རྒྱ་ནག་གི་སྲིད་བློན་ཝུན་ཇ་པའོ་ལ་ཐུག་འཕྲད་སྐབས། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་དང་། བལ་ཡུལ་ས་ཐོག་ནས་རྒྱ་ནག་གཞུང་གི་ཁེ་ཕན་ལ་གནོད་པའི་ལས་འགུལ་ཅི་ཡང་སྤེལ་འཇུག་རྒྱུ་མིན་ཚུལ་བརྗོད་ཡོད་པ་དང་། དེ་བཞིན། རྒྱ་གཞུང་གི་ངོས་ནས་བལ་གཞུང་གིས་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ཐོག་དྲག་གནོན་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བལ་གཞུང་གིས་ངེས་པར་དུ་རྒྱ་གཞུང་དང་མཉམ་འབྲེལ་བྱ་དགོས་པའི་གནོན་ཤུགས་ཀྱང་སྤྲད་ཡོད་འདུག

ཟླ་སྔོན་མར་ཡང་རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ཏེ། བལ་ཡུལ་ཉེན་རྟོག་པས་བལ་ཡུལ་བོད་མིའི་འོས་སྒམ་ ༡༨ བཙན་འཕྲོག་བྱས་ཏེ། བཙན་བྱོལ་བོད་མའི་སྔོན་འགྲོའི་འོས་བསྡུར་འགལ་རྐྱེན་བཟོས་ཡོད་ལ།  དེ་བཞིན་རྒྱ་ནག་ཏུ་ཨོ་རྩེད་འགྲན་ཚོགས་འཚོགས་སྐབས། ཆེད་དུ་བལ་བོད་ས་མཚམས་སུ་བལ་ཡུལ་མཐའ་སྲུང་དམག་མི་ ༢༠༠ འཕར་སྣོན་བྱེད་བཅུགས་ཡོད། དེ་བཞིན། ཉེ་སྔོན་བལ་བོད་འཐའ་མཚམས་སུ་བལ་དམག་ ༡༠༠༠༠ འཕར་སྣོན་བྱས་ཏེ་བོད་ནས་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་དང་། ཕྱིར་བོད་དུ་ལོག་མཁན་བོད་མི་ཚོར་བཀག་སྡོམ་བྱ་དགོས་པའི་གནོན་ཤུགས་སྤྲད་ཡོད་པར་མ་ཟད། མཐའ་སྲུང་བཀག་སྡོམ་ཐད་རྒྱ་གཞུང་གིས་རོགས་སྐྱོར་འགྲོ་སོང་གཏོང་རྒྱུ་ཡིན་སྐོར་གྱི་གནས་ཚུལ་ཡང་ཐོན་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༧ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 5

  1. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བལ་ཡུལ་དང་འབྲུག་ཡུལ་གྱི་བོད་མི་སྐྱབས་བཅོལ་བ་རྣམས་སྐྱབས་མེད་མགོན་མེད་ཀྱི་གནས་སུ་ལྷུང་གི་ཡོད་པ་འདིར་ཤ་ཕྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཐུགས་བསམ་བཞེས་དགོས་ངེས་རེད།

    མུ་མཐུད་ནས་གནས་ཚུལ་སྡུག་རེ་འགྲོ་རྒྱུ་མ་གཏོགས་ཡག་རེ་རྩ་བ་ནས་འགྲོ་གི་མ་རེད། ཆབ་སྲིད་ཀྱི་རང་དབང་དང་ལྟོ་གོས་ཀྱི་དཀའ་ངལ་ཚེ་སྲོག་གི་འཇིགས་སྐྲག་བཅས་ཀྱི་ངོར་གནས་བསྡད་བྱེད་དགོས་ཀྱི་ཡོད་པས་བོད་མི་ལ་ཤ་ཚ་བའི་ལས་བྱེད་པ་ཚོས་ཐབས་ཤེས་བྱེད་དགོས་ངེས་རེད་སྙམ།

    བཙན་བྱོལ་བས་བཙན་བྱོལ་བོད་མི་རྣམས་རང་མགོ་མ་ཐོན་ན་གཞི་ལུས་བོད་མི་སྐྱོབ་ཀྱི་ཟེར་ན་ཆབ་སྲིད་པའི་གཏམ་བཤད་ཙམ་ལས་དོན་ཕན་ཡོད་པའི་ལས་ཀ་ཞིག་མ་རེད།

    བོད་མི་བསམ་ཡོད་ཚོས་རང་མི་མཐར་ངན་དུ་ལྷུང་གི་ཡོད་པ་རྣམས་ལ་ཐུགས་བསམ་བཞེས་རོགས་རེ་འབོད་བྱེད་བཞིན་ཡོད།

    ཐུགས་རྗེ་གཟིོགས།

    Reply
  2. སངས་རྒྱས་རྡོ་རྗེ། says:
    ལོ་ 16 སྔོན།

    ད་ངོ་མ་རྒྱ་ནག་ཚང་གིས་བལ་བོ་ཟ་ཚར་འདུག

    Reply
  3. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ད་ནི་བཙན་བྱོལ་སྤྱི་ཚོགས་སུ་བོད་མི་གསར་འབྱོར་བ་ཇེ་ཉུང་དུ་འགྲོ་རྒྱུ་དང་བོད་དོན་ལ་ལྷག་བསམ་ཇེ་ཆུང་དུ་འགྲོ་རྒྱུའི་སྔ་ལྟས་ཞིག་མཐོང་གི་འདུག །བལ་ཡུལ་གཞུངས་འཛིན་པ་ཁག་ཅིག་ནི་རྒྱ་མའི་རྒྱུག་ཁྱི་རེད་ལ་བལ་པོ་བ་དེ་དག་གི་རྒྱུག་ཁྱི་ནི་བོད་པ་དངུལ་ལོར་ཁོ་ན་བསམ་མཁན་ཁག་ཅིག་རེད།

    Reply
  4. དྲང་སྲོང་། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ལ་གོ་རྒྱུ་ཡག་པོ་འདུག རྒྱ་ནག་དང་བལ་ཡུལ་གཉིས་ནི་འཛམ་གླིང་རྒྱལ་རྗེས་ལུས་གཉིས་རེད།
    དེ་ཡང་རྒྱ་ནག་ནི་ལྟ་བ་རྗེས་ལུས་དང་། བལ་བོ་ནི་དཔལ་འབྱོར་རྗེས་ལུས་རེད།
    རྒྱ་ནག་གིས་དུས་རབས་བཅྭོ་བརྒྱད་པའི་མགོའི་ནུབ་ཕྱོགས་ཀྱི་སྐད་སྙིང་འཁྲེགས་པོ་ཞིག་ད་དུང་ཡང་རྒྱུན་སྐྱོངས་བྱེད་ཁུལ་བྱེད་བཞིན་ཡོད།
    འདི་གཉིས་མཉམ་དུ་འཛོམ་ན་ཡར་རྒྱས་ཞིག་འོང་སྲིད་དམ།

    Reply
  5. ཇ་མ་ says:
    ལོ་ 16 སྔོན།

    གནས་ཚུལ་དེ་ནི་དེང་སང་གསར་དུ་བྱུང་བའི་གནས་ཚུལ་ཞིག་མིན། དེའི་སྔ་ལོ་རབས་བརྒྱད་ཅུའི་ནང་ནས་བཟུང་རྒྱ་ནག་གིས་ནེ་པལ་པ་རྣམས་སྐོར་སྐོར་བྱས་ནས་རྒྱ་ནག་ནང་དུ་སློབ་སྦྱོང་གི་མིང་སྟེང་ནས་ཉེན་རྟོག་སྦྱོང་རྡར། དམག་མི་སྦྱོང་རྡར། དམག་དཔོན་སྦྱོང་རྡར། སོ་བ་སྦྱོང་རྡར། བཟོ་བ་སྦྱོང་རྡར་སོགས་མང་པོ་ཁྲིད་ཡོད། དེའི་ནང་ནས་གཉིས་སྟོང་གཉིས་ལོ་ནས་ཉེན་རྟོག་པ་མང་པོ་ཁྲིད་ཡོད་པ་རེད། བལ་པོ་རྣམས་ཁྲིད་ས་གཙོ་བོ་ཁྲིན་ཏི་དང་ནན་ཅིན་གཉིས་ཡིན་ཚུལ་འདུག རྒྱ་ནག་གིས་ནེ་པལ་དང་འབྲས་ལྗོངས། འབྲུག་ཡུལ་བཅས་ནི་རྒྱ་ནག་གིས་མངའ་ཁོངས་ཡིན་བསམ་པ་ལས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་བསམ་མེད་པ་འདྲ། དཔེ་དེ་བཞིན་དུ་རྒྱ་གར་གྱི་ཨ་རི་ན་ཅར་དང་ལ་དྭགས། ཀ་ཞི་མིར་ཡང་རྒྱ་ནག་གི་མངའ་ཁོངས་ཡིན་བསམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese