མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་སོག་རིགས་ཚོར་གསུང་ཆོས་མགོ་འཛུཊ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ག་དུས་ཡིན་རུང་ང་ཞེས་ལབ་བསྡད་མཁན་གྱི་མི་དེར་རྩེད་མོ་ཞིག་རྩེད་ཀྱང་ཏོག་ཙམ་མ་འགྲིག་ན་ཁོང་ཁྲོ་ལངས་ཡོང་གི་རེད། རྟག་ཏུ་ང་ང་ཞེས་མི་བཤད་མཁན་གྱི་མི་བབ་ཆགས་ཤིག་ཡིན་ན། གཞན་གྱིས་ཁྱད་གསོད་དང་བརྙས་བཅོས་བྱས་ཀྱང་ལམ་སེང་ཁོང་ཁྲོ་ལངས་ཀྱི་མེད། དེའི་སྟབས་ཀྱིས་ངར་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་པའི་མི་དེར་ཆགས་པའི་བློ་དང་བདག་པའི་བློ་ཆེན་པོ་ཡོང་གི་ཡོད། སྡུག་བསྔལ་ཡོང་སའི་རྩ་བ་ཆགས་སྡང་གིས་རྐྱེན་བྱས་ཏེ་ཡོང་གི་ཡོད། ཆགས་སྡང་གི་རྩ་བ་ངར་འཛིན་གྱི་བློ་ལས་ཡོང་གི་ཡོད། ཅེས་༧གོང་ས་མཆོག་གིས་བཀའ་ཆོས་བསྩལ་ཡོད།

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ པའི་སྟེང་ངྷ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཕྱི་སོག་དང་ཁལ་མུག ཐོ་བ། སྦི་རི་ཡ་སོགས་ར་ཤི་ཡའི་ཁོངས་ཀྱི་ནང་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་མཆོག་གིས་ཡུལ་གྲུ་དེ་དག་ནས་ཕེབས་པའི་སོག་རིགས་དད་ལྡན་ཆོས་ཞུ་བ་ ༧༠༠ གཙོས་པའི་ཐེ་ཝན་དང་ཀོ་རི་ཡ། ནུབ་ཕྱོགས་ཡུལ་གྲུ་ཁག་གི་ཆོས་ཞུ་བ། དེ་བཞིན་བཞུགས་སྒར་ཁུལ་གྱི་བོད་རིགས་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་ལ། ཉིན་གཉིས་རིང་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མ་འཆད་ཁྲིད་དབུ་འཛུགས་གནང་ཡོད་པ་དང་། སང་ཉིན་མང་ཚོགས་ལ་བཀའ་དབང་ཡང་གནང་འཆར་ཡོད་འདུག

 

ཞོགས་པའི་གསུང་ཆོས་དབུ་འཛུགས་མ་བྱས་སྔོན་ལ་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ནང་ཆོས་ངོ་སྤྲོད་དང་སྦྲགས་གསུངས་བཤད་གནང་དོན། ཆོས་ཟེར་བ་དེ་སྒྲ་ཡངས་པའི་དབང་དུ་བྱས་ན། འདས་པའི་ལོ་ངོ་ ༤༠༠༠ གོང་དུ་ཨི་ཇིབ་ཀྱི་དཔལ་ཡོན་ཁྲོད་ཆོས་ལུགས་སུ་དད་མོས་བྱེད་པའི་སྐད་ཆ་ཞིག་བྱུང་ཡོད། རྒྱ་གར་ལ་མཚོན་ན། མི་ལོ་ ༣༠༠༠ ཙམ་གྱི་གོང་ཆོས་ལ་དད་པ་བྱ་རྒྱུའི་གནས་སྟངས་བྱུང་བ་རེད།  མི་སོ་སོར་ཐབས་ཤེས་མ་ཐུབ་པའི་དཀའ་ངལ་འཕྲད་སྐབས་དད་པ་བྱེད་ས་ཞིག་ཡོད་ན་སེམས་ཀྱི་དཀའ་ངལ་ཆུང་དུ་འགྲོ་བ་དང་། སོ་སོའི་བློ་གཏོད་སའི་ཆོས་ལ་དད་མོས་ཆེ་རུ་འགྲོ་བཞིན་ཡོད།  གནས་སྟངས་དེའི་རྐྱེན་པས་འདས་པའི་མི་ལོ་ ༤༠༠༠ མཚམས་སུ་འཛམ་གླིང་སྟེང་ཆོས་ལ་དད་མོས་བྱུང་བ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་ཡོད་པར་འདོད་པ་མ་ཟད། སེམས་ཅན་གྱི་བདེ་སྡུག་ཀྱང་འཇིག་རྟེན་བཀོད་པ་པོར་རག་ལས་ཡོད་ཚུལ་བཤད་ཀྱི་ཡོད། མི་ལོ་ ༣༠༠༠ གོང་རྒྱ་གར་ལ་ནང་ཆོས་མ་དར་སྔོན་གྲངས་ཅན་པའི་ཆོས་ལུགས་ཤིག་བྱུང་ཡོད་ཅིང་།  དེར་ཡང་གྲངས་ཅན་ལྷག་བཅས་པ་དང་ལྷག་མེད་པ་གཉིས་ཡོད་ལ།  ལྷག་མེད་པས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། མི་ལོ་ ༢༦༠༠ མཚམས་སུ་སངས་རྒྱས་ཀྱི་ཆོས་དང་གཅེར་བུ་བའི་ཆོས་ལུགས་གཉིས་བྱུང་ཡོད།  ཆོས་ལུགས་དེ་གཉིས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པར། བདེ་བ་དང་སྡུག་བསྔལ་ནི་རང་བཞིན་གྱིས་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་ཚུལ་བཤད་ཀྱི་ཡོད། དེ་ཡིན་དུས། གྲངས་ཅན་ལྷག་བཅས་དང་ཚངས་བ། ཁྱབ་འཇུག་པ། ཇེའུ་དང་ཡི་ཤུ། ཁ་ཆེའི་ཆོས་ལུགས་སོགས་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཁག་དང་།  ནང་པ་དང་གཅེར་བུ་བ། གྲངས་ཅན་ལྷག་མེད་པ་གསུམ་ནི་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་ལུགས་ཀྱི་གྲས་ཡིན། ལྟ་གྲུབ་ཡོད་མཁན་གྱི་ཆོས་ལུགས་ཁག་ཏུའང་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་རིགས་གཉིས་ཡོད། བཅོམ་ལྡན་འདས་ཀྱིས་ཆོས་བརྒྱུད་སྣ་ཚོགས་ནང་ལྷག་མེད་ཐེག་པ་དང་ཚངས་པའི་ཐེག་པ། ཉན་རང་ཐེག་པ། བྱང་སེམས་ཐེག་པ་སོགས་ཐེག་པ་སྣ་ཚོགས་ཤིག་ཡོད། ཇི་སྲིད་མིའི་སེམས་ཀྱི་རྣམ་རྟོག་སྣ་ཚོགས་ཡོད་པ་དེ་སྲིད་དུ་ཐེག་པ་སྣ་ཚོགས་ཡོང་གི་རེད་ཅེས་གསུངས་ཡོད། ཅེས་གསུངས་སོང་།

 

༧གོང་ས་མཆོག་གིས་ཐུབ་པའི་བསྟན་པ་ལས་གསུངས་བའི་བདག་འཛིན་གྱི་བློ་སྦྱོང་སྟངས་སྐོར་གསུངས་དོན། སངས་རྒྱས་པའི་ཐེག་པ་ལ་ཉན་ཐོས་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ། བྱང་ཆུབ་སེམས་པའི་ཐེག་པ་བཅས་གསུམ་ཡོད་པ་དང་། སྤྱིར་སངས་རྒྱས་ཀྱི་ཐེག་པ་འདི་ཁམས་གསུམ་ལས་འདས་པའི་ཐར་པའི་གོ་འཕང་བསྒྲུབ་དགོས་རྒྱུ་ཞིག་ཡིན་སྟབས། སྡུག་བསྔལ་གྱི་རྩ་བ་བདག་ཏུ་འཛིན་པའི་བྱས་པ་རེད། བདག་འཛིན་གྱི་སྡུག་བསྔལ་རྩ་བ་བཤད་ཡོང་དུས་སྡུག་བསྔལ་ལས་ཐར་པ་ལ་བདག་ཏུ་འཛིན་པ་ལྡོག་དགོས། བདག་འཛིན་ལྡོག་པ་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ཏེ་སྒོམ་པའི་སྒོ་ནས་བདག་འཛིན་ལྡོག་དགོས་པ་མ་གཏོགས་དད་པ་ཙམ་གྱིས་བདག་འཛིན་ལྡོག་གི་མེད། དེའི་སྟབས་ཀྱིས་སངས་རྒྱས་ཀྱི་ཆོས་གཞུང་དུ་བདག་མེད་པ་ཟེར་བའི་ལྟ་བ་དེའི་རྩ་བ་གསུངས་ཡོད། སངས་རྒྱས་ཀྱི་ཆོས་མ་གཏོགས་ཆོས་ལུགས་གཞན་ཚང་མས་ཕུང་པོ་ལས་དོན་གཞན་པའི་བདག་དེ་འགྱུར་བ་འགྲོ་བསྡད་མཁན་ཞིག་དང་གཞན་ལ་ལྟོས་པ་མེད་པ། ལུས་སེམས་བར་ལ་དབང་སྒྱུར་མཁན་གྱི་བདག་འགྱུར་བ་མེད་པའི་ཁྱད་ཆོས་ཅན་གྱི་བདག་ཅིག་བཤད་ཀྱི་ཡོད། དེར་བརྟེན། དེར་རྟག་གཅིག་རང་དབང་མེད་པའི་བདག་ཅེས་མིང་བཏགས་ཡོད། ཅེས་དང་།

 

བདག་འཛིན་གྱི་བློའི་སྐོར་ལ་༧གོང་ས་མཆོག་གིས་མུ་མཐུད་དོན། ནང་པ་མིན་པའི་ཆོས་ལུགས་ཚོས་བདག་ལ་ soul རྣམ་ཤེས་ཟེར་གྱི་ཡོད་ཅིང་དེར་ལེགས་སྦྱར་སྐད་དུ་ཨ་ཏི་མ་ཞེས་བཤད་ཀྱི་ཡོད། དེ་འདྲའི་བདག་དེ་ལུས་སེམས་གཉིས་ལ་དབང་སྒྱུར་མཁན་གྱི་བདག་པོ་ལྟ་བུ་ཞིག་རེད་ཅེས་དང་། ལུས་དེ་སེམས་ཀྱི་དབང་བསྒྱུར་བྱ་དང་བདག་དེ་ལུས་ཀྱི་དབང་སྒྱུར་མཁན་ཡིན་པ་རེད། དབང་སྒྱུར་མཁན་དེས་དབང་བསྒྱུར་བྱ་དེར་ལྟོས་ན་དབང་སྒྱུར་མཁན་དེར་མཚན་ཉིད་ཚང་གི་མེད་སྟབས། དབང་སྒྱུར་མཁན་དེ་དབང་བསྒྱུར་བྱའི་ལུས་སེམས་གཉིས་དང་ལྟོས་པ་མེད་པའི་རང་དབང་བ་ཞིག་བཤད་ཀྱི་ཡོད། ལུས་སེམས་གཉིས་འགྱུར་བ་འགྲོ་བ་དང་དེ་སྡུག་བསྔལ་གྱི་རང་བཞིན་ཅན་ཞིག་རེད། བདག་འགྱུར་བ་འགྲོ་རྒྱུ་མེད་པ་དང་སྡུག་བསྔལ་གྱི་རང་བཞིན་མིན་པ། རྟག་པ་དང་གཅིག་པུ། རང་དབང་བ་ཞེས་བཤད་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་ཀྱི་རྩ་བ་བདག་ཏུ་འཛིན་པའི་བྱས་པ་རེད། བདག་ཏུ་འཛིན་པ་ནི་ལྡོག་དགོས་པ་ཞིག་དང་། བདག་འཛིན་ལྡོག་རྒྱུུ་དེ་བདག་མེད་ཀྱི་ལྟ་བ་ཐོས་བསམ་སྒོམ་གསུམ་བྱས་ཤིང་ཉམས་མྱོང་ཡོད་པའི་སྒོ་ནས་བདག་མེད་ལྟ་བར་མྱོང་བ་ཐོན་ཏེ་སྒོམ་པ་ཡིན་ན་བདག་འཛིན་ལྡོག་ཐུབ་ཀྱི་རེད། བདག་མེད་ཀྱི་ལྟ་བ་དང་དེ་འབྲེལ་ཀྱི་ཆོས་ལ་སངས་རྒྱས་ཀྱི་ཆོས་ལབ་ཆོག་གི་ཡོད། ནང་པས་འཇིག་རྟེན་བཀོད་པ་པོ་མི་འདོད་ཅིང་གྲངས་ཅན་པ་ལྟར་རྟག་པའི་རྒྱུ་ལས་སྐྱེས་པ་མ་རེད། རྒྱུ་མེད་ལས་ཀྱང་སྐྱེས་པ་མ་རེད། རྟག་པ་རང་བྱུང་ལས་སྐྱེས་པ་མ་རེད། དེ་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད། ཕྱིའི་སྣོད་ལ་ཆ་བཞག་ན་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་དང་། ནང་བཅུད་ཀྱི་སེམས་ཅན་ལ་ཆ་བཞག་ཀྱང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་རེད། ཅེས་གསུངས་སོང་།

 

༧གོང་ས་མཆོག་གིས་འདུས་བྱས་ཐམས་ཐད་མི་རྟག་པའི་རང་བཞིན་དུ་གྲུབ་ཡོད་སྐོར་གསུངས་དོན། ཕྱིའི་སྣོད་ལབ་ན་སེམས་མེད་བེམ་པོ་ཞིག་རེད། སེམས་མེད་བེམ་པོ་དེར་ཡང་རང་རང་གི་རྒྱུ་དང་རྐྱེན་ཞེས་གསུང་ཡོང་དུས་ཁ་ཐུག་གི་རྐྱེན་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དང་། རྒྱུ་ཞེས་ལབ་དུས་ཉེར་ལེན་གྱི་རྒྱུའི་ཐོག་བསམ་བློ་གཏོང་དགོས་ཀྱི་ཡོད། ད་ལྟ་ང་ཚོ་སྡོད་སའི་ཁང་པ་དང་དེའི་གཡས་གཡོན་གྱི་ཤིང་ནགས་ཚང་མ་རྡུལ་ཕྲ་རབ་ཀྱིས་གྲུབ་པ་ཤ་སྟག་ཡིན། རྐྱེན་སྣ་ཚོགས་ཀྱིས་རྡུལ་ཕྲ་རབ་ཚུར་འདུས་ཏེ་གཟུགས་ཅན་གྱི་དངོས་པོ་ཆགས་པ་རེད། ནང་ཆོས་ནང་འདུས་བྱས་ཐམས་ཅད་མི་རྟག་པ་ཟེར་བར་རིགས་གཉིས་ཡོད། རགས་པའི་དབང་དུ་བྱས་ན་ཁང་པ་བཤིག་པ་དང་མེ་ཏོག་སྐམ་པ། ཤིང་སྡོང་གས་ཏེ་མེད་པར་གྱུར་བ་རགས་པའི་མི་རྟག་པ་ཡིན། རགས་པའི་མི་རྟག་པ་མཐོང་བར་ང་ཚོས་ལོ་གཅིག་གི་འགྱུར་བ་མཐོང་རྒྱུར་ཟླ་ ༡༢ གྱི་འགྱུར་བ་དགོས་པ་དང་། ལོ་གཅིག་གི་འགྱུུར་བ་དེར་ཟླ་རེའི་འགྱུར་བ་དང་ཟླ་རེར་ཉིན་ཞག་རེའི་འགྱུར་བ།  ཉིན་ཞག་རེར་ཆུ་ཚོད་རེའི་འགྱུར་བ།  ཆུ་ཚོད་རེར་སྐད་མ་རེ་དང་། སྐད་མ་རེར་སྐད་ཆ་རེའི་འགྱུར་དགོས་པ་གསལ་པོ་རེད། དེ་ནས་འགྱུར་བ་ཕྲ་མོའི་ཐོག་རིམ་པར་འགྲོ་དགོས་ཀྱི་ཡོད། སྐད་ཅིག་མར་འགྱུར་བ་འགྲོ་བཞིན་པ་དེར་སངས་རྒྱས་ཀྱི་གཞུང་དུ་ཕྲ་བའི་མི་རྟག་པ་ཟེར་གྱི་ཡོད་ཅེས་དང་། ག་དུས་ཡིན་རུང་ང་ཞེས་ལབ་བསྡད་མཁན་གྱི་མི་དེར་རྩེད་མོ་ཞིག་རྩེད་ཀྱང་ཏོག་ཙམ་མ་འགྲིག་ན་ཁོང་ཁྲོ་ལངས་ཡོང་གི་རེད། རྟག་ཏུ་ང་ང་ཞེས་མི་བཤད་མཁན་གྱི་མི་བབ་ཆགས་ཤིག་ཡིན་ན། གཞན་གྱིས་ཁྱད་གསོད་དང་བརྙས་བཅོས་བྱས་ཀྱང་ལམ་སེང་ཁོང་ཁྲོ་ལངས་ཀྱི་མེད། དེའི་སྟབས་ཀྱིས་ངར་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་པའི་མི་དེར་ཆགས་པའི་བློ་དང་བདག་པའི་བློ་ཆེན་པོ་ཡོང་གི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཡོང་སའི་རྩ་བ་ཆགས་སྡང་གིས་རྐྱེན་བྱས་ནས་ཡོང་གི་ཡོད་པ་དང་། ཆགས་སྡང་གི་རྩ་བ་ངར་འཛིན་གྱི་བློ་ལས་ཡོང་གི་ཡོད་པ་བསྟན་ཡོད། ཅེས་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན། པར་བ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese