མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཚེས་ ༢༥ ཉིན་གྱི་ཐོ་རངས་ཙམ་ལ་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་དགོན་བདག་བླ་མ་སྨན་ཤུལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ཡོད་འདུག དེ་ནི་ཟླ་འདིའི་ཚེས་ ༧ ཉིན་ནས་བཟུང་སེར་ཤུལ་དགོན་གྱི་གྲྭ་བ་ཚོས་སྐད་ཡིག་རང་དབང་དགོས་པ་སོགས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བ་ལ་བརྟེན་ཏེ། རྫོང་དང་ཞིང་རིམ་པའི་འབྲེལ་ཡོད་ལས་བྱེད་ཚོས་སེར་ཤུལ་དགོན་དུ་སློབ་གསོ་རྒྱག་པ་དང་། གྲྭ་རྒྱུན་ཡོད་ཚད་ཕྱིར་འཕུད་དགོས་པ། དགོན་བདག་བླ་མ་རང་དགོན་ལས་གཞན་དུ་ཕེབས་མི་ཆོག་ཚུལ་སོགས་ཀྱི་བཀའ་རྒྱ་བཏང་ཡོད་འདུག

གནད་དོན་དེ་དག་ཐད། དགོན་བདག་བླ་མ་སྨ་ཤུལ་རིན་པོ་ཆེས་སྐབས་དེར་གྲྭ་རྒྱུན་རྣམས་ཕྱིར་འཕུད་བཏང་ན་དགོན་པའི་སློབ་གཉེར་ལ་འཐུས་ཤོར་དང་། ཉམ་ཆག་ཆེན་པོ་འགྲོ་ངེས་ཡིན་པས་གྲྭ་རྒྱུན་རྣམས་མུ་མཐུད་སྡོད་ཆོག་པ་དང་སློབ་གཉེར་སྔར་རྒྱུན་བཞིན་ཡོང་ཐབས་ལ་འབད་བརྩོན་གྱིས་ཐུགས་ཁྲལ་ཆེན་པོ་གནང་ཡོད་ཅིང་། སྐབས་དེར་སྙུང་གཞི་ཅུང་ཙམ་བཞེས་ཡོད་ཀྱང་ཛ་དྲག་གི་གནས་སྟངས་མེད་མོད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པ་ཐོ་རངས་ཆུ་ཚོད་ལྔ་བ་ཙམ་ལ་གློ་བུར་དུ་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་། ཐག་རིང་ལ་ཕེབས་མི་ཆོག་པའི་བཙན་བཀའ་ཡོད་སྟབས། སྨན་ཁང་ལ་སྨན་བཅོས་ཆེད་ཕེབས་མ་ཐུབ་པར་དགོངས་པ་རྫོགས་ཡོད་འདུག

སྨན་ཤུལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ནི། རྫ་སེར་ཤུལ་དགོན་དང་བ་རོད་དགོན་སོགས་ཀྱི་དགོན་བདག་བླ་མ་ཡིན་པ་དང་། རྫ་ཆུ་ཁའི་སྡེ་དགོན་ཡོངས་ཀྱིས་དད་གུས་དང་བརྩི་བཀུར་ཞུ་སའི་བླ་ཆེན་ཞིག་ཀྱང་ཡིན། རྗེ་འདིའི་སྐུ་ཐོག་དང་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་མཆོག་ནི་དབུས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཕེབས་ནས་གཞུང་བཀའ་བོད་ལྔ་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་བྱན་ཆུད་པའི་སྦྱང་པ་མཛད་དེ། ཕྱིར་ཁམས་ཕྱོགས་སུ་བྱོན་ནས་དགོན་འདིར་ཐོས་བསམ་གླིང་གྲྭ་ཚང་གསར་འཛུགས་མཛད་ཅིང་། གྲྭ་སའི་སྒྲིག་ལམ་བཞིན་གཏན་འབེབས་གནང་པ་སོགས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་དང་དེ་ནས་བཟུང་དགོན་འདིའི་བསྟན་པའི་བདག་པོར་གྱུར་ཡོད་འདུག

དམ་པ་འདི་ནི་ ༡༩༤༧ ལོར་སྐུ་འཁྲུངས་ཤིང་ ༡༩༤༩ ལོར་རྫ་ཆོས་རྗེ་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པས་སྨན་ཤུལ་སྐུ་ཕྲེང་གཉིས་པ་ངག་དབང་ཆོས་ཀྱི་ཉི་མའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་བ་དང་། ༡༩༥༣ ལོར་དགོན་འདིའི་བསྟན་པའི་བདག་པོར་བཀུར་ཏེ་སྡེ་དགོན་ཡོངས་ཀྱི་མགོན་དཔུང་དམ་པར་མངའ་གསོལ་མཛད། དགུང་ལོ་ ༡༦ བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ ༡༩༥༩ ལོར་བླ་ཆེན་དང་མི་ཆེན་གཞན་དང་འདྲ་བར་བཙོན་ཁང་དུ་ཡུན་རིང་བཞུགས་དགོས་བྱུང་། ༡༩༨༠ ལོ་ནས་དགོན་འདིའི་ཆོས་སྒོ་འབྱེད་ཐབས་ལ་ཐུགས་ཁུར་ལྷུར་བཞེས་མཛད་དེ་ལོ་དེར་ཆོས་སྒོ་ཕྱེ་ཐུབ་པ་བྱུང་ཡོད། ༡༩༨༦ ལོར་རྗེ་འདིས་༸ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དགོན་འདིར་གདན་ཞུས་གནང་བ་དང་། རྒྱུན་ལྡན་དགོན་འདིའི་ཆོས་སྲིད་ཀྱི་བྱ་བ་ཡོངས་སུ་རྫོགས་པའི་ཐུགས་འགན་བཞེས་ཏེ། ད་སྐབས་དགོན་འདི་མདོ་ཁམས་ས་ཡི་བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་འདི་ཡང་ཁོང་གི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན།                                                        

གོང་གི་གནས་ཚུལ་དེ་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་མཁོ་སྤྲོད་བྱུང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༡ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 16 སྔོན།

    བསྟན་འགྲོ་ལ་སྨན་པའི་སྐྱེས་ཆེན་ཡང་སྤྲུལ་གསར་པའི་ཟླ་གཞོན་མྱུར་དུ་འཆར་བའི་སྨོན་འདུན་ཞུ།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ལབ་ན། དེང་སང་བོད་ཆོལ་ཁ་གསུམ་ན་མིང་དུ་གྲགས་ཡོད་ནི་རེད། དེའི་དགོན་བདག་ཞིང་ཁམས་གཞན་དུ་ཕེབས་སོང་ན། ཅུང་ཡོད་པ་མ་བཤད་དགོས་པ་རེད། སླར་ཡང་དགོན་ཆེན་དེ་ལ་ཕན་པའི་སྐྱེས་ཆེན་ཞིག་བྱོན་པར་སྨོན།

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 16 སྔོན།

    བསྟན་པ་དང་འགྲོ་བ་ལ་ཕན་ཐོག་བཞིན་པའི་བླ་མ་ཞིག་ཡིན་ས་རེད།
    ང་ཚོས་ངོས་ནས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད།
    དྲ་གྲོགས་སེར་ཤུལ་རིན་ཆེན་དོན་འགྲུབ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  4. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    བསྟན་པའི་མེ་རོ་གསོས་གནང་བར་བསྔགས་བརྗོད་ང༌། སྐུ་མྱ་ངན་ལས་འདས་ཀྱང་བཞག་པའི་མཛད་རྗེས་ལ་རྗེས་དྲན་བྱེད།

    Reply
  5. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 16 སྔོན།

    འདིའི་སྐོར་གྱི་གནས་ཚུལ་ཤེས་འདོད་ཡོད་པ་རྣམས་ཀྱིས་བདག་ལ་འབྲེལ་བ་བྱེད་རོགས། འབྲེལ་མཐུད། 0091-9980654163-sershulrinchen@yahoo.inསེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese