མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཆེད་མཁས་པའི་སློབ་གསོའི་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༡༠/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཚེས་ ༢༨ ཉིན་ནས་བཟུང་རྒྱ་ནག་གི་ཆེད་མཁས་པའི་སློབ་གསོའི་ཚོགས་ཆེན་སྐབས་བདུན་པ་ཟེར་བ་པེ་ཅིན་ནས་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཁག་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། དེ་མིན་སློབ་གསོ་ཞིབ་འཇུག་ལས་ཁུངས་ཁ་ཤས་བཅས་ནས་ཡོང་བའི་ཆེད་མཁས་མི་སྣ་ལྔ་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་འདུག

 

ཁ་སང་ཕྱི་ཚེས་ ༢༩ ཉིན་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༨ ཉིན་ནས་བཟུང་རྒྱ་ནག་གི་ཆེད་མཁས་པའི་སློབ་གསོའི་ཚོགས་ཆེན་སྐབས་བདུན་པ་ཟེར་བ་པེ་ཅིན་ནས་ཚོགས་མགོ་བརྩམས་ཡོད་པ་དང་། ཚོགས་འདུའི་སྟེང་། ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀུའུ་ཞིག་ལེན་གྱིས་གཏམ་བཤད་བྱས་པའི་ནང་། རྒྱལ་ཡོངས་སློབ་གསོ་བྱ་བའི་གྲོས་ཚོགས་ཚོགས་པ་དང་ ༼ རྒྱལ་ཁབ་ཀྱི་ ༢༠༡༠ ནས་ ༢༠༢༠ ལོའི་བར་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད ༽ ཅེས་པ་ལག་བསྟར་བྱས་པ་དེས། རང་རྒྱལ་གྱི་མ་འོངས་པའི་ལོ་བཅུའི་སློབ་གསོའི་ལས་དོན་གོང་དུ་སྤེལ་བར་ཁ་ཕྱོགས་གསལ་བོ་ཞིག་བསྟན་ཡོད་པ་དང་། རང་རྒྱལ་གྱི་མ་འོངས་པར་སློབ་གསོ་བ་མང་པོ་འབྱུང་རྒྱུར་ཐོབ་དཀའ་བའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད་སྟབས། སློབ་གསོ་བཅོས་བསྒྱུར་དང་སློབ་གསོ་འདྲ་མཉམ་དུ་བཏང་བ་དང་མཉམ་དུ། ང་ཚོས་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོ་གཙིགས་སུ་འཛིན་པའི་རྣམ་པ་བཟང་བོ་ཞིག་བསྐྲུན་པར་འབད་བརྩོན་བྱས་ཏེ། ལྟ་བ་ཡང་དག་པའི་སློབ་གསོ་བ་སྐོར་ཞིག་སྐྱེད་སྲིང་བྱ་དགོས་ཞེས་བརྗོད་འདུག 

 

ཕྱི་ལོ་ ༢༠༡༠ ལོ་ནས་ ༢༠༢༠ བར་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད་ཅེས་པ་ནི། ད་ལོའི་ཟླ་བདུན་པའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཚོགས་ཏེ་ཐག་གཅོད་བྱུང་བའི་སྐད་གཉིས་སློབ་གསོའི་སྲིད་ཇུས་གསར་བ་ཞིག་ཡིན་ལ། འདི་ལོའི་ཟླ་ ༩ ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པ་དང་ཞིང་ཆེན་སྲིད་གཞུང་གཉིས་མཉམ་འབྲེལ་ཐོག ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐེངས་དང་པོ་དེ་སྐོང་ཚོགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་དུ་དངོས་སུ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་རྗེས།  ཟླ་ ༩ ཕྱི་ཚེས་ ༡༩ ཉིན་མདོ་སྨད་རེབ་གོབ་ནས་མགོ་བརྩམས་ཏེ། མདོ་སྨད་ས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་སློབ་མ་སྟོང་ཕྲག་མང་བོས་ངོ་རྒོལ་བྱས་ཡོད་པར་མ་ཟད། རྒྱ་ནག་གི་རྒན་ཡོལ་ལས་བྱེད་ཁག་ཅིག་གིས་ཤེས་ཡོན་སྲིད་ཇུས་གསར་བ་དེ་ནི་བོད་ལྟ་བུའི་གྲངས་ཉུང་མི་རིགས་ཁག་རྩ་མེད་བཟོ་བའི་སྲིད་ཇུས་གསར་བ་ཞིག་ཡིན་པར་ངོས་འཛིན་གྱིས་གོང་རིམ་ལ་ཞུ་གཏུག་ཡི་གེ་ཡང་ཕུལ་ཡོད།  

 

ཡིན་ནའང་། ཐེངས་འདིར་པེ་ཅིན་དུ་ཚོགས་པའི་རྒྱ་ནག་གི་ཆེད་མཁས་པའི་སློབ་གསོའི་ཚོགས་ཆེན་སྟེང་། རྒྱ་ནག་གཞུང་གིས་མུ་མཐུད་སྐད་གཉིས་ཤེས་ཡོན་སྲིད་ཇུས་གསར་བ་འདིའི་སྟེང་དུ་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་མ་ཟད། མ་འོངས་པར་ལྟ་བ་ཡང་དག་པའི་སློབ་གསོ་བ་སྐོར་ཞིག་སྐྱེད་སྲིང་བྱེད་པའི་གོ་སྐབས་བཟང་བོ་ཞིག་སྐྲུན་ཡོད་ཟེར།

 

འདི་གའི་གསར་འགོད་པས་དེའི་སྐོར་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཁ་སང་ ༢༨ ནས་ཉིན་གསུམ་རིང་གི་ཚོགས་འདུ་དེ་གཙོ་བོ་རྒྱ་ནག་གི་སློབ་གསོ་རིག་པའི་སྐོར་ལ་མཁས་དབང་ཚོའི་བགྲོ་གླེང་ཚོགས་འདུ་ཞིག་ཆགས་འདུག ཡིན་ནའང་། ཚོགས་འདུ་དེ་རྒྱ་ནག་གཞུང་འབྲེལ་གྱི་སློབ་གསོའི་སྡེ་ཚན་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཞིབ་འཇུག་སྡེ་ཚན་སོགས་མཉམ་དུ་ཡོད་སྟབས། གཞུང་འབྲེལ་གྱི་ངོ་བོ་ལྡན་པའི་ཚོགས་འདུ་ཞིག་ཀྱང་ཆགས་ཡོད་པ་རེད།

 

ཚོགས་འདུ་དེ་ཚོགས་དོན་གཙོ་བོ་ད་ལོའི་ཟླ་བདུན་པའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཚོགས་པ་དང་། ཚོགས་ཆེན་སྟེང་འབྱུང་འགྱུར་གྱི་ལོ་བཅུ་སྟེ་ ༢༠༡༠ ལོ་ནས་ ༢༠༢༠ ལོའི་བར་དུ་རྒྱ་ནག་སྤྱི་ཡོངས་ཀྱི་སློབ་གསོའི་འཕེལ་ཕྱོགས་དང་སློབ་གསོའི་སྲིད་ཇུས་གསར་བ་ཞིག་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱུང་བ་དང་། དེ་རིམ་པ་བཞིན་དུ་མར་ཡོང་དུས་མཚོ་སྔོན་གཙོས་བོད་ས་ཁུལ་ཡོངས་སུ་སྐད་གཉིས་སློབ་གསོའི་སྲིད་ཇུས་གསར་བ་ལག་བསྟར་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་རྐྱེན་རྩ་ཐུག་ས་དེ་རེད། ཅེས་གསུངས།

 

ཡང་ཁོང་ལ་སྐད་གཉིས་སློབ་གསོའི་སྐོར་གྱི་གནད་དོན་དེར་མཚོ་སྔོན་གཙོས་བོད་ནང་གི་ས་ཁུལ་ཁག་མང་བོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མས་ངོ་རྒོལ་དང་། འདོད་མོས་མེད་པའི་རྣམ་འགྱུར་བསྟན་ཡོད་སྟབས། ཐེངས་འདིའི་ཚོགས་ཐོག་ནས་སྲིད་ཇུས་གསར་བ་དེར་བཟང་ཕྱོགས་ནས་བསྒྱུར་བ་འདྲ་གཏོང་སྲིད་དམ་ཞེས་དྲིས་པར། ཁོང་གིས་གསུངས་དོན། རྒྱ་ནག་གིས་ད་ལྟའི་བར་དུ་མང་ཚོགས་ཀྱི་རེ་འདུན་བཏོན་པར་བསམ་ཤེས་བྱས་པ་ཞིག་མེད། དཔེར་ན། བོད་ནང་དུ་ལས་འགུལ་ཆེ་ཤོས་མཚོ་སྔོན་དང་དེ་ནས་ཀན་སུའུ་ཞིང་ཆེན་ནང་སྤེལ་བ་རེད། མཚོ་སྔོན་ཞིང་ཆེན་ནང་ལས་འགུལ་དེ་སྤེལ་རྗེས་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་གིས་ཏང་གི་ལས་བྱེད་ཚོགས་འདུ་ཟེར་བ་ཞིག་བསྐངས་ཤིང་།  ཚོགས་འདུའི་ཐོག་ད་ལྟ་ང་ཚོས་ལོ་བཅུའི་སློབ་གསོའི་སྲིད་ཇུས་དེ་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་ཤིག་རེད། སྲིད་ཇུས་དེ་ངེས་པར་དུ་ལག་བསྟར་བྱེད་དགོས་པ་རེད་ཅེས་བརྗོད་དེ། ད་ལྟ་མཚོ་སྔོན་ཞིང་ཆེན་ནང་ལག་བསྟར་བྱེད་ཀྱིན་པའི་སྐད་གཉིས་སློབ་གསོའི་སྲིད་ཇུས་དེར་འགྱུར་བ་རྩ་བ་ནས་བཏང་མེད། དེ་ཆབ་སྲིད་ཀྱི་གནད་འགག་ཅིག་ཡིན་པ་དང་ཁོང་ཚོས་སྐད་ཡིག་གཅིག་གྱུར་བཟོ་བ་དེ་རྒྱལ་ཁབ་ཀྱི་མ་འོངས་པའི་ཐབས་ཇུས་རང་བཞིན་གྱི་སྲིད་ཇུས་ཤིག་ཡིན་ལབ་ཀྱིན་ཡོད།

 

དེ་ལ་ག་དུས་ཡིན་རུང་འགྱུར་བ་གཏོང་རྒྱུ་མིན་ཐོག ཚང་མས་བསམ་བློ་གཅིག་གྱུར་གྱི་ཐོག་ནས་ལག་ལེན་ཏུ་བསྟར་དགོས་ཟེར་གྱིན་ཡོད། དེ་ལྟར་བརྗོད་དུས། དོན་དག་དེ་ནི་རྒྱ་ནག་དབུས་གཞུང་གི་སྲིད་ཇུས་ཤིག་ཡིན་པ་དང་། ས་གནས་ས་ཐོག་ཏུ་ལག་བསྟར་བྱ་རྒྱུ་ཡིན་པ། དེའི་སྟེང་ཐེངས་འདིའི་མཁས་དབང་ཚོའི་སློབ་གསོའི་ཚོགས་འདུའི་སྟེང་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་ ༢༠༡༠ ལོ་ནས་ ༢༠༢༠ ལོའི་བར་གྱི་རྒྱ་ནག་གི་སློབ་གསོའི་སྲིད་ཇུས་དེ་ཡང་དག་པ་ཡིན་ཚུལ་དང་། ངེས་པར་དུ་ལག་ལེན་དུ་བསྟར་དགོས་ཚུལ་གྱི་ཐོག་ཏུ་བབ་ནས་བགྲོ་གླེང་བྱེད་གི་རེད། ཅེས་དང་།  

 

འདི་ལྟར་ཉིན་གསུམ་རིང་ཚོགས་པའི་རྒྱ་ནག་གི་ཆེད་མཁས་པའི་སློབ་གསོའི་ཚོགས་ཆེན་སྐབས་བདུན་པའི་སྟེང་། རྒྱལ་ཡོངས་ཀྱི་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཁག་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། དེ་མིན་སློབ་གསོ་ཞིབ་འཇུག་ལས་ཁུངས་ཁ་ཤས་བཅས་ནས་ཡོང་བའི་ཆེད་མཁས་མི་སྣ་ ༥༠༠ ལྷག་མཉམ་ཞུགས་བྱས་ཏེ། སྐད་གཉིས་སློབ་གསོའི་སྐོར་ལ་བགྲོ་གླེང་གནང་ཡོད་ནའང་། སྐད་གཉིས་སློབ་གསོའི་སྐོར་ལ་བཟང་ཕྱོགས་ཀྱི་བསྒྱུར་བ་གང་ཡང་གཏོང་རྒྱུ་མིན་པར། རྒྱ་ནག་གི་སྐད་ཡིག་སློབ་གསོའི་སྲིད་ཇུས་མུ་མཐུད་མཁྲེགས་འཛིན་བྱེད་ངེས་རེད་ཅེས་གསུངས།

 

གསར་འགོད་པ། ཨ་རིག་འགྱུར་མེད།

 

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༦ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 4

  1. bhare tashi says:
    ལོ་ 16 སྔོན།

    བོད་དུ་བཞུགས་པའི་བོད་མི་ཚོ་དངོས་ནས་ཡག་འདུག་ཐུགས་རྗེ་ཆེ།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    དག་སེལ་བྱ་རྒྱུ་ཞིག་ལ་བོད་རིགས་རྒན་ཡོལ་ལས་བྱེད་པ་ཚོ་ཡིན་པ་ལས་རྒྱ་ནག་གི་རྒན་ཡོལ་ལས་བྱེད་པས་ཞུ་གཏུག་བྱས་པ་ཞིག་མ་རེད།

    Reply
  3. norsang tsering says:
    ལོ་ 16 སྔོན།

    ངོ་མ་ཡིན་་་་་རྒྱ་དམར་ཚང་གིས་གོ་བསྒྲིགས་བྱས་པའི་སློབ་གསོ་དེས་བོད་པ་ཚང་གི་སློབ་མ་ཚོའི་སེམས་ཁམས་ནམ་ཡང་དཀྲུགས་མི་ཐུབ།

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    གསར་འགྱུར་འབྲི་སྟངས་ངོ་མ་ཡག་གི་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese