མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་གྱི་བསྐྱར་བཅོས་སྔོན་རྩིས་གཏན་འབེབས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

བཙན་བྱོལ་བོད་གཞུང་གི་ཕྱི་ལོ་ ༢༠༡༠ ལོ་ནས་ ༢༠༡༡ ལོའི་བར་གྱི་བསྐྱར་བཅོས་སྔོན་རྩིས་གཏན་འབེབས་ནང་། རྒྱུན་་གྲོན་དང་དམིགས་བསལ། ཟུར་བཀོལ་གསུམ་ལ་ཁྱོན་བསྡོམས་ཧིན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག བྱེ་བ་བཞི། ས་ཡ་བཞི། སུམ་ཁྲི་ ༡༡༤༤༠༣༠༡༠༨།༠༠ ཙམ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་གཞུང་ཚོགས་དྲུང་ལས་ཁུངས་ཀྱིས་ཕྱིར་བསྒྲགས་གནང་བ་ལྟར་ན། བཙན་བྱོལ་བོད་གཞུང་གི་ ༢༠༡༠ ལོ་ནས་ ༡༠༡༡ ལོའི་བསྐྱར་བཅོས་སྔོན་རྩིས་རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ་བཅས་ལ་བཀའ་ཤག་ནས་རྒྱབ་གཉེར་ཧིན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག བྱེ་བ་བཞི། ས་ཡ་བཞི། ཆིག་འབུམ་ཆིག་ཁྲི་ ༡༡༤༤༡༡༤༣༣༧།༠༠ གནང་འདུག་ཀྱང་།  ཕྱི་ཚེས་ ༢༣ ཉིན་ནས་ ༢༦ བར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་བསྐྱར་བཅོས་སྔོན་རྩིས་ཀྱི་ཚོགས་འདུའི་ཐོག གཅོག་ཆ་ ༡༦ ལ་ཧིན་སྒོར་སུམ་འབུམ་སུམ་ཁྲི་ལྔ་སྟོང་ ༣༣༥༨༥༡།༠༠ དང་། སྤར་ཆ་ ༧ ལ་ཧིན་སྒོར་ཉིས་འབུམ་ལྔ་ཁྲི་ཆིག་སྟོང་ ༢༥༡༦༢༢།༠༠ གནང་སྟེ། མཐའ་དོན་རྒྱུན་གྲོན་དང་དམིགས་བསལ། དམིགས་བཀར་གསུམ་ལ་ཧིན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག བྱེ་བ་བཞི། ས་ཡ་བཞི་ ༡༡༤༤༠༣༠༡༠༨།༠༠ གཏན་འབེབས་བྱུང་ཡོད་འདུག  

ས་འཐུས་མེད་པའི་ས་གནས་ཁག་བདུན་གྱི་བསྐྱར་བཅོས་སྔོན་རྩིས་སུ་བཀའ་ཤག་གིས་རྒྱབ་གཉེར་ཧིན་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག སུམ་འབུམ་བཞི་ཁྲི་ ༣༡༣༤༦༦༣༩།༠༣ གནང་བ་རང་འཇགས་དང་། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་དང་མངོན་དགའ་སློབ་གྲྭ་བཅས་ཀྱི་འགྲོ་གྲོན་ལ་བཀའ་ཤག་གིས་རྒྱབ་གཉེར་ཧིན་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག བདུན་ཁྲི་ ༣༦༠༧༤༩༤༡།༠༠ གནང་བར། སྤྱི་འཐུས་རྒྱུན་ལས་ཀྱིས་གཅོག་ཆ་ཧིན་སྒོར་ཉིས་ཁྲི་ ༢༠༠༠༠།༠༠ དང་། སྤར་ཆ་ཧིན་སྒོར་ཉིས་སྟོང་སུམ་བརྒྱ་ ༢༠༣༠༡།༠༠ གནང་སྟེ་ཁྱོན་བསྡོམས་བཀའ་འཁྲོལ་ཧིན་སྒོར་བྱེ་བ་གསུམ་དང་ཡ་ས་དྲུག བདུན་ཁྲི་ ༣༦༠༧༥༢༤༢།༠༠ གཏན་འབེབས་གྲུབ་སྟེ། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དགོངས་དོན་ལྟར། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ནས་རྩ་འཛིན་གནང་རྒྱུ་ཡིན་འདུག

 

འདི་གའི་གསར་འགོད་པས་ཕྱི་ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ་བསྐྱར་བཅོས་སྔོན་རྩིས་གཏན་འབེབས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཟླ་སྔོན་མའི་ཕྱི་ཚེས་ ༢༠ ཉིན་བཀའ་ཤག་གི་ངོས་ནས་སྤྱི་འཐུས་ལྷན་ཚོགས་ལ་ ༢༠༡༠ དང་༢༠༡༡ ལོའི་བསྐྱར་བཅོས་སྔོན་རྩིས་འབྱོར་བ་རེད། དེའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱིས་ཟླ་བ་དེའི་ཚེས་ ༢༣ ནས་ ༢༦ བར་ཉིན་བཞིའི་རིང་བཀའ་བསྡུར་གནང་སྟེ། རྩིས་མགོ་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ་མཐའ་མར། བཀའ་ཤག་གིས་རྒྱབ་གཉེར་གནང་བའི་དངུལ་འབོར་ནང་ནས་གཅོག་ཆ་ ༡༦ ཙམ་ལ་ཧིན་སྒོར་ ༣༣༥༨༥༡།༠༠ ཙམ་གཅོག་རྒྱུ་དང་། སྤར་ཆ་ ༧ ལ་ཧིན་སྒོར་ ༢༥༡༦༢༢།༠༠ ཙམ་སྤར་རྒྱུ་བྱུང་སོང་། གཅོག་ཆའི་ནང་དུ་དམིགས་བསལ་གཅོག་ཆ་ཆེན་པོ་དེ་འདྲ་བྱུང་མེད་ནའང་། སྤྱི་ཡོངས་ནས་ང་ཚོས་གནང་སྟངས་ནི། དཔེར་ན། དུས་རྒྱུན་དུ་འགྲོ་གྲོན་གཏོང་དགོས་པའི་རྩིས་མགོ་ལྟ་བུ་ཞིག་ཡིན་ན། སྤྱི་འཐུས་རྒྱུན་ལས་ཀྱིས་འདས་པའི་ཟླ་བདུན་ནང་ངོ་སོང་གི་འགྲོ་གྲོན་ག་ཚོད་ཕྱིན་པ་དང་། ལོ་སྔོན་མར་འགྲོ་སོང་བསྡོམས་པས་ག་ཚོད་ཕྱིན་ཡོད་མེད་ལ་གཞི་ལ་བཞག་སྟེ་བཀའ་འཁྲོལ་གནང་གི་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

ཡང་ཁོང་མོས་སྤར་ཆའི་ཐད་གསུངས་དོན། སྤར་ཆ་གནང་དགོས་པ་ཁག་ལ་རིམ་པ་གཉིས་འདུག ཁ་ཤས་ལས་དོན་གྱི་ཐོག་ནས་གལ་ཆེན་པོ་ཡིན་ནའང་། བསྡོམས་ནང་དུ་ལྷག་བསྡད་པ། དཔེར་ན། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་རྩིས་མགོའི་ནང་དུ་ཧིན་སྒོར་ ༣༡༠༠༠༠།༠༠ བཀའ་འཁྲོལ་ཡོད་པ་དང་བཀའ་ཤག་གིས་རྒྱབ་གཉེར་ཡོད་ནའང་། བསྡོམས་ནང་དུ་བསླེབས་མེད་སྟབས་ང་ཚོས་སྤར་ཆའི་ཁོངས་སུ་བཞག་ཡོད། དེ་བཞིན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་འཆར་ཁག་ནང་རྩིས་མགོ་བཀའ་འཁྲོལ་ཡོད་པའི་སྙན་གསན་ཞུས་པའི་ནང་། བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་པར་རིས་དང་ཉམས་ཞིབ་ཀྱི་དེབ་ཅིག་དཔར་སློག་བརྒྱབ་སྟེ། བདག་གཉེར་བྱ་རྒྱུའི་ལས་འཆར་ཞིག་འདུག དེ་ལ་བཀའ་ཤག་ནས་བཀའ་འཁྲོལ་བྱུང་མི་འདུག་ཀྱང་། ང་ཚོའི་རྒྱུན་ལས་རྣམས་ཀྱིས་འབྲེལ་ཡོད་དྲུང་ཆེ་ཚུར་སྐད་བཏང་སྟེ། བརྟག་དཔྱད་བྱས་པ་བརྒྱུད་དེ་སྤར་ཆ་དགོས་ཀྱི་ཡོད་པ་ཞིག་ལ་གཟིགས་ཏེ་སྤར་ཆ་གནང་ཡོད།

 

ཁ་ཤས་ལས་འཆར་དང་འབྲེལ་བ་ཡོད་པའི་ཐོག ལྷན་ཁང་གི་ལས་འཆར་ཡིན་པ་དང་བཀའ་ཤག་གིས་བཀའ་འཁྲོལ་ཐོབ་མེད་ཀྱང་། སྤྱི་འཐུས་རྒྱུན་ལས་ངོས་ནས་དགོས་གལ་དུ་མཐོང་གི་ཡོད་ན། ང་ཚོས་བཀའ་འཁྲོལ་གནང་ཡོད། གཅོག་ཆ་ཁག་གི་ནང་ནས་དཔེར་ན། འཕྲོད་བསྟེན་ཁྱབ་ཁོངས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ཟུར་བཀོལ་ནང་། འགྲིམ་འགྲུལ་དང་ཟུར་ཕོགས་ཧིན་སྒོར་ ༢༠༠༠༠།༠༠ ཟེར་བ་ཞིག་ལ་དམིགས་བསལ་རྒྱུ་མཚན་མེད་དང་། ཤེས་རིག་ལས་ཁུངས་ཟུར་བཀོལ་ནང་དགོས་གལ་མེད་པའི་འགྲེལ་བརྗོད་བྱུང་བ་ལྟ་བུའི་རིགས་གཅོག་ཆ་བྱས་ཡོད། ནམ་རྒྱུན་ལས་ལྷག་པའི་དངུལ་དགོས་ཀྱི་ཡོད་ན། ལས་འཆར་འདི་དང་གན་ཡོད། དེ་ལ་འགྲོ་གྲོན་འདི་དང་དེ་ཙམ་དགོས་ཀྱི་འདུག་ཟེར་ནས་རྒྱུ་མཚན་བཤད་རྒྱུ་དགོས་པ་རེད། དེར་བརྟེན། སྦེལ་ཀོབ་འཚོ་བྱེད་སྨན་ཁང་ལྟ་བུ་ཡིན་ན། དམིགས་བསལ་གྱི་རྒྱུ་མཚན་གང་ཡང་བརྗོད་མེད་སྟབས། སྔོན་མའི་དངུལ་གྲོན་ལས་འདང་ངེས་ལ་མཐོང་སྟེ་གཅོག་ཆ་ཞུས་ཡོད།

ང་ཚོས་གཅོག་ཆ་ག་རེ་གནང་ནའང་། གཅོག་ཆ་མ་བྱས་གོང་འབྲེལ་ཡོད་ལྷན་ཁང་གི་རྩིས་པ་སྐད་བཏང་སྟེ། ཁྱེད་ཚོའི་རྩིས་ཁྲའི་ནང་དུ་སྔོན་མ་དངུལ་འདི་ལྟ་བུ་ཞིག་ཕྱིན་འདུག ད་རེབ་སྔོན་རྩིས་འདི་འདྲ་ཞིག་འདུག དེ་རྒྱུ་མཚན་གང་དང་གང་ལ་བརྟེན་ཏེ་བྱུང་བ་རེད་ཅེས་སྐད་ཆ་འདྲི་བཞིན་ཡོད། དེ་ལ་ཁོང་ཚོས་འདོད་བློ་ཁེངས་པའི་ལན་འདེབས་ཤིག་ཡོད་ན། དེ་ལ་དཔག་པའི་དགོངས་པ་བཞེས་ཀྱི་ཡོད། གཙོ་བོ་རྒྱུན་གྲོན་ཡིན་ན་ངོ་སོང་ག་ཚོད་ཕྱིན་ཡོད་མེད་ལ་བལྟ་ས་ཡོད། ལོ་སྔོན་མར་དངུལ་ག་ཚོད་ཕྱིན་ཡོད་མེད་ལའང་ལྟ་ཆོག་ཆོག་ཡོད། རྒྱུ་མཚན་རྒྱབ་ལྗོངས་མང་པོ་ཞིག་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་སྟབས། ང་ཚོས་གཅོག་ཆ་བྱས་རིགས་ཀྱིས་ལྷན་ཁང་ཁག་གི་ཕྱག་ལས་གནང་སྟངས་ལ་འགྱུར་བ་གང་ཡང་འགྲོ་བ་མ་རེད། ཅེས་གསུངས།

ཡང་སྤྱི་འཐུས་རྒྱུས་ལས་ཀྱིས་ལྷན་ཁང་ཁག་ལ་ཕུལ་བའི་ཡིག་ཆའི་ནང་། མ་འོངས་པར་ཐུགས་སྣང་གནང་དགོས་པ་ཁག་ཅིག་འཁོད་ཡོད་པ་ལས། དབུས་སྣེ་ལེན་ཁང་གསར་རྒྱག་གི་ཨར་ལས་འགྲོ་གྲོན་དངུལ་འབོར་དེ་དབུས་སྣེ་ལེན་ཁང་དང་། ཤེས་རིག་ལས་ཁུངས་གཉིས་ཀའི་ཟུར་བཀོལ་ནང་གསལ་ཡོད་སྟབས། མ་འོངས་པར་དེ་རིགས་མ་ཡོང་བའི་དམ་དོན་གནང་གལ་ཞེས་དང་། མངོན་དགའ་སློབ་གྲྭའི་ཟུར་བཀོལ་ནང་གི་འབབ་གྲོན་གཞན་༼ ༨ ༽ པ་བཟོ་བཅོས་དང་། ཉམས་བཟོའི་ཆེད་ཧིན་སྒོར་ ༨༠༠༠༠།༠༠ བཀའ་འཁྲོལ་ཞུས་འདུག་ཀྱང་། ཧིན་སྒོར་ ༡༩༦༩༩།༠༠ འགྲོ་སོང་སྔོན་ལ་བཏང་སྟེ། བཀའ་འཁྲོལ་རྗེས་ནས་ཞུས་ཏེ་སྒྲིག་འགལ་བྱུང་ཡོད་སྐོར་བཅས་ཀྱང་བཀོད་འདུག  

གསར་འགོད་པ། ཨ་རིག་འགྱུར་མེད།

 

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

སྐར་མ ༣༨ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

སྐར་མ ༤༣ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༢༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

༢༠༢༦/༠༨/༣༡

མཆན། 2

  1. རྩོམ་སྒྲིག་པ། says:
    ལོ་ 16 སྔོན།

    དྲ་གྲོགས་བདེ་ཁང་ལགས། ཡི་གེ་ཐོག་བཀོད་པའི་གྲངས་ཀ་ནི་སྤྱི་ཙམ་ལས་གྲངས་གནས་ཆུང་ངུ་དག་བཀོད་མེད། གཞི་འཛིན་ས་གཙོ་བོ་ཨང་ཀི་ལ་གཞི་བཅོལ་དགོས།

    Reply
  2. བདེ་ཁང་སྲས་ says:
    ལོ་ 16 སྔོན།

    ཡི་གེའི་ཐོག་བཀོད་པའི་གྲངས་ཀ་དང་ཨང་གྲངས་གཉིས་ལ་ཁྱད་པར་ཆེན་པོ་འདུག གྲངས་འབོར་རེ་རེ་བཞིན་ཨང་ཀི་ནས་མཚོན་ཕྱིར་ཡིག་བསྡུས་བྱས་པ་ཞིག་རེད་དམ་ཡང་ན་དེ་གཉིས་ལོགས་སུ་གོ་དགོས་པ་རེད། ༼ཡིག་གྲངས་ལ་གཞི་འཇོག་དགོས་པ་རེད་ཡང་ན་ཨང་གྲངས་ལ་གཞི་འཛིན་དགོས་རེད།༽ འདི་ནི་ལོ་འཁོར་མོ་ཞིག་གི་གཞུང་དངུལ་སྔོན་རྩིས་ཡིན་པས་མང་ཚོགས་སུ་གོ་བརྡ་སྤྲོད་ཆེད་གྲངས་ཀ་མ་ནོར་བཀོད་ཐུབ་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese