མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏེ་ལོ་རིན་པོ་ཆེ་ཡིས་བོད་སོག་གི་འབྲེལ་ལམ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

ཨུ་རུ་སུ་རྒྱལ་ཁོངས་ཀྱི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེས་སྣེ་ཁྲིད་འོག ཁལ་མུག་དང་བྷོ་རི་ཡ། ཐོ་བ་བཅས་ཀྱི་སོག་རིགས་སྟོང་ཕྲག་གཅིག་ལྷག་བཞུགས་སྒར་ངྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུས་ཡོད་པ་ལྟར། ཕྱི་ཚེས་ ༢ ཉིན་བླ་མ་ཏེ་ལོ་རིན་པོ་ཆེ་མཆོག་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་བོད་པའི་གསར་འགོད་པ་ཚོར་ཐུག་འཕྲད་ཀྱིས་ཐེངས་འདིའི་གསུང་ཆོས་ཀྱི་སྔ་གཞུག་དང་། བོད་སོག་བར་གྱི་མཛའ་འབྲེལ་གནས་སྟངས་སྐོར་ངོ་སྤྲོད་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།   

ཏེ་ལོ་རིན་པོ་ཆེ་མཆོག་གིས་ཐེངས་འདིར་སོག་རིགས་ཚོས་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུས་པའི་དགོས་པ་རྒྱུ་མཚན་ངོ་སྤྲོད་གནང་དོན། ང་ཚོས་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུ་བ་དེ་དམིགས་བསལ་གྱི་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། བོད་སོག་བར་རྒྱལ་རབས་མང་པོའི་འབྲེལ་བ་ཡོད་པ་ལོ་རྒྱུས་དག་ཏུ་བཀོད་ཡོད་པ་མཁྱེན་གསལ་རེད། དང་པོ། ཨུ་རུ་སུ་དང་སོག་པོའི་ནང་སངས་རྒྱས་བསྟན་པ་དར་སྤེལ་བྱ་རྒྱུར་ཤེས་ཡོན་དང་སློབ་སྦྱོང་། ཉམས་མྱོང་བཅས་དགོས་པ་རེད། འདི་ལ་དཔེ་བལྟ་ས་ཡག་ཤོས་དེ་བོད་པའི་སྤྱི་ཚོགས་ཆགས་ཡོད་པར་བརྟེན། འདི་གའི་རིག་གཞུང་ལྟེ་གནས་ཁང་དང་། དགོན་སྡེ་དང་སློབ་གྲྭ་ཁག་བཅས་བཙན་བྱོལ་གཞུང་དང་སྐྱབས་བཅོལ་བོད་མིའི་གནས་སྟངས་ག་འདྲ་ཡོད་མེད་ཤེས་རྟོགས་ཡོང་ཆེན་ཡིན། གཉིས་པ། ངྷ་རམ་ས་ལ་ནི་གནས་རྩ་ཆེན་ཞིག་ཆགས་བསྡད་ཡོད་པ་དང་། མང་པོ་ཞིག་གི་སེམས་ནང་དུ་༸རྒྱལ་བ་རིན་པོ་ཆེ་ནི་བོད་མི་གཅིག་པུའི་ཐོབ་ཐང་རེད་བསམ་གྱི་ཡོད། ཆོས་ཕྱོགས་ཀྱི་ཐད་ནས་བོད་པ་གཅིག་པུ་ཙམ་མ་ཡིན་པར། སོག་པོ་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ཚང་མའི་དབུ་ཁྲིད་ཆགས་ཡོད། ང་ཚོ་༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་ག་ཚོད་ཡོད་མེད་དང་། རྒྱལ་བ་རིན་པོ་ཆེ་ང་ཚོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་གསལ་སྟོན་བྱ་ཆེད་ཡིན། ཞེས་གསུངས་བྱུང་།

 

ཁོང་གིས་བོད་སོག་བར་གྱི་འབྲེལ་བ་སླར་གསོའི་བརྒྱུད་རིམ་ངོ་སྤྲོད་གནང་དོན། ངས་དྲན་སོས་པ་ཞིག་ལ། ལོ་བདུན་བརྒྱད་ཀྱི་སྔོན་དུ་ཨུ་རུ་སུའི་སོག་རིགས་གནས་མཇལ་བ་ལྔ་ངྷ་རམ་ས་ལར་ཕྱིན་པ་རེད། སྐབས་དེར་སོག་རིགས་ཚང་མ་ཧང་སང་ཞིང་། ཁོང་ཅག་ངྷ་རམ་ས་ལར་ཕྱིན་ཏེ་༧གོང་ས་མཆོག་ལ་དངོས་སུ་མཇལ་བར་གླེང་སློང་ཤུགས་ཆེན་པོ་བྱུང་བ་རེད། ལོ་རྗེས་མ་དེར་མི་ ༥ ནས་  ༤༠ འཕར་བ་རེད།  ༢༠༠༦ ལོར་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱིས་༧གོང་ས་མཆོག་ལ་པདྨ་དཀར་པོའི་གཟེངས་རྟགས་འབུལ་བཞེས་སྐབས། མི་ ༡༠༠ ལྷག་འབྱོར་ཡོད། ༢༠༠༧ ལོར་༸གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སྐབས། ཨུ་རུ་སུ་དང་སོག་པོའི་ནང་བའི་སྒྱུ་རྩལ་འགྲེམས་སྟོན་ཁང་ཟེར་བའི་གཞས་སྣ་འཁྲབ་སྟོན་དང་གློག་བརྙན་སོགས་སྤྱན་འབུལ་ཞུ་བར་མི་ ༥༠༠ ལྷག་དང་། ༢༠༠༩ ལོའི་གསུང་ཆོས་ཐེངས་དང་པོར་མི་ ༨༠༠ དང་། ད་ཐེངས་མི་ ༡༢༣༧ བཅས་ཡོང་ཡོད། ལོ་ལྔ་དྲུག་ཙམ་གྱི་རིང་ལ་མི་ལྔ་ནས་མགོ་བཙུགས་ཏེ་ད་ལྟའི་ཚད་འདིར་བསླེབས་པ་རེད། ཅེས་དང་།

ཐེངས་འདིར་ཨུ་རུ་སུའི་གསར་འགོད་པ་ ༢༧ ཙམ་ང་ཚོ་དང་མཉམ་དུ་ཡོད་ལ། ཁོ་ཚོས་ངྷ་རམ་ས་ལ་ཁུལ་གྱི་སློབ་གྲྭ་དང་ལས་ཁུངས་ཁག་ལ་རྒྱུས་ལོན་བྱས་པ་དང་། ༧གོང་ས་མཆོག་དང་ལྷན་དུ་དྲི་བ་དྲིས་ལན་གནང་བ་སོགས་གསར་ལམ་ཁག་ཏུ་བཏང་ཡོད།  ང་ཚོ་བོད་དང་སོག་རིགས་བར་འབྲེལ་བ་ཟབ་མོ་ཡོད། མ་འོངས་པར་ཡང་འབྲེལ་བ་དེར་བར་ཆད་རྩ་བ་ནས་ཡོང་གི་མ་རེད། ད་ལྟ་བོད་གཞུང་སྨན་རྩིས་ཁང་དང་། དཔེ་མཛོད་ཁང་། ལྷ་བྲིས་ཁང་། ནོར་བུ་གླིང་ག  དེ་བཞིན་དགོན་སྡེ་ཁག་བཅས་སུ་ཕལ་ཆེར་སོག་རིགས་སློབ་གཉེར་བ་ ༤༠༠ ལྷག་ཡོད། ལྟེ་གནས་ཁང་དེ་དག་གིས་སྣེ་ལེན་བྱས་པའི་བཀའ་དྲིན་གྱིས་ང་ཚོར་སློབ་སྦྱོང་གི་གོ་སྐབས་ཤིག་རག་གི་ཡོད། ཅེས་གསུངས་བྱུང་།

 

བར་མཚམས་དེར་ར་ཤི་ཡའི་སྐུ་ཚབ་དོན་གཅོད་ཟུར་བ་བོད་གཞུང་དྲིལ་བསྒྲགས་དྲུང་འཕར་བཀྲ་ཤིས་ལགས་ཀྱིས་ཀྱང་།  བོད་དང་སོག་རིགས་བར་གྱི་འབྲེལ་བ་ཚད་མཐོན་པོར་སླེབས་པ་དེ་རྒྱ་ནག་གཞུང་གིས་གསལ་བོར་ཤེས་ཡོད་པ་རེད། དེར་བརྟེན། ཨུ་རུ་སུའི་ནང་ལ་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཆེད་གཏོང་བྱས་ཏེ། ཆོས་དང་རིག་གཞུང་ཅི་ཞིག་དགོས་ཀྱང་བོད་ནང་ནས་རོགས་རམ་གནང་ཆོག་གི་རེད། ཏཱ་ལའི་བླ་མར་འབྲེལ་བ་མ་གནང་རོགས་ཞེས་བརྗོད་དེ།  ང་ཚོའི་འབྲེལ་ལམ་ལ་དོ་ཕོག་གཏོང་བའི་ཐབས་ཤེས་སྣ་ཚོགས་བྱས་པ་རེད། ཡིན་ནའང་། སོག་རིགས་མི་མང་གིས་རྒྱལ་བ་རིན་པོ་ཆེར་འཛིན་པའི་དད་པ་དེ་རི་ལྟར་གཡོ་བ་མེད་པས་འགལ་བ་བཟོ་ཐུབ་བྱུང་ཡོད་པ་མ་རེད་ལ། མ་འོངས་པར་ཡང་གཏོང་ཐུབ་པ་མ་རེད། ཅེས་བརྗོད་བྱུང་།

“>www.youtube.com/v/VRa940oe5DMཏེ་ལོ་རིན་པོ་ཆེ་མཆོག་གིས་ཁལ་མུག་གིས་ཨུ་རུ་སུའི་བཙན་འོག་ནས་ལོ་ ༡༣ ཙམ་བསྡད་པའི་རིང་། སོག་པོའི་སྐད་ཡིག་རིག་གཞུང་ཚང་མ་བརླག་ཚར་བའི་ལོ་རྒྱུས་ཀྱི་བསླབ་བྱ་དང་འབྲེལ་ཏེ། མ་འོངས་པར་བོད་ཀྱང་ཁལ་གྱི་མུག་ལེའུ་གཉིས་པ་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་རྒྱུར། ད་སྐབས་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་སོག་པོའི་སྐད་ཡིག་ཕལ་ཆེར་བརླག་ཚར་བ་རེད། ང་ཚོས་ཨུ་རུ་སུའི་སྐད་ཡིག་སྤྱོད་ཀྱི་ཡོད། ཕྱི་ལོ་ ༡༩༤༠ ཡས་མས་ནང་སི་ཏ་ལིན་དམར་ཤོག་གི་མགོ་ཁྲིད་ཡིན་དུས། ཁལ་མུག་མི་རིགས་ཚང་མ་ལོ་ ༡༣ རིང་འཛམ་གླིང་གི་ས་ཆ་གྲང་ཤོས་དག་ཏུ་རྒྱང་འཕུད་བཏང་སྟེ་མི་རིགས་ཁ་བཀྲམས་ནས་བཙན་གནོན་བྱས་པ་རེད། སྐབས་དེར་སོ་སོའི་མི་རིགས་ཀྱི་སྐད་བཀོལ་མི་ཆོག་པར་ཨུ་རུ་སུའི་སྐད་བཤད་དགོས་ཀྱི་ཡོད། སི་ཏ་ལེན་འདས་རྗེས་སོག་རིགས་རྣམས་ཕྱིར་ཁལ་མུག་ལུང་པར་ལོག་ཏུ་བཅུག་ཀྱང་། སྐད་ཡིག་ཆ་ཚང་བརླག་ཚར་བ་རེད། ད་ལྟ་ཨུ་རུ་སུའི་ནང་མངའ་སྡེ་ ༨༠ ལྷག་དང་སྤྱི་མཐུན་རྒྱལ་ཁབ་ ༡༩ ཙམ་ཡོད་ཀྱང་། དེ་དག་མིང་ཙམ་ཆགས་ཡོད། རྒྱ་ནག་གི་རང་སྐྱོང་ལྗོངས་དང་གཅིག་པ་རེད། སྒོར་མོ་ཨུ་རུ་སུའི་སྒོར་མོ་རེད། ཁྲིམས་ཨུ་རུ་སུའི་ཁྲིམས་རེད། ཐག་གཅོད་གང་ཞིག་ཡིན་རུང་ཨུ་རུ་སུའི་གཞུང་གིས་བྱེད་ཀྱི་ཡོད། ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཅེས་མིང་སྙིང་རྗེ་བོ་ཞིག་བཏགས་ཡོད་པ་གཅིག་པུ་རེད། ཅེས་དང་།

 

གལ་སྲིད་མ་འོངས་པར་བོད་པ་རྒྱ་འོག་ཏུ་སྡོད་དགོས་བྱུང་ཚེ། དུས་ཀྱི་སྔ་གཞུག་ཙམ་མ་གཏོགས་བོད་མི་རིགས་བརླག་འགྲོ་རྒྱུ་ཉག་གཅིག་ཡིན། རིམ་པས་ཁལ་མུག་ལེའུ་གཉིས་པ་ལྟ་བུ་ཞིག་ཏུ་འགྱུར་ངེས་ཡིན། དེར་བརྟེན། ཕྱི་ནང་གི་བོད་རིགས་ཚང་མས་སེམས་ཤུགས་མ་ཆག་པ་ཞིག་དང་། རེ་བ་མ་ཡལ་བ་ཞིག ཡིད་ཆེས་མ་བརླག་པ་ཞིག་གི་ཐོག་ནས་ཤུགས་རྒྱག་དགོས། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ཏེ། ཕྱི་རྒྱལ་གྱི་གཞུང་སྒེར་ཚོགས་སྡེ་ཁག་མང་པོ་བོད་ཀྱི་རྒྱབ་རྩར་ལངས་ཡོད། དེ་བཞིན་ཨུ་རུ་སུའི་གཞུང་ཕྱོགས་ཀྱི་བོད་པའི་སྐུབ་སྟེགས་གཅིག་ང་ཚོས་བཟུང་ཡོད་ཟེར་ན་ཆོག་གི་རེད། སྐུབ་སྟེགས་དེ་དུས་ནམ་ཡང་གློད་གི་མ་རེད། ཅེས་གསུངས་བྱུང་།

 

མཇུག་ཏུ་སོག་པོའི་གཞོན་སྐྱེས་མང་པོ་ཡེ་ཤུ་ཆོས་ལུགས་སུ་འགྱུར་བཞིན་ཡོད་པའི་ཐད་དྲི་བ་བཏང་བའི་ལན་དུ། སོག་པོ་ཟེར་དུས་ཕྱི་སོག་དང་ནང་སོག་ཁལ་མུག ཐོ་བ། བྷོ་རི་ཡ་བཅས་ཁག་མང་པོ་ཡོད། སོག་རིགས་དང་ཆེན་པོ་ཧོར་གྱི་ཡུལ་ཞེས་བརྗོད་དུས་ཚང་མ་ཚུད་ཡོད་པ་རེད། ད་ལྟ་ཁལ་མུག ཐོ་བ། བྷོ་རི་ཡ་གསུམ་ནི་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་སོག་རིགས་ཆགས་ཡོད། དཔེར་ན། ཁལ་མུག་ལ་དྭགས་རེད། བྷོ་རི་ཡ་འབྲས་ལྗོངས་རེད། ཐོ་བ་མོན་པ་རེད། ལ་དྭགས་དང་འབྲས་ལྗོངས། མོན་པ་གསུམ་གྱིས་བོད་མིན་བོད་རིགས་ཡིན་ཟེར་གྱི་ཡོད། ཁོ་ཚོ་རྒྱ་གར་མངའ་འོག་གནས་ཡོད་ཀྱང་། རྒྱ་གར་བ་མིན་རྒྱ་གར་མི་སེར་ཡིན་ཟེར་གྱི་ཡོད། ང་ཚོ་ཡང་དེ་དང་གཅིག་པ་རེད། སོག་རིགས་ཡིན་ཡང་ཨུ་རུ་སུའི་མི་སེར་རེད། ཁལ་མུག་ནང་ཡེ་ཤུ་ལ་འགྱུར་མཁན་ཧ་ཅང་ཉུང་ཉུང་རེད། མོང་གོལ་ལེ་ཡ་སྟེ་སོག་པོ་རྒྱལ་ཁབ་ཀྱི་ནང་དུ་ནང་པའི་ཆོས་ཚོགས་ལས་ཡེ་ཤུ་ཆོས་ཚོགས་མང་པོས་དེབ་སྐྱེལ་བྱས་ཡོད་པ་དང་།  སོག་པོའི་རྒྱལ་ཁབ་ཀྱང་ཡེ་ཤུ་ཆོས་ལུགས་སུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 1

  1. ཐུབ་དགའ says:
    ལོ་ 15 སྔོན།

    ཏེ་ལོ་རིན་པོ་ཆེ་ལ་ངའི་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese