མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་གསར་བའི་ལས་དོན་བཅུ། དཀར་མཚོ་སྐྱིད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་བཙན་དབང་གིས་དབང་བསྒྱུར་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས་ལྷ་སའི་སྡེ་བ་གཞུང་གི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དེ་རྒྱ་གར་གྱི་རྡ་རམ་ས་ལར་གནས་སྤོར་བྱས་ཤིང་།   དེང་རབས་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཁྱད་པར་ལ་གཟིགས་ཏེ།   བོད་ཀྱི་མ་འོངས་པའི་མཐར་ཐུག་གི་དམིགས་ཡུལ་མངོན་འགྱུར་བྱེད་པར་མེད་དུ་མི་རུང་བའི་དགོས་མཁོའི་མདུན་ལམ་ལ་དགོངས་པ་ཟབ་མོ་བཞེས་ནས།   གནའ་བོའི་སྲོལ་རྒྱུན་སྲིད་སྐྱོང་གི་ལམ་ལུགས་ལ་རང་དབང་གིས་བཅོས་བསྒྱུར་མཛད་ཅིང་།   འཛམ་གླིང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་དང་བསྟུན་ནས་བོད་རིགས་མི་དམངས་ཀྱིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབང་བསྒྱུར་བྱེད་པའི་དམངས་གཙོའི་སྲོལ་བཟང་གསར་བཏོད་གནང་སྟེ།   བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་ཤིང་དུས་ཡུན་རིང་བོའི་རྒྱུད་རིམ་ཁྲོད་དུ་དེང་རབས་ཀྱི་སྲིད་སྐྱོང་ལས་དོན་གྱི་སྒྲིག་འཛུགས་མཐའ་དག་ལེགས་གྲུབ་བྱུང་སྟེ།   བཙན་བྱོལ་དུ་བཞུགས་པའི་བོད་རིགས་མང་ཚོགས་ཀྱིས་ཐད་ཀར་རང་མོས་ཀྱིས་བོད་གཞུང་གི་སྲིད་སྐྱོང་བཀའ་བློན་ཁྲི་བ་འོས་འདེམ་གནང་ནས་དམངས་གཙོའི་ཆབ་སྲིད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ཡོད། 

གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་ཟིན་པའི་ལོ་ངོ་བཅུ་ཕྲག་འགའི་རིང་དུ་བོད་མི་དམངས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་ལས་འགན་མཐའ་དག་དང་དུ་བཞེས་ནས་སྐུ་ངལ་དང་ཐུགས་ངལ་སྣ་ཚོགས་ཁྱད་དུ་བསད་དེ།   ཕྱི་ནང་བོད་རིགས་མང་ཚོགས་ཀྱི་ད་ལྟའི་དགོས་མཁོ་དང་འཚམས་ཤིང་དེང་རབས་ཅན་གྱི་རྒྱལ་སྤྱིའི་གནས་བབ་དང་མཐུན་པར་བོད་ཀྱི་མ་འོངས་པའི་རྒྱལ་ཁའི་མདུན་ལམ་ལ་རག་ལས་པའི་དབུ་མའི་ལམ་གྱི་རིགས་པའི་གཞུང་ལུགས་གསར་དུ་བཏོད་ནས་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་འབད་བརྩོན་བྱེད་དགོས་པར་བསམ་བློའི་མཛུབ་སྟོན་གནང་ཡོད།         

བོད་ཀྱི་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་ཡང་དག་པའི་དམངས་གཙོའི་ལམ་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་ནི།   བོད་ཕྱི་ནང་གི་ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་མ་ཟད།   དེར་བོད་རྒྱ་མི་རིགས་གཉིས་མ་འོངས་པར་མཉམ་གནས་བྱེད་པའི་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་དང་།   མི་རིགས་མཐུན་སྒྲིལ་གྱི་རླབས་ཆེ་བའི་བྱ་གཞག་མཐའ་དག་ཉམས་སུ་བསྟར་བར་དགེ་མཚན་ཟབ་མོ་ལྡན་ཡོད།   དེའི་ཕྱིར།  བོད་རྒྱ་མི་རིགས་གཉིས་ཀྱིས་དེའི་དགོངས་དོན་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཐུགས་སྣང་མཛད་ཅིང་མཁྱེན་རྟོགས་ཡོང་བའི་སླད་དུ་ཕན་ཚུན་བརྩི་བཀུར་དང་མཛའ་མཐུན་དང་མཐུན་སྒྲིལ་གྱི་ངང་ནས་མཉམ་ལས་དང་སློབ་གསོའི་བྱེད་སྒོ་སྤེལ་དགོས་ཤིང་།    རང་རེའི་བཀའ་ཁྲི་གསར་བས་བོད་རྒྱ་མི་རིགས་གཉིས་ཀྱི་མ་འོངས་པའི་མཛའ་བརྩེ་ལྡན་པའི་མཐུན་སྒྲིལ་མཉམ་གནས་བྱེད་པའི་ལས་དོན་ལ་གྲུབ་འབྲས་གསར་བ་ལེན་པའི་ཐབས་ཇུས་གསར་བ་གསར་གཏོད་བྱེད་དགོས།

 

རླབས་ཆེ་བའི་མ་འོངས་བའི་ལས་དོན་དག་ལེགས་འགྲུབ་འབྱུང་བ་ལ་བཀའ་ཁྲི་གསར་བས་བསྒྲུབ་དགོས་པའི་དོན་གནད་བཅུ་ཡོད་པར་བསམས་ཏེ།     

དང་པོ།   བོད་ཀྱི་དམངས་གཙོའི་ཆབ་སྲིད་སྲ་བརྟན་གཏོང་བ་དང་བཅའ་ཁྲིམས་ལྟར་འཛིན་སྐྱོང་བྱེད་པའི་དེང་རབས་ཚན་རིག་གི་སྲིད་སྐྱོང་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་དངོས་ཡོད་ཀྱི་ལུགས་མཐུན་མ་ཡིན་པའི་ལས་དོན་བྱེད་ཕྱོགས་ཁག་དོར་ནས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་གཞུང་གི་དཔོན་རིགས་ཚོར་འཛིན་པའི་ལྟ་ཚུལ་ངན་པ་དར་ཁྱབ་ཏུ་མི་འགྲོ་བར་སྔོན་འགོག་བྱེད་དགོས།      

གཉིས་པ།   བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་གཉིས་ཀྱི་ཁོངས་མི་གྲུབ་ཚུལ་ཁག་ཚད་ལྡན་དང་དམངས་གཙོའི་ལྟ་གྲུབ་དང་མི་མཐུན་པ་རྣམས་ཡོངས་སུ་སྤངས་ནས་ཡང་དག་པའི་དམངས་གཙོ་ཅན་དུ་བསྒྱུར་བ་དང་བཀུར་འོས་སྤྱི་འཐུས་མི་སྣ་ཚོས་ཁྲིམས་བཟོ་རིག་པའི་ཤེས་ཡོན་ལ་སློབ་གཉེར་དང་སྦྱོང་བརྡར་མཛད་དེ་ཕན་ནུས་ལྡན་པའི་བཅའ་ཁྲིམས་བཟོ་བའི་ལས་དོན་ལ་ཉམས་མྱོང་ ལྡན་པ་དང་ནང་བྱན་ཆུད་པར་ཤུགས་སྣོན་བརྒྱག་དགོས།      

གསུམ་པ།   རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་དུ་དེང་རབས་སྲིད་སྐྱོང་རིག་པ་སློབ་གཉེར་བྱེད་པའི་ཆེད་སྦྱོང་སློབ་གྲྭ་གསར་དུ་བཙུགས་ཏེ་ཆབ་སྲིད་རིག་པའི་ལས་དོན་ལ་དོ་སྣང་སྤྲོད་པ་དང་བཀའ་བློན་ཁྲི་བའི་རྒྱུན་འཛིན་པ་དང་གཞུང་གི་སྲིད་དོན་སྒྲུབ་མཁན་གྱི་ཕུལ་བྱུང་མི་སྣ་མང་པོ་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ་བོད་ཀྱི་མ་འོངས་པའི་སྲིད་སྐྱོང་གི་སྒྲིག་གཞི་དར་རྒྱས་དང་ཆོས་སྲིད་ལུགས་གཉིས་ཟུང་དུ་འབྲེལ་བའི་སྲོལ་བཟང་གི་སྲིད་འཛིན་ལམ་ལུགས་སྲ་བརྟན་དུ་གཏོང་དགོས།       

བཞི་བ།   བོད་ནང་གི་གནད་དོན་ཁག་ལ་ཞིབ་འཇུག་དང་འབྲེལ་གཏུག་བྱེད་པ་དང་བོད་རྒྱ་ཞི་མོལ་འབྲེལ་མཐུད་བྱེད་པའི་བཙན་བྱོལ་གཞུང་གི་སྐུ་ཚབ་མཚོན་པའི་བཀའ་བློན་དང་དེའི་ལས་ཁུངས་ཤིག་གསར་འཛུགས་མཛད་དེ་བོད་ནང་གི་རྒྱ་ཆེའི་བོད་རིགས་རྣམས་ཀྱིས་བསྒྲུབ་དགོས་པའི་ལས་དོན་ལ་ཐད་ཀར་འབོད་སྐུལ་དང་བཀོད་མངག་གནང་ཞིང་།   སྐབས་ཐོག་གི་ཛ་དྲག་གི་གནས་བབ་སྐོར་ལ་དངོས་ཤུགས་བརྒྱུད་གསུམ་ནས་ལྟ་སྐྱོང་བྱེད་པ་དང་བོད་རྒྱ་མི་རིགས་གཉིས་ལ་དབུ་མའི་ལམ་གྱི་རང་སྐྱོང་གི་ལྟ་གྲུབ་སོགས་གསལ་བཤད་བྱས་ཏེ་ཐུན་མོང་གི་གོ་རྟོགས་མཐོར་འདེགས་དང་རྡོག་རྩ་གཅིག་སྒྲིལ་གྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་དུ་བཅུག་དགོས།       

ལྔ་བ།   རྒྱ་གར་དུ་ཡོད་པའི་གཞིས་ཆགས་ཁག་ཏུ་ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་གདན་འདྲེན་གནང་སྟེ་སོ་ནམ་ཞིང་ལས་བྱེད་སྟངས་ལ་རིམ་གྱིས་བཅོས་བསྒྱུར་མཛད་ཅིང་དངོས་ཡོད་གནས་ཚུལ་དང་མཐུན་པར་བཟོས་ཏེ་ཚན་རིག་གི་ཐབས་ལམ་དང་ལྡན་པར་ཞིང་ལས་ཀྱི་ཐོན་ཁུངས་གསར་བ་བསྐྲུན་དགོས་པར་མ་ཟད།   གཞིས་ཆགས་ཆེ་ཁག་དང་རྒྱ་གར་གྱི་གྲོང་ཁྱེར་དག་ཏུ་དེང་རབས་ཀྱི་ཚན་རྩལ་བཟོ་ཚོང་ཁང་མང་པོ་་གསར་འཛུགས་གནང་ཞིང་བཟོ་ལས་དང་ཚོང་ལས་ཅན་དུ་འགྱུར་བའི་ཐོན་སྐྱེད་ནུས་པ་གོང་མཐོར་བཏང་ནས་གཞིས་ཆགས་སྲ་བརྟན་དང་འཚོ་བ་ཇེ་ལེགས་སུ་གཏོང་དགོས།    གཞན་ཡང་།   ཕྱི་རྒྱལ་ཡུལ་གྲུ་ཁག་ནང་དུ་བོད་ཀྱི་ཆོས་ལུགས་དང་རིག་གཞུང་།   མིའི་རྒྱུད་བཅས་ཉམས་རྒུད་དུ་མི་འགྲོ་བའི་ཆེད་དུ་བོད་རིགས་ཁ་འཐོར་དུ་གནས་པ་རྣམས་ཀྱང་ས་ཁུལ་གཅིག་དུ་བསྡུ་རུབ་གནང་སྟེ་འཚོ་བ་མཉམ་དུ་སྐྱེད་པ་དང་དེ་དག་གི་ཆེད་དུ་གཞུང་འབྲེལ་གྱི་བཟོ་ཚོང་ཁེ་ལས་ཁག་གསར་འཛུགས་བྱས་ཏེ་མཉམ་དུ་འབད་བརྩོན་བྱེད་པའི་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞུང་དམངས་གཉིས་ཀྱིས་གཞན་གྱི་རོགས ་དངུལ་གྱི་རྒྱབ་རྟེན་མི་འཚོལ་བར་རང་ཁ་རང་གསོ་བྱེད་པའི་ཕྱོགས་བསྡུས་ཀྱི་དཔལ་འབྱོར་ནུས་པ་གོང་འཕེལ་དུ་གཏོང་བའི་སྒྲིག་སྲོལ་འཛུགས་དགོས།     

དྲུག་པ།   བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞུང་སྒེར་ཚོགས་སྡེ་ཁག་གི་ནང་དུ་རང་གི་རིག་གཞུང་ལ་དགའ་མོས་བྱེད་པའི་ལྟ་བའི་སློབ་གསོའི་དྲིལ་བསྒྲགས་རྒྱ་ཆེན་དུ་སྤེལ་ཏེ་རང་གི་སྐད་ཡིག་ཁོ་ན་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རང་གི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་བཅས་རྒྱུན་འཛིན་བྱེད་པར་བོད་རིགས་གཞོན་སྐྱེས་ཚོར་གཞུང ་འབྲེལ་གྱི་བོད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭ་གསར་འཛུགས་གནང་དགོས།   ལྷག་དོན་དུ།  རང་རེའི་གཞིས་ཆགས་ཁག་གི་ཁ་ཐོར་དུ་གནས་པའི་སློབ་གྲྭ་རྣམས་ཟླ་སྒྲིལ་བཏང་ནས་སློབ་སྦྱོང་གི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བ་དང་སློབ་ཕྲུག་ཚོའི་བློ་ཁ་དང་མཐུན་པར་བོད་ཀྱི་རིག་གཞུང་གི་སློབ་གཞི་ཁག་གཅིག་མཐུན་དུ་གསར་བཟོ་གནང་སྟེ།   དེང་རབས་ཚན་རིག་གི་སློབ་སྦྱོང་གི་ཉམས་མྱོང་དང་ལྡན་པའི་སྒོ་ནས་སློབ་ཁྲིད་བྱེད་དགོས་པར་མ་ཟད།   སློབ་གྲྭ་ཁག་གི་འཛིན་སྐྱོང་གི་ཁྱབ་ཁོངས་ཀྱང་གཅིག་གྱུར་གཏོང་བ་བཅས་ཀྱི་ཐབས་ཇུས་གསར་བ་ལག་ལེན་བསྟར་དགོས།      

བདུན་པ།   བོད་ཀྱི་བླ་སྤྲུལ་རྣམས་ཀྱི་སྤྲུལ་སྐུའི་ངོས་འཛིན་བྱེད་སྟངས་ཀྱི་སྒྲིག་གཞི་གཏན་འཁེལ་གནང་སྟེ་དེ་དག་གི་སྤྲུལ་སྐུའི་ངོས་འཛིན་ལ་ཚོད་འཛིན་དང་སྤུས་ཀ་ཇེ་ལེགས་སུ་གཏོང་ཞིང་།  ལྷག་པར་དུ་གོང་ས་༸མཆོག་གི་མ་འོངས་པའི་སྤྲུལ་སྐུའི་སྐོར་ལ་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ལ་གོ་བསྡུར་མཛད་ཅིང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སམ་ཡང་ན་བོད་བཙན་བྱོལ་བའི་ཆོས་དོན་ལྷན་ཚོགས་སུ་བསམ་པ་གཅིག་མཐུན་གྱི་སྒྲིག་གཞི་གཏན་འབེབས་བཟོས་ཏེ་སྒྲིག་ཁྲིམས་ཀྱི་ངོ་བོར་བསྒྱུར་བ་དང་འཛམ་གླིང་ཡོངས་སུ་སྔོན་བསྒྲགས་བྱས་ནས་རྒྱལ་ཁབ་ཁག་གིས་རྒྱབ་སྐ ྱོར་དང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་སྲོལ་རྒྱུན་གྱི་ཆོ་ཁའི་ལག་ལེན་ལ་ངོས་ལེན་དང་བརྩི་བཀུར་བྱེད་དུ་འཇུག་དགོས།      

བརྒྱད་པ།   རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་ཞིང་མི་རིགས་ས་ཁོངས་རང་སྐྱོང་གྱི་བཅའ་ཁྲིམས་དང་མཐུན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་བོད་རིགས་ཡོངས་ལ་མི་རིགས་ས་ཁོངས་རང་སྐྱོང་གྱི་གནས་བབ་ཚད་ལྡན་ཏེ་བཙན་བྱོལ་གཞུང་གི་དབུ་མའི་ལམ་གྱི་རང་སྐྱོང་གི་དགོས་དོན་ཁག་ལ་རྒྱ་ནག་གཞུང་གིས་ངོས་ལེན་ཡོད་མེད་ལ་མ་བལྟོས་པར་རྒྱལ་སྤྱིའི་ཁྲིམས་ལུ གས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲིམས་ཐོག་ནས་རྩོད་ལེན་དང་རྒྱབ་སྐྱོར་ཐོབ་པའི་སླད་དུ་བོད་ཀྱི་ཆེད་གཉེར་ཁྲིམས་རྩོད་ཚོགས་ཆུང་གསར་འཛུགས་གནང་ནས་ཁྲིམས་རྩོད་ཀྱི་ལས་དོན་ལ་འབད་བརྩོན་དང་ཤུགས་སྣོན་བརྒྱབ་སྟེ་བོད་རྒྱ་མི་རིགས་གཉིས་མཛའ་མཐུན་གྱི་མཉམ་གནས་ཡོང་བར་ངེས་པར་དུ་ཁྲིམས་ལུགས་ཀྱི་ཐབས་ལམ་གསར་བ་གསར་གཏོད་མཛད་དགོས།       

དགུ་བ།   བཀའ་ཁྲི་གསར་བས་གོང་ས་༸སྐྱབས་མགོན་མཆོག་གི་བཀའ་གསུང་དང་བོད་ཕྱི་ནང་མི་དམངས་ཀྱི་མངོན་འདོད་མཐའ་དག་དང་ལེན་དང་ལག་བསྟར་མཐར་ཕྱིན་གནང་སྟེ་གོང་ས་༸མཆོག་གི་སྲིད་དོན་གྱི་མཛད་སྒོའི་ཐུགས་འགན་ལྗིད་མོ་ཇེ་ཡང་དུ་གཏོང་ཞིང་སྐུ་ངལ་དང་ཐུགས་ངལ་གསོ་བར་བཞུགས་སུ་གསོལ་ནས་མིང་དོན་མཚུངས་པའི་བཀའ་ཁྲི་གསར་བའི་འགན་དབང་དང་ལེན་བྱེད་པའི་གསར་གཏོད་ཀྱི་ནུས་པ་ལྡན་པར་བྱེད་དགོས།       

བཅུ་བ།   བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་ཐོན་མི་སྣ་དང་ཤེས་ལྡན་མི་སྣའི་ཁྲོད་ཀྱི་ལས་མེད་པ་རྣམས་ཀྱི་ཆེད་དུ་རྒྱ་གར་དང་རྒྱལ་སྤྱིའི་ཁྲོད་དུ་ཤེས་རིག་ལྟེ་གནས་ཁང་མང་པོ་གསར་འཛུགས་མཛད་དེ་བོད་མི་རིགས་ཀྱི་ལས་ཀའི་འགན་དབང་བཀོད་སྒྲིག་དང་རང་རེའི་མེས་པོ་རྣམས་ཀྱིས་རླབས་ཆེན་གྱི་མཛད་རྗེས་སུ་བཞག་པའི་ཆོས་དང་རིག་གཞུང་།   བསམ་བློའི་གོམས་གཤིས་སོགས་འཛམ་གླིང་གི་མི་དམངས་ལ་ངོ་སྤྲོད་དང་འབྲེལ་ལམ།   དར་སྤེལ་དུ་གཏོང་བའི་སྲིད་ཇུས་གཏན་འབེབས་བྱེད་དགོས་པ་བཅས་ཀྱི་དོན་གནད་བཅུ་ནི་བཀའ་ཁྲི་གསར་བའི་མཚན་ཉིད་དུ་འཐད་པར་འདོད་དོ།   །

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ལྷུན་གྲུབ། says:
    ལོ་ 16 སྔོན།

    བསམ་ཚུལ་ཡག་པོ་འདུག་། ད་དུང་མང་ཙམ་བྲི་རོགས།

    Reply
  2. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    དཀར་མཚོ་ལགས། སེམས་འཁུར་དང་ལེན་གནང་བར་ཐུགས་རྗེ་ཆེ།
    ལྷག་པར་རྣམ་དཔྱོད་རྩལ་དུ་བཏོན་པའི་དགོས་འདུན་གྱི་འོས་ཆོས་དག་ཀྱང་ངེས་པར་དགོས་མཁོ་ཡོད་པ་ཤ་སྟག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese