གང་ནས་ཉན་ན་ཡང་
དེ་ནས་བཟུང་
ངས་ཉན་ན་འདོད་པའི་སྐད་ཆ་དག
ཁྱེད་རང་གི་ངག་ལས་ཐོན་སོང་
བུ་རམ་བཞིན
ཟ་འདོད་ཀྱི་འདུན་པ་ཤུགས་ཆེར་སོང་
ནམ་རྒྱུན་དུ་ཁྱེད་ཀྱི་ཁ་ལ་དེ་ལྟར་སྒུག
ངས་ཉན་འདོད་ཀྱི་སྐོམ་པ་ནི
བྱེ་ཐང་གི་ཉ་མོ་བཞིན
ཁྱེད་ཀྱི་གང་ཞིག་བཤད་ཀྱང་
ང་ཡིད་ཆེས་འགྲོ
ངས་ཡིད་ཆེས་ཀྱང་བྱེད་འདོད་འདུག
དེ་འདྲའི་སྙན་པོ་ཞིག
སུས་ཀྱང་སྐད་ཆ་དེ་འདྲ་ཞིག
བཤད་མི་ཤེས་པ་ཡིན་སྲིད་དམ
ཡང་ན བཤད་མ་འཕོད་པ་ཡིན་ནམ
དེ་མིན ངས་ཉན་མ་འདོད་པ་ཡིན་ནམ
དོན་དག་གཅིག་རེད ནང་དོན་གཅིག་རེད
ངའི་ཡིད་དབང་གི་འགུགས་པའི་དབྱངས་དེ
ཁྱེད་ཀྱི་ངག་ལས་ཐོན་དུས་སུ་་་
ཐུགས་རྗེ་ཆེ། ཁོམ་དུས་རེ་བསྐོར་ར་རེ་བྱས་དེ་བསམ་ཚུལ་གང་ཡོད་རེ་གསུང་རྐྱང་བྱོས།
ཁ་བྱང་དེ་དངོས་གནས་སྣང་བར་འགྲོ་སོང་།