མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གསུམ་འཛིན་བཟུང་བྱ་འཆར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༢༥ ཉིན་གྱི་ཧི་མཱ་ཅལ་མངའ་སྡེའི་ཧིན་རྡུ་ཉིན་རེ་ཚགས་པར་སྟེང་ཐོན་པའི་གནས་ཚུལ་ལྟར་ན། མཚོ་པདྨའི་ཉེ་འཁོར་གྱི་བོད་མི་གསུམ་ཡིག་ཆ་རྫུན་མའི་ཐོག་ནས་ས་ཆ་ཉོ་ཚོང་བྱས་ཡོད་པའི་ཁྲིམས་འགལ་ཉེས་མིང་ཐོག་འཛིན་བཟུང་བྱ་གཏན་འཁེལ་ཡོད་འདུག གྱོད་དོན་དེ་ནི་ ༢༠༠༥ ནས་མན་ཌི་ Mandi རྫོང་ས་གནས་ཁྲིམས་ཁང་དུ་བོད་མི་ཚོས་ཁྲིམས་མཐུན་མིན་པའི་ཐོག་ནས་ས་ཆ་ཉོ་ཚོང་བྱེད་ཀྱི་ཡོད་པའི་ཞུ་གཏུགས་བྱས་ཡོད་ཀྱང་། དེ་ཙམ་དོ་སྣང་སྤྲད་མེད་ན་ཡང་། ཉེ་ཆར་ཕྱི་ཚེས་ ༡༧ ཉིན་གྱི་ཧིན་རྡུ་སི་ཊན་ཚགས་པར་སྟེང་སིམ་ལཱ་ཁྲིམས་ཁང་གིས་༧གོང་ས་མཆོག་ལ་དོ་སྣང་ཞེས་པའི་གནས་ཚུལ་ཞིག་ཐོན་པ་ནས་བཟུང་། ཞིབ་འཇུག་སྡེ་ཚན་ཞིག་གིས་གནད་དོན་འདིའི་རིགས་ལ་ཆེད་དུ་ཞིབ་བཤེར་བྱས་དོན་ལྟར་ན། དེ་སྔོན་ནས་བོད་མི་ས་ཆ་ཉོ་ཚོང་བ་དེ་ཚོས་ས་གནས་ཁྲིམས་ཁང་ལ་ཉེས་པ་འདག་ཐབས་ཀྱི་དངུལ་སྤྲད་ཡོད་འདུག

 

ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་ལ་དོ་སྣང་ཞེས་པ་དེ་ནི། མན་ཌི་ས་གནས་ཡུལ་མི་ཡིན་པ་པཱ་ཝན་ཀོ་མར་ Pawan Kumar ཞེས་པ་ཞིག་གིས་རྒྱ་གར་གཞུང་འབྲེལ་ཡོད་སྡེ་ཚན་དང་མངའ་སྡེ་ཁྲིམས་ཁང་བཅས་ལ། བོད་མི་རེ་ཟུང་གིས་ས་ཆ་ཉོ་ཚོང་བྱེད་ཀྱི་ཡོད་པ་འདི་འགྲིག་གི་མེད་སྐོར་ཞུ་གཏུགས་བྱས་པའི་སྐོར་ཞིག་ཡིན་འདུག གསར་གནས་དེར་མུ་མཐུད་དུ་བསྟན་དོན། ཁོ་ཚོས་ཧི་མ་ཅལ་མངའ་སྡེའི་མི་སེར་ལག་འཁྱེར་བཟོས་ཏེ། ཡུལ་མིའི་མིང་ཐོག་ནས་ས་ཆ་ཉོ་ཚོང་བྱས་ཡོད་སྐོར་བཀོད་འདུག་ལ། ཞིབ་འཇུག་སྡེ་ཚན་དེས་ད་ཆར་བོད་མི་དེ་དག་གིས་ས་ཆ་ཉོ་ཚོང་བྱས་པ་དེ་ཁྲིམས་འགལ་ཡིན་པ་ཁ་གསལ་བཟོ་བཞིན་ཡོད་པ་མ་ཟད། བོད་མི་གསུམ་འཛིན་བཟུང་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱས་ཡོད་འདུག་མོད། འོན་ཀྱང་བོད་མི་དེ་གསུམ་གྱི་མིང་དང་ཞིབ་ཕྲའི་ལོ་རྒྱུས་ཁ་གསལ་མི་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༢༡ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 8

  1. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    གནས་ཚུལ་དེ་ངོ་མ་ཡིན་པ་འདྲ།མི་སེར་ལག་འཁྱེར་དེ་ཡང་རྫུན་མ་རེད་ཟེར་གྱི་འདུག།ཁོང་ཚོས་རྒྱུ་ངོམ་བྱེད་དེ་ལས་ཀ་དེ་འདྲ་བྱེད་ཀྱི་ཡོད་པ་རེད་འདུག།དེ་ཡི་རྒྱབ་ལྗོངས་ལ་བླ་མ་སྤྲུ་སྐུ་ཡིན་ཟེར་མཁན་ཡང་ཡོད་པ་ཡོད་པ་རེད་ཟེར་གྱིས་འདུག།གྲོགས་པོ་ཚོས་གཟིགས་དང་མཚོ་པདྨ་གཅིག་བུ་མ་ཡིན་པར་ཧི་མ་ཅལ་མངའ་སྡེ་ནང་བོད་མི་ཚོས་ཁྲིམས་འགལ་གྱི་ས་ཆ་ཉོ་ཚོང་བྱས་ཡོད་པ་ཚང་མའི་མྱོང་ཡག་ཡིན་པ་འདྲ།
    ཁ་བའི་མེ་ཏོག་ལགས།ཁྱོད་ཀྱིས་སྨོན་ངན་བྱས་པ་ནི་གང་ཡང་བྱེད་མི་ཐུབ་མཁན་གྱིས་ལས་ཞིག་རེད།

    Reply
  2. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    ཧཧཧཧཧ དེ་ནི་རྒྱ་གར་གྱི་མི་རེ་ཟུང་ནས་ང་ཚོ་བོད་མི་རྣམས་ལ་མཐོང་ཆུང་དང་ཁྲ་དོག་བྱེད་པ་ལྟ་བུ་ཞིག་དང་ཡང་ཁོ་རང་ཁྲིམས་དཔོན་དང་ཡུལ་མི་རེ་ཟུང་ནས་ངན་ཇུས་གཤམ་ནས་ང་ཚོ་བོད་རིགས་དཔལ་འབྱོར་ཡག་པ་རྣམས་ནས་དངུལ་འབོར་ཆེན་ཞིག་འཕྲོག་འདོད་ཀྱི་བསམ་པ་བཅངས་ཞིང་ཡོད་པ་ཞིག་ཡིན་གྱི་རེད། མ་གཞི་ནས་གནས་ཚུལ་ཁ་གསལ་མ་བྱུང་གོང་ནས་བོད་མིས་ཁྲིམས་འགལ་ལས་ཀ་བྱེད་གི་འདུག་ཟེར་ནས་གང་བྱུང་གིས་བོད་རིགས་ལ་སྐྱོན་འཛུག་བྱེད་པ་དང། ཐ་ན་མིང་དང་ལོ་རྒྱུས་ཙམ་ཡང་མ་གཏོན་པར་གང་བྱུང་དུ་བོད་རིགས་གསུམ་འཛིན་བཟུང་དགོས་པའི་གསལ་བསྒྲགས་བྱེད་པ་དེ་ནི་མ་འོས་པ་ཞིག་རེད། དེ་ནི་ཁོ་རང་ཚོས་ཁྲིམས་བརྒལ་ལས་ཀ་བྱེད་ཀྱི་ཡོད་པ་ཞིག་མཐོང་གི་འདུག།
    བཀའ་དྲི་བཞུ་རྒྱུར་ ང་ཚོ་བཙན་བྱོལ་བོད་པ་ཚོར་རྒྱ་གར་ནང་ས་ཆ་ཉོ་བའི་ཐོབ་ཐང་ཡོད་མ་རེད་དམ།།།།།།།།།
    ཁ་བའི་མེ་ཏོག་ལགས་སུ་བཞུ་རྒྱུར་ ཁྱེད་རང་བོད་པ་ཞིག་དང་ནང་པ་སངས་རྒྱས་ཞིག་ཡིན་ན་ རང་རང་གི་བོད་རིགས་སྤུན་ཟླ་རྣམས་ལ་དེ་ལྟ་བུའི་སྨོན་ངན་གནང་རྒྱུ་ཡོད་མ་རེད། གཅིག་བྱས་ན་མི་དེ་ཚོ་ཁྱེད་རང་གི་སྤུན་མཆེད་ཡིན་སྲིད་གི་རེད་།།།ཧཧཧ་ སྐུ་རྩེད་ཞུས་་་་་།

    Reply
  3. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    བོད་མི་རེ་བཟུང་གི་ནམ་ཡིན་ཡང་ཞབས་འདྲེན་ཞུ་གྱི་འདུག འདི་ད་ང་ཚོའི་བཙན་བྱོལ་བའི་ལས་དབང་ཞིག་རེད་འང་། མི་འདི་དག་དེ་ནམ་ཡང་ལམ་འགྲོ་མ་ཡོང་བར་ཤོག་་་་་་་་་་་་་་་་་་་་་་་།

    Reply
  4. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    གནས་ཚུལ་དེ་འདྲས་རྐྱེན་གྱིས་བོད་པ་ཚོ་ཕྱི་རྒྱལ་ལ་འདེད་ཀྱི་ཡོད། རྒྱ་གར་ཡུལ་དང་ཡུལ་མི་བོད་མིར་དྲིན་ཆེ་ཡང་ཡུལ་མི་ལ་ཤས་རང་གིས་མ་འཇོན་ཞིང་བོད་མི་བྱས་ཐུབ་པ་མིག་ནང་མ་གཤོངས་བ་བྱེད་ཀྱི་འདུག སྔོན་མ་དགུ་བཅུ་གོ་གྲངས་ནང་རྒྱ་གར་གྱི་ཚགས་པར་པཱན་ཇབ་ཀེས་རི་ཟེར་བའི་ནང་བོད་པ་ཚོས་ལྷམ་དང་གྱོན་གོས་གོང་ཆེན་པོ་གྱོན་གྱི་འདུག མོ་ཊ་གཏོང་གི་འདུག སྦག་སྦག་གཏོང་གི་འདུག་ཟེར་མང་པོ་ཞིག་བྲིས་སོང་། དེ་ནས་ངས་ཕྱི་རྒྱལ་ལ་འགྲོ་རྒྱུའི་གྲབས་བྱས་པ་ཡིན། འཚམས་ལ་ལར་ཡུལ་མི་ངན་པའི་ས་གནས་ལ་གནས་སྡོད་བྱེད་མཁན་བོད་པ་ཚོར་དངོས་གནས་སྙིང་རྗེ་གི་འདུག

    Reply
  5. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    གནས་ཚུལ་དེ་བོད་མི་གསུམ་ཡིག་ཆ་རྫུན་མའི་ཐོག་ནས་ས་ཆ་ཉོ་ཚོང་བྱས་ཡོད་པའིོ་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་མིན་ཞིབ་འཇུག་ནན་པོ་བྱེད་རྒྱུ་ནི་བོད་གཞུང་ནང་སྲིད་ལས་ཁུངས་དང་མཎ་ཌི་ས་གནས་འགན་འཛིན་གཉིས་ལ་འགན་འཁུར་ཡོད།
    དངོས་རྫུན་གང་ཡིན་མིན་ཁ་གསལ་བཟོ་བཞིན་གལ་སྲིད་བདེན་པ་མིན་པར་རྫུན་མ་ཡིན་ན་ཁྲིམས་འགལ་ཉེས་དམིགས་ཐོག་ནས་ཁྲིམས་གཅོད་ནན་པོ་གཏོང་རོགས་གནང་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་དགོས།
    བོད་གཞུང་ནང་སྲིད་ལས་ཁུངས་དང་མཎ་ཌི་ས་གནས་འགན་འཛིན་གཉིས་གནད་དོན་དེ་ཐོག་ལ་ཇུས་ཏོག་དང་བོད་མི་རེད་ཟེར་ནས་ཡ་ང་སྙིང་རྗེའི་རྒྱབ་སྐྱོར་བྱ་དགོས་མེད།
    དེ་སྔོན་༧གོང་ས་མཆོ་གིས་ཨ་རིའི་གཞུང་ཚབ་ལ་བོད་མི་ཚོའི་ཁྲིམས་འགལ་ཐོག་ཕྱི་བསྐྱོད་ལག་འཁྱེར་རྫུན་མ་དང་བཙན་བྱོལ་བོད་གཞུང་མིང་ཐོག་ནས་ཡིག་ཆ་རྫུན་མ་བཟོ་བ་བྱ་བ་ཐབས་སྐྱོ་པོ་དེ་འདྲ་ཞིག་བྱེད་ཀྱི་འདུག་ཟེར་ནས་གོ་ཐོས་བྱུང་། བོད་མི་རིགས་ཀྱི་གོམས་གཤིས་དང་ཡིད་ཆེས་བརླག་འགྲོ་བ་རེད། དེ་ཞབས་འདྲེན་རེད་ཟེར་ནས་ཨ་རིའི་གཞུང་ཚབ་ན་དགོངས་དག་ཞུས་དགོས་ཐུབ།
    རྒྱ་གར་ནང་ཁྲིམས་འགལ་ཐོག་ལས་ཀ་བྱེད་མཁན་རིགས་ལ་བཅའ་ཁྲིམས་གཞི་བཟུང་ཁྲིམས་ཆོད་ནན་པོ་གཏོང་དགོས།
    རང་དབང་ལུང་པ་བསྡད་ནས་ད་དུང་ཁྲིམས་འགལ་ལས་ཀ་བྱས་པ་ཐབས་སྐྱོ་པོ་རེད།
    བོད་མི་རིགས་ཀྱི་ཞབས་འདྲེན་རེད།

    Reply
  6. སྐྱ་མདའ། says:
    ལོ་ 15 སྔོན།

    འདི་ནི་རང་ས་མེད་པའི་སྡུག་བསྔལ་དང་ཉེས་པ་རེད་ཡ། འདི་དག་གིས་འུ་ཚོར་སློབ་གསོ་ཅི་ཞིག་གཏོང་གིན་འདུག་གམ། ངོ་མ་ཡིད་གཏིང་ནས་སྐྱོ་གི

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    བོད་པ་ཚོས་རང་ཚོད་ཐུག་གི་མི་འདུག་་་་ཉིན་ཞིག་༸གོང་ས་མཆོག་གིས་ཀྱང་ཅི་ཞིག་བྱེད་དགོས་མི་ཤེས་པ་ཞིག་ལ་ཐུག་ས་རེད།
    ང་ཚོས་གཞན་གྱི་ས་ཐོག་ནས་ཁྲིམས་འགལ་གྱི་ལས་ཀ་བྱས་ན་ནམ་ཞིག་གྲུབ་འབྲས་ཡག་པོ་ཞིག་མེད་པ་མཐོང་གི་རེད། ད་ཚོད་ཅིག་ཐུག་ན་རེད།

    Reply
  8. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་གིས་དེ་ཚོ་ལ་ཇུས་ཏོག་གནང་དགོས་པ་རེད། བོད་པ་ལ་རྒྱ་གར་ནང་ས་ཁང་ཉོ་ཆོག་པའི་ཐོབ་ཐང་མེད་དོན་གང་ཡིན་ནམ། རྒྱལ་ཁབ་མང་པོའི་ནང་རང་ལ་དངུལ་ཡོད་ན་རྒྱལ་ཁོངས་ག་རེ་ཡིན་མིན་ལ་མ་ལྟོས་པར་ས་ཁང་ག་རེ་ཡིན་ན་ཉོ་ཡ་འདུག རྒྱ་གར་ལ་དེ་མེད་དོན་ཅི་ཡིན་ནམ། དེའི་སྐོར་མཁྱེན་མཁན་ཚོས་བགྲོ་གླེང་རི་གནང་དང་གཞན་ལ་ཕན་ཐོགས་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese