མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་སྲིད་ཟུང་འབྲེལ་གླེང་མཁན་ཚོར་ཕུལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྤོབས་པ་མཐའ་ཡས།

བོད་རང་གི་ལོ་རྒྱུས་ལས་ཐ་སྙད་བྱུང་སྟངས་ཐད་ནས་ཡིག་ཆ་རྙིང་གྲས་ཚོར་ཆོས་སྲིད་གཉིས་ལྡན་དང་ལུགས་གཉིས་དགའ་བ་བརྒྱ་ལྡན་སོགས་བཏགས་པ་ལས་ཆོས་སྲིད་ཟུང་འབྲེལ་བཏགས་པ་མང་པོ་མཐོང་མ་སོང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཆོས་སྲིད་ཟུང་འབྲེལ་མགོ་ཚུགས་པ་དང་། གོང་དུ་འཕེལ་བ། ཉམས་ཉེས་སུ་སོང་བ་ཞེས་པའི་དེབ་དེའི་མགོར་ཐ་སྙད་འདིའི་འཇུག་ཡུལ་དང་ཁྱབ་ཚད་གསལ་བོ་བཟོས་འདུག དེ་ནི་ཆོས་དཔོན་གྱིས་ཡུལ་གྱི་སྲིད་དབང་བཟུང་བ་ཞེས་པ་ཙམ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་བཏགས་པ་ཙམ་རེད། ཐ་སྙད་ཀྱི་འབྱུང་ཁུངས་ལྟ་བུ་དེ་རྒྱ་སྐད་དུ་གང་ཞིག་ཡོད་མི་ཤེས་ཀྱང་དབྱིན་ཡིག་གི་theocracyཞེས་པ་དེ་རེད། མིང་ཚིག་འདིའི་འཇུག་ཡུལ་ངོ་མ་ནི་ལྷ་དང་བླ་མས་ཡུལ་ཀྱི་སྲིད་དབང་བཟུང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག གོ་བ་ལེན་སྟངས་དེ་ཙམ་བྱས་ན་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ཁ་གསལ་དེ་ཙམ་མེད་པས་ཡིད་རྟོན་བྱེད་འོས་པ་མ་རྙེད་ཀྱང་། ས་ཕག་རིན་གཙང་དགའ་ལྡན་ཕོ་བྲང་པ་བཅས་ནི་theocracyཞེས་བཏགས་པའི་ཆོས་སྲིད་ཟུང་འབྲེལ་དེ་ཡིན་པར་ཐེ་ཚོམ་མི་འདུག
དཔེར་ན་སོ་རྡི་ཨ་རབ་ཀྱི་འཛིན་སྐྱོང་ལམ་ལུགས་ལྟ་བུ་དང་བསྡུར་ན་སོ་རྡི་ཨ་རབ་ཀྱི་གཞུང་གི་རྩ་ཁྲིམས་ཀྱང་ཨི་ཟི་ལམ་གྱི་གསུང་རབ་ཁོ་རན་གཞིར་བཞག་གིས་བཟོས་པ་ཡིན་ཟེར་གྱིན་ཡོད་པ་ལྟ་བུ་རེད། ང་ཚོའི་ས་ཕག་རིན་གཙང་དང་སྡེ་པ་གཞུང་གི་ཁྲིམས་ལ་བསམ་བློ་བཏང་ན་ཡང་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་པ་དང་བཅོ་ལྔ་པ། བཅུ་དྲུག་པ། སྡེ་སྲིད་སངས་རྒྱམ་པའི་དྭངས་ཤེལ་མེ་ལོང་སོགས་ཆ་ཚང་བ་སངས་རྒྱས་ཀྱི་ཆོས་ཁྲིམས་གཞིར་བཞག་གིས་བཟོས་པ་ཞིག་མ་ཡིན་ན་ཡང་རི་རྒྱ་ཀླུང་ཁྲིམས་དང་བླ་མ་དགེ་བཤེས་བསད་ན་མི་ཕལ་བ་བསད་པ་ལས་ཉེས་ཆད་ཆེ་བ་ལྟ་བུས་མཚོན་གལ་གནད་ཆེ་བའི་ཁྲིམས་སྣ་མང་པོ་ཞིག་སངས་རྒྱས་པའི་ལུགས་ཀྱི་ཀུན་སྤྱོད་གཞིར་བཞག་གིས་་བཟོས་པ་དངོས་ཡོད་རེད། སྡེ་པ་གཙང་པའི་ཁྲིམས་ཡིག་ཞལ་ལྕེའི་མགོར་དམག་ཁྲིམས་ཡིན་མདོག་གི་དཔའ་བོ་སྟག་གི་ཞལ་ལྕེ་ཟེར་བ་དེའི་མགོར་འདུལ་བ་ལུང་གི་ཚིག་ཁ་ཤས་ཤིག་ཀྱང་དྲངས་ཡོད།



དེ་བཞིན་དུ་སྲིད་སྐྱོང་མཁན་གྱི་མི་སྣའི་ངོས་ནས་ཀྱང་བོད་ས་ཕག་རིན་གཙང་དགའ་ལྡན་ཕོ་བྲང་པ་སོགས་གྱི་རིང་ལ་བླ་མ་ཆོས་དཔོན་ཚོ་ལས་དབང་ཆེ་བ་ཞིག་སུ་ཡང་མེད། གཞུང་སྒེར་ཆོས་གསུམ་གྱི་ནང་ནས་ཆོས་ཕྱོགས་ལ་འགྲན་ཟླར་ལངས་ཐུབ་མཁན་མི་འདུག གླང་དར་བསད་པ་ནས་བཟུང་སྟེ་བོད་སྤྱི་ལ་དབང་སྒྱུར་མཁན་གྱི་རྒྱལ་པོ་བྱུང་མ་ཐུབ་པའི་དོན་ཡང་དེ་རེད། ཡུལ་གྱི་ཁྲལ་བསྡུ་སྐབས་ཀྱང་དགོན་པའི་ཆོས་མཆོད་ཐེབས་རྩའི་མིང་ཐོག་ནས་བསྡུ་བཞིན་ཡོད་འདུག སྟོད་མངའ་རིས་པ་ཚོས་བཤད་ན་ཡུལ་དེའི་མི་ཚོས་བོད་གཞུང་ལ་ཁྲལ་འབུལ་བ་དེ་ཡང་ཆོས་ཕྱོགས་ཀྱི་མཆོད་སྦྱིན་ཞིག་ལ་ངོས་བཟུང་ནས་དགའ་དད་སྤྲོ་གསུམ་གྱིས་སྒོ་ནས་ཕུལ་གྱིན་ཡོད་འདུག ང་ལ་རང་གི་མ་ཚབ་ལྟ་བུའི་སྟོད་མངའ་རིས་པ་མ་རྒན་དྲིན་ཅན་ཞིག་ཡོད། མོས་བཤད་པ་ལྟར་ན་སྔོན་དུས་དུ་སྡེ་པ་གཞུང་གིས་ཁྲལ་བསྡུ་སྐབས་མར་ཆུར་ལྟ་བུ་ཡིན་ན་དེའི་ནང་གི་ཆ་ཤས་ཕྲ་མོ་ཞིག་རྒྱལ་བ་རིན་པོ་ཆེའི་གསོལ་ཅོག་སྟེང་ལ་སླེབས་ཐུབ་པ་རེད་ཟེར་ནས་ཡུལ་མི་ཚོས་ཟས་རིགས་དེ་ཚོར་གཙང་སྦྲ་ལེགས་པོ་བྱས་ནས་ཕུལ་གྱིན་ཡོད་པ་རེད་ཟེར་གྱིན་འདུག དེ་ཡིན་དུས་ཁྲལ་བསྡུ་སྟངས་ཚུན་ནས་བླ་མ་ཆོས་པའི་མིང་ཐོག་ཏུ་བསྡུ་བཞིན་ཡོད་འདུག



Theocracyཞེས་པ་ལྟ་བུ་ལས་བྱུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་མིང་ཚིག་གི་འཇུག་སྟངས་དང་བོད་སྐད་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས་ཀྱི་གོ་བ་ལེན་སྟངས་དེ་ལ་སྒྲ་བཤད་འཇུག་གི་དབྱེ་བ་མ་ཕྱེས་ན་མིང་ཚིག་རང་ངོས་ནས་ཁྱབ་ཁོངས་རྒྱ་ཆེ་ཆུང་ཞིག་ཡོད་པས་རང་རེའི་མི་མང་པོ་ཞིག་གིས་ཆོས་སྲིད་ཟུང་འབྲེལ་ལ་གོ་བ་རྒྱ་དེ་ལས་ཆེ་བ་ཞིག་ཡོད་ཚུལ་ཤོད་ཀྱིན་འདུག ཡིན་ན་ཡང་དུང་དཀའ་བློ་བཟང་འཕྲིན་ལས་ཀྱིས་བཤད་པའི་ཆོས་སྲིད་ཟུང་འབྲེལ་གྱི་འཇུག་དོན་དེ་theocracyཟེར་བ་དང་གཅིག་མཚུངས་ལྟ་བུ་ཞིག་ལ་གོ་དགོས་པར་བཤད་འདུག་པས་ཁྱོད་ཚོ་དང་དུང་དཀར་བས་ཐ་སྙད་ལ་གོ་བ་ལེན་སྟངས་གཅིག་མཚུངས་སུ་མ་གྱུར་ནས་ཉག་ཉོག་མང་པོ་ཞིག་ཤོད་ཀྱིན་ཡོད་པ་འདྲ། མ་ཁི་སིའི་ལྟ་གྲུབ་ཀྱི་ལྟ་སྟངས་ཟེར་ན་ཡང་དོན་དུ་ཐ་སྙད་གསར་པ་ཞིག་ལ་གོ་དོན་གྱི་ཁྱབ་ཁོངས་གསལ་སྟོན་བྱས་པ་ཙམ་རེད།
ཆོས་སྲིད་ཟུང་དུ་འབྲེལ་སྟངས་དེ་ནི་ཡུལ་གྱིས་སྲིད་གཞུང་གིས་ཆོས་སྲིད་གྱི་འགན་འཁུར་མིན་ཞིག་གིས་བཏགས་པ་མ་ཡིན་པར་ཡུལ་ཁྲིམས་ཀྱི་གཞི་རྩ་དེ་རིན་ཐང་ལྟ་སྟངས་ག་འདྲ་ཞིག་གཞི་ལ་བཞག་ནས་བཟོས་པ། གཞུང་འཛིན་གྱི་མི་སྣ་དེས་དབང་ཤུགས་གི་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ། ཡུལ་དེའི་གཞུང་གིས་མི་མང་ལ་ལམ་སྣ་སྟོན་སྟངས་ཁེ་ཕན་གང་ཞིག་གཙོ་བོར་འཛིན་པ་སོགས་ལས་འཇོག་དགོས། དེ་ཡང་ཆོས་ལུགས་གང་ཡང་རུང་བ་ཞིག་གལ་གནད་ཀྱི་གཞི་རྩར་བཟུང་བ་ཡིན་ན་དེ་ཙམ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་བཏགས་ཆོག་པ་རེད།
ང་ལ་མཚོན་ན་གནད་དོན་འདི་གོ་དགོས་པ་དང་གལ་གནད་ཆེ་བའི་བྱ་བ་ཞིག་གང་ཡང་མ་ཡིན་ན་ཡང་མི་མང་པོ་ཞིག་གིས་གནད་དོན་འདིའི་སྟེང་དུ་འུར་སྒྲ་བརྒྱབ་ནས་སོས་དལ་དུ་སྡོད་དུ་མི་འཇུག་པས་འདི་ཙམ་བཤད་དགོས་བྱུང་སོང་། ཐ་སྙད་ཀྱི་བཤད་འཇུག་གི་ཆ་ལ་གུ་ཡངས་ཙམ་གནང་ཐུབ་པའི་རེ་སྨོན་ཞུ༎ ༎

༼ རྩོམ་པ་པོའི་ཟིན་བྲིས་ལས་བདམས་བཀོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 2

  1. delekp says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།
    ཁྱེད་ནས་ཆོས་སྲིད་ཟུང་འབྲེལ་ཐོག་ཁྱེད་རང་གིས་སློབ་སྦྱོང་བྱས་པ་ལྟར་བྲིས་པར་གང་ལེགས་ཀྱང་བོད་ཀྱི་རྒྱལ་རབས་ལ་གཏིང་ཟབ་ཙམ་ཐོས་བསམ་དང་སློབ་སློབ་སྦྱོང་གནང་ན་དེ་ལས་ལྷག་པའི་གོ་བ་ཞིག་ཡོང་ངེས།་

    Reply
  2. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་ཁྱེད་ཀྱི་བཤད་པའི་ཆོས་སྲིད་ཟུང་འབྲེལ་མེད་པར་བསྒྲུབ་སྟངས་འདི་ཏག་ཏག་ཅིག་ཁོ་བོའི་ལེགས་པར་མཐོང་མ་སོང་།
    ཆོས་ལུགས་གང་ཡང་རུང་བ་ཞིག་གལ་གནད་ཀྱི་གཞི་རྩར་བཟུང་བ་ཡིན་ན་དེ་ཙམ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་བཏགས་ཆོག་པ་ཁྱེད་ཀྱིས་ཞལ་གྱི་བཞེད་པ་དང་།
    དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཆོས་སྲིད་ཟུང་འབྲེལ་མེད་པར་བཤད་པ་གཉིས་འགལ་ཟླ་ལྟ་བུ་ཆགས་འདུག
    ཁྱེད་ལྟར་ན་༸གོང་ས་མཆོག་ཡང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་མི་འོས་བ་ཞིག་དུ་སྣང་ངོ་།
    འདི་ནི་ཁྱེད་ཀྱི་ཁ་ཚོད་ཆེ་དྲག་པའི་ཕྲན་བློ་བདེ་བོའི་ངང་དུ་གནས་ཆོག་པའི་གནས་སྐབས་རྩོད་པའི་གནས་སུ་མ་གྱུར་ཏོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese