མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་དང་ཡི་གེ་རྒྱུན་འཛིན་བྱས་ཏེ་རང་སྲུང་བྱ་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་སློབ་ཕྲུག་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་དང་སྒྱུ་རྩལ་པ་མགོ་ལོག་ངྷ་བྷེ་སོགས་གཙོས་པའི་རྩོམ་པ་པོ་དང་སྙན་ངག་པ་སྐོར་ཞིག་གིས་བོད་དབྱིན་གཉིས་ཐོག་ནས་སྙན་ངག་གྱེར་འདོན་དང་གླུ་གཞས་གཏོང་བ་སོགས་ཀྱི་འདུ་འཛོམས་ཤིག་གནང་ཡོད།

ངྷ་སའི་དཔེ་མཛོད་ཁང་དང་ན་གཞོན་དང་བླང་རུ་ཁག་བཅས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༡༤ ཉིན་ངྷ་ས་དོམ་ཁྲ་གསོལ་མགྲོན་ཁང་དུ་ངྷ་ས་ཁུལ་གྱི་རྩོམ་པ་པོ་དང་སྒྱུ་རྩལ་པ་སྐོར་ཞིག་གིས་བོད་ནང་གི་སློབ་ཕྲུག་ཚོའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་ལ་རྒྱབ་དཔུང་མཚོན་པའི་སྙན་ངག་གྱེར་འདོན་གྱི་འདུ་འཛོམས་ཤིག་གནང་ཡོད། ལས་རིམ་གྱི་ཐོག་མར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་ལོ་རྒྱུས་དང་འབྲེལ་བོད་སྐད་ཡིག་ལ་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚུལ་བརྗོད་དོན། བོད་བཙན་པོའི་སྲིད་དབང་ཐོར་ཏེ་ས་སྐྱས་བོད་ཀྱི་སྲིད་དབང་བཟུང་སྐབས། སོག་པོའི་དབང་ཤུགས་བོད་དང་ཨེ་ཤ་ཡའི་ས་ཁུལ་མང་པོར་བསླེབས་ཀྱང་། དབང་སྒྱུར་བྱེད་ཡུལ་གྱི་ཆོས་རིག་གཞུང་། གྱོན་གོས། སྐད་ཡིག་སོགས་ལ་སློབ་སྦྱོང་བྱས་ཏེ། སོག་པོ་རང་གི་སྐད་ཡིག་དང་ཆོས་རིག་གི་ཆུ་ཚད་གོང་མཐོར་བཏང་བ་ལས་གཞན་གྱི་སྐད་ཡིག་རིག་གནས་རྩ་མེད་བཟོ་བའི་སྲིད་ཇུས་བཟུང་མེད། དེ་བཞིན། མན་ཇུའི་མི་རིགས་ཀྱིས་རྒྱ་ནག་ལ་དབང་སྒྱུར་བྱས་ཀྱང་། རྒྱ་ནག་གི་སྐད་ཡིག་དང་གོམས་སྲོལ། ཟ་སྟངས་སྡོད་སྟངས་སོགས་སྦྱང་སྟེ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་བའི་སྲིད་ཇུས་སྤེལ་མེད། ཅེས་དང་།

 

ཕྱི་ལོ་ ༡༧༢༥ ནས་ ༡༩༡༠ བར་མན་ཇུའི་རྒྱལ་རབས་ཀྱི་མཇུག་ཏུ་བོད་མདོ་སྟོད་སྨད་ཁུལ་ལ་ཌོ་རོ་ཧྤིན་དང་མཱ་པུ་ཧྥིང་གིས་བཙན་འཛུལ་བྱས་སྐབས། ཆབ་སྲིད་དབང་ཤུགས་ཙམ་དུ་མ་ཟད་སྐད་ཡིག་རིག་གཞུང་རྩ་མེད་བཟོ་བའི་སྲིད་ཇུས་སྤེལ་འདུག དཔེར་ན། ཁམས་དང་ཨ་མདོའི་ས་ཁུལ་མང་པོར་རྒྱའི་སློབ་གྲྭ་བཙུགས་པ་དང་། རྒྱ་ཡིག་རྒྱ་སྐད་བེད་སྤྱོད་བྱེད་དུ་བཅུག་ཡོད་པ་མ་ཟད། ལྷ་ས་ཁུལ་ལའང་རྒྱའི་སློབ་གྲྭ་མགོ་འཛུགས་བྱས་ཡོད། རྗེས་སུ་གོ་མིན་ཏང་གི་དབང་ཤུགས་བོད་ལ་བསླེབས་སྐབས་ཀྱང་། ད་ལྟའི་རྒྱ་གཞུང་ལྟར་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་འདུག སྐབས་དེར་ལྷ་སར་རྒྱ་གར་བརྒྱུད་དབྱིན་ཇིའི་ཤུགས་རྐྱེན་ཕྲན་བུ་བསླེབས་ཡོད། དཔེར་ན། ཇ་ཕོར་ལ་གྷི་ལ་སི་དང་གོ་ལྷམ་ལ་འཇུར་ཏ་ཟེར་བ་འདྲ་བོ་རེད། ཨ་མདོ་ཁུལ་ལ་མཚོན་ནའང་རྒྱ་སྐད་ཀྱི་ཤན་ཞུགས་ཏེ། ཡང་ལཱ་དང་ཡང་ཧྭོ། ཡང་ཐཱང་ཟེར་བའི་ཐ་སྙད་མང་པོ་ཞིག་ཡོད།

ད་ང་ཚོས་ཧ་གོ་དགོས་བ་ཞིག་ནི། སྔོན་མ་ཌོ་རོ་ཧྤིན་དང་མཱ་པུ་ཧྥིང་། གོ་མིན་ཏང་། གུང་ཁྲན་ཏང་རིམ་པར་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་རིམ་བཞིན་ལག་བསྟར་བྱས་ཀྱང་། དེ་རིང་བོད་སྐད་ཡིག་གིས་དུས་རབས་ཉེར་གཅིག་པའི་དཔལ་ཡོན་གྱི་རྗེས་ཟིན་གྱི་ཡོད་མེད་གང་ལྟར་ཡང་། རྩ་བརླག་ཏུ་ཕྱིན་མེད་པ་འདི་བོད་སྐད་ཡིག་རང་གི་ནུས་པ་ལ་བརྟེན་ནས་གསོན་གནས་ཐུབ་པ་ཞིག་རེད་མ་གཏོགས་སྐད་ཡིག་གཞན་ཞིག་དང་། མི་རིགས་གཞན་གྱི་རོགས་རམ་ལ་བརྟེན་ནས་བྱུང་པ་ཞིག་རྩ་བ་ནས་མ་རེད། ད་མ་འོངས་པར་བོད་སྐད་ཡིག་འདི་འཚོ་གནས་ཐུབ་དང་མ་ཐུབ་ཟེར་བ་དེ་ལ་ང་ཚོས་ལྟ་སྟངས་གཉིས་འཛིན་དགོས་པ་ཞིག་རེད། གཅིག་མི་སེར་སྤེལ་ཡུལ་གྱིས་སོ་སོའི་ངོ་བོ་དམ་སྲུང་གིས་མི་སེར་སྤེལ་མཁན་གྱི་རིག་གནས་མ་ལག་དང་བཅས་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དེ་དང་། ཆིག་ཤོས་དེ་སོ་སོ་མི་སེར་སྤེལ་མཁན་གྱི་ནང་དུ་འཛུལ་ཏེ་དེའི་རིག་གནས་དང་གོམས་སྲོལ་སོགས་སྦྱང་སྟེ་མི་སེར་སྤེལ་མཁན་ལ་དབང་སྒྱུ་བྱ་རྒྱུ་དེ་གཉིས་རེད། ཅེས་ངོ་སྤྲོད་གནང་བྱུང་།

 

སྐབས་དེར་འདི་གའི་གསར་འགོད་པས་སྒྱུ་རྩལ་པ་མགོ་ལོག་ངྷ་བྷེ་ལགས་སུ་སྐད་ཡིག་དང་མི་རིགས་བར་གྱི་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་སྐབས་ཁོང་གིས། ང་ཚོའི་སྤྱི་ཚོགས་ནང་ཤ་དང་ཁྲག་རྒྱུན་གཅིག་པའི་བརྩེ་དུང་ཞིག་དང་། མི་རིགས་ཀྱི་ལ་རྒྱ་བརྟན་པོ་ཞིག་ཡོད་ན། ཆོས་དང་རིགས་གཞུང་། སྐད་ཡིག་སོགས་ཉམས་ཀྱང་དེ་ཙམ་གནད་འགག་མ་རེད་ཟེར་མཁན་དང་བསམ་མཁན་ཡོད་པ་དེ་ཚོ་ནོར་བ་རེད། མན་ཇུའི་མི་རིགས་ཉམས་སོང་ཟེར་བ་དེ་ཡང་སྐད་ཡིག་རིག་གཞུང་ལ་ཐུག་ཡོད། རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་ལྟར་ན། ད་ཆར་མན་ཇུའི་མི་རིགས་འཕེལ་བཞིན་ཡོད་ཀྱང་། མན་ཇུའི་མི་རིགས་ཀྱི་སྐད་དང་ཡི་གེ་ཉམས་སོང་བས་དབང་གིས་མན་ཇུའི་མི་རིགས་ཚར་སོང་ཟེར་གྱི་ཡོད། བོད་པའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་སོགས་ནི་ད་ཆར་གོ་ལའི་ཁྱོན་ཡོངས་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། མི་རིགས་ཤིག་གི་རྩ་དོན་དང་འཚོ་གནས་ལ་འཐབ་རྩོད་བྱ་དགོས་ན། དམག་དཔུང་གི་སྟོབས་ཤུགས་དང་། ཡང་ན་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་དགོས། དེ་གཉིས་ཀ་མེད་པའི་ང་ཚོ་ལྟ་བུར་མཚོན་ན། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་རྒྱུན་འཛིན་བྱས་ཏེ་རང་སྲུང་བྱ་དགོས། ཞེས་བརྗོད་བྱུང་།

 

ཡང་གསར་འགོད་པས་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་བོད་པའི་སྐད་ཡིག་དང་བོད་པའི་རྩ་དོན་གཉིས་བར་གྱི་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས། མི་རིགས་ཤིག་ལ་མཚོན་ན། དེའི་བདག་དབང་དང་འཚོ་གནས་ཀྱི་འཐབ་རྩོད་ཁྲོད་སྐད་ཡིག་དང་རིག་གཞུང་གལ་ཆེན་པོ་རེད། ཡིན་ནའང་སོ་སོའི་མི་རིགས་ལ་འཛིན་པའི་ཤ་དང་རུས་པའི་བརྩེ་དུང་ཆ་རྐྱེན་ཨང་དང་པོ་རེད་དྲན་གྱི་ཡོད། དཔེར་ན། བོད་ཡིག་བོད་སྐད་ཤེས་པ། མཐའ་ན་བོད་ཀྱི་བླ་མ་དང་ཆོས་གཟུགས་གྲྭ་གཟུགས་ཡིན་མཁན་མང་པོ་ཞིག་རྒྱ་ནག་གི་ལག་ཆར་གྱུར་ཡོད་པ་དེ་ཚོ་རེད། དེ་ལས་བོད་ཡིག་བོད་སྐད་དེ་ཙམ་མི་ཤེས་རུང་བོད་ལ་ཤ་ཁྲག་རུས་གསུམ་གྱི་གཏིང་ནས་བརྩེ་དུང་དང་ལ་ཞེན་ཡོད་མཁན་དེ་ཚོ་ལྡབ་འགྱུར་གྱིས་རྩ་དོན་ཐད་ནས་བཤད་ན་ཡག་པ་ཡོད་རེད། རྩོམ་པ་པོ་འོད་ཟེར་ལགས་དང་ཨ་ཁུ་ཡིད་དམ་ཚེ་རིང་སོགས་ཀྱིས་རྒྱ་ཡིག་རྒྱ་སྐད་ལས་བོད་ཡིག་དེ་ཙམ་ཤེས་ཀྱི་མེད་པ་དང་། དེ་བཞིན། ཟླ་བ་ནོར་བུ་དང་འཇམ་དབྱངས་ནོར་བུ་སོགས་དབྱིན་ཡིག་ལས་བོད་ཡིག་ལ་ཚད་མཐོ་བོ་མ་རེད། ཁོང་ཚོས་བོད་མི་རིགས་ཀྱི་རྩ་དོན་ལ་འཛིན་པའི་འདུ་ཤེས་དང་མི་རིགས་ཀྱི་འཚོ་གནས་ཐད་ནས་འཐབ་རྩོད་བྱེད་སྟངས་ཡོངས་གྲགས་ཀྱིས་གུས་བཀུར་ཞུ་འོས་པ་ཞིག་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༡ སྔོན་ལ།
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠

མཆན། 7

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ལས་འགུལ་འདི་རིགས་ལ་རྒྱབ་སྐྱོར་ཡོད། གསར་འགོད་པས་འབྲི་སྟངས་ལ་བསམ་འཆར་ཡོད། མཱ་པུའུ་ཧྤིང་ ཞེས་བྲིས་ན་དབུས་གཙང་པ་དང་ཨ་མདོ་བས་ཀློག་སྟངས་ལོག་གར་འགྱུར་འགྲོ་ལ་དབུས་གཙང་པས་ཀློག་སྟངས་དེ་རྒྱ་ཡིག་གི་གདངས་དང་ཡང་མི་མཐུན། དེ་བས་ མཱ་པུའུ་ཧྤང་ ཞེས་འགྲེང་བུ་དེ་བསུབ་ན་ལེགས། གཞན་ཡང་རྒྱ་སྐད་ཀྱི་གདངས་བོད་ཡིག་ཏུ་འབྲི་སྐབས་རྒྱ་ནག་སྤྱི་སྐད་ཀྱི་གདངས་ལ་སྦྱོར་དགོས་པ་ལས་ཡུལ་ལུང་བྱེ་བྲག་པས་སྐད་ལ་སྦྱོར་བ་འདི་མི་ལེགས། དཔེར་ན་ ཀྲུའུ་ལ་ ཀྲིག་དང་ ལེའུ་ལ་ ལིག་ ཅེས་བྲིས་པ་ལྟ་བུ་རེད།
    བོད་ཡིག་མི་ཤེས་པའི་བོད་ཀྱི་ལ་རྒྱ་ཅན་དང་བོད་ཡིག་བྱང་ཆུབ་པའི་བོད་མི་བླ་བཙོང་བ་གཉིས་ལས་སུ་ཞིག་གི་སྟེང་ནས་བོད་ཀྱི་གཟུགས་བརྙན་བཙལ་བདེ་འམ། གནད་དོན་འདི་བོད་ཡིག་བོད་མི་རིགས་ཀྱི་སྲོག་རྩ་ཡིན་མིན་ལ་ཐུག་ཡོད། གོང་དུ་མན་ཇུའི་མི་རིགས་ཉམས་ཟིན་པའི་རྒྱུ་མཚན་དང་འདི་དག་ལ་ཞིབ་བསྡུར་ཞིག་བྱེད་རྒྱུ་འདུག

    Reply
  2. འབྲོང་བུ་རང་རྐྱ་བ། says:
    ལོ་ 15 སྔོན།

    བོད་མི་རིགས་ལ་ཤ་ཞེན་ཆེ་བ་དང་དུང་བ་ཟབ་པའི་ཆབ་སྲིད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ཨ་ཚོགས་ཀླུ་མཁར་བྱམས་དང་གཞན་ཡང་བོད་མི་རིགས་ཀྱི་ཁྱད་ཆེས་འབུར་དུ་ཐོན་པའི་རྒྱུ་རྩད་པ་འགོ་ལོག་ཟླ་བྷེ་དང་བོད་མི་རིགས་ཀྱི་ལ་ཞེན་ལ་དུང་བརྩེ་ཟབ་པའི་ཚོགས་མི་ཡོངས་ཀྱི་ལུས་འགུལ་སྤེལ་བ་ལ་རྗེས་སུ་ཡི་རིང་དང་མཚོན་བསྔགས་བརྗོད་དང་བཅས་

    Reply
  3. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ངས་སྔོན་མ་ནས་འདི་ལྟར་དྲན་བཞིན་ཡོད། བོད་དབྱིན་གཉིས་ཀྱི་རྩོམ་པ་པོ་ཚོ་མཉམ་དུ་ཚོགས་ཐུབ་ན་ཕན་རླབས་ཆེན་པོ་ཡོད་ངེས་ཅན་རེད། གཅིག་ནི་བསམ་ཚུལ་བརྗེ་རེས་དང་གཉིས་ནི་བོད་ཡིག་ཐོག་ནས་རྩོམ་འབྲི་མཁན་ཚོས་འཛམ་གླིང་རྩོམ་རིག་གི་འཕེལ་ཕྱོགས་ལ་རྒྱུས་ལོན་ཙམ་བྱེད་ཐུབ་པ་དང་། དབྱིན་ཡིག་ཐོག་ནས་རྩོམ་འབྲི་མཁན་ཚོས་བོད་ཀྱི་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ལ་བལྟ་ཐུབ་ངེས་རེད། འདི་འདྲ་བ་མང་པོ་ཚོགས་ཐུབ་པའི་རེ་སྐུལ་ཞུ།

    དེ་རྗེས་ཀླུ་མཁར་བྱམས་ཀྱི་སྐོར་ཞིག་བཤད་ན། ཁོང་གི་དགོངས་པ་ངོ་མ་ནི་བོད་སྐད་ཡིག་གིས་བོད་མི་སྐྱོབ་མི་ཐུབ་པ་དེ་རེད། དེ་ཡང་ཁོང་གིས་སྔོན་མ་ཞིག་ཏུ་དྲ་གྲོགས་ཤིག་ལ་བརྗོད་དོན། ཁྱོད་ཀྱིས་དབྱིན་ཡིག་ནས་རྩོམ་མི་འབྲི་བ་ཅི་ཡིན། དབྱིན་ཡིག་ནས་རྩོམ་བྲིས་ཏེ་བོད་མི་ཚོའི་སྡུག་བསྔལ་སེལ་དགོས། ངས་འདི་ལྟར་བོད་ཡིག་ནས་འབྲི་དོན་ནི་ངས་འདི་མ་གཏོགས་མི་འཇོན་པས་ཡིན། ཞེས་བརྗོད་མྱོང་། མ་གཞི་བསམ་ཚུལ་དེ་འདྲ་བ་ཡོད་མི་ཆོག་པ་མ་རེད། ད་རེས་དེ་ཙམ་བྱ།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    གྲུབ་ཆེན་ཟླ་པེ་རིན་པོ་ཆེ་ཚང་གིས་དེང་སང་གསུང་དེ་འདྲ་འབྱོན་གྱིན་ཡོད་འདུག་ག

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    སྒྱུ་རྩལ་བ་མགོ་ལོག་ཟླ་བྷེ་དང་ཆབ་སྲིད་པ་བསྟན་འཛིན་བརྩོན་འགྲུས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
    ཁྱེད་གཉིས་ཀྱི་བརྗོད་གཞི་འདིའི་སྟེང་ནས་བགྲོ་གླེང་བྱས་བ་དེ་ལ་རྗེས་སུ་ཡི་རང་ཞུ་དང་ཞུ་བཞིན་ཡོད།
    མགོ་ལོག་ཟླ་བྷེ་ལ་ཆ་བཞག་ན་སྒྱུ་རྩལ་ལ་དམིགས་གསལ་བྱང་ཆ་ཡོད་པ་མ་ཟད་བོད་རང་གི་སྐད་ཡིག་སྟེང་ལ་སེམས་ཤུགས་ཅན་གྱི་མི་བུ་རང་ཚུགས་ཐུབ་པ་ཞིག་ཡིན་པས་མུ་མཐུད་དུ་ལས་འགན་སོགས་ལ་རྒྱུན་སྐྱོང་བྱེད་རྒྱུ་འདི་ཁོ་བོའི་སེམས་སྟེང་ནས་རེ་བ་དྭངས་གཙང་ཞིག་རྒྱག་གི་ཡོད།
    བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. Dawa says:
    ལོ་ 15 སྔོན།

    མགོ་ལོག་རྡ་བྷེ་ལེགས། ཁྱོད་ནོར་སོང་། སྤྱིར་གསར་འགྱུར་དང་རྩོམ་ཡིག་སོགས་བཅད་གཏུབ་བྱ་རྒྱུ་དང་གོང་ཞོལ་སྒྲིག་རྒྱུ་སོགས་རྩོམ་སྒྲིག་པའི་འགན་དབང་ཡིན་མོད། གོང་གི་གསར་འགྱུར་ནང་གི་ཀླུ་མཁར་བྱམས་ཀྱི་སྐད་ཆ་མགོ་མ་དེ་ཚོགས་འདུ་མགོ་འཛུགས་སྐབས་ཀྱི་ངོ་སྤྲོད་རེད། རྡ་བྷེ་ལགས་ཀྱི་གཞུག་ན་བཤད་ཡོད་པ་དེ་གསར་འགོད་པའི་ཁོ་ལ་བཅར་འདྲི་ཞུས་པ་རེད་འདུག

    Reply
  7. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    གསར་འགོད་པས་ཀླུ་མཁར་བྱམས་ལགས་ཀྱིས་གསུངས་པའི་སྐད་ཆ་སྟོད་
    སྨད་གཉིས་སུ་བཅད་ནས་ངས་སྐད་ཆ་བར་ལ་བཞག་འདུག གོང་གི་
    ༼བྱ་རྒྱུ་དེ་གཉིས་རེད ༽ཟེར་ས་ནས་འོག་གི༼ མི་རིགས་ཤིག་ལ་མཚོན་ན༽
    ཟེར་ས་སོགས་ཁོང་གི་གསུང་རེད །བར་གྱི༼ ང་ཚོའི་སྤྱི་ཚོགས་ནང་༽ཟེར་ས་
    ནས༼ རང་སྲུང་བྱ་དགོས ༽ཟེར་ས་བར་ངས་བཤད་པ་རེད ། སྐུ་ཞབས་
    ཀླུ་མཁར་བྱམས་ལ་མཚོན་ན །ཆབ་སྲིད་ཀྱི་བློ་མིག་གསལ་བ ། ལོ་རྒྱུས་ལ་
    ཉམས་ཞིབ་རིང་བ ། གཞིས་བྱེས་ལ་ཆ་རྒྱུས་ཟབ་པ ། ཤེས་ཡོན་གྱི་མ་རྩ་མཐུག་
    པ་སོགས་དང་། གཞན་ངེད་གཉིས་ཕ་ཡུལ་མགོ་ལོག་དང་ཨ་ཚོགས་ཁྱིམ་
    མཚེས་ཡིན་པ་ཙམ་མ་ཟད ། བཙན་བྱོལ་ནས་ཀྱང་ང་ཚོགས་མི་དང་། ཁོང་
    ངའི་འགོ་ཁྲིད་ཡིན་པ་བཅས་ཀྱིས་ངས་ཁོང་ལ ། ལ་སོ་དང་ལགས་སོ་རྐྱང་
    རྐྱང་ཞུ་འོས་ཀྱང་། སྤྱི་དོན་གླེང་དུས་བསམ་བློ་མི་མཐུན་ས་ཡོད་ན ། མི་ངོ་
    དང་གནས་ལུགས་མི་བརྗེ་བའི་ཁོ་བོའི་རང་གཤིས་ངན་གོམས་དེ་དང་། གང་
    ལའང་མི་འཛེམ་པའི་ཁོང་གི་དཔའ་བོའི་སྤོབས་པ་གཉིས་ཀྱིས་གླེང་སྟེགས་
    དེའི་སྟེང་ནས་ཕར་བཤད་ཚུར་གསུང་ཁ་ཤས་བྱུང་སོང་ཡང་གསར་འགོད་
    པས་ཚིག་ཉུང་དོན་འདུས་ཀྱིས་འཐུས་པར་མཛད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese