མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངེས་གཏན་མེད་པའི་མི་ཚེ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

གླུ་བ་ཨ་མཆོག་མགོན་པོ་དོན་འགྲུབ་ལགས་ཀྱིས་སྒྲིག་སྦྱོར་དང་ཕབ་བསྐྲུན་བྱས་པའི་༼ ངེས་གཏན་མེད་པའི་མི་ཚེ ༽ཞེས་པའི་གློག་བརྙན་དེ་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཁེ་ན་ཌའི་ཁྲོ་རོན་ཁྲོ་སློབ་གྲྭ་ཆེན་མོ་ SESE/OISE University of Toronto སློབ་གསོ་ཞིབ་འཇུག་སྡེ་ཚན་དུ་དངོས་སུ་དབུ་འབྱེད་ཞུ་རྒྱུ་ཡིན་འདུག  རིང་ཚད་ཆུ་ཚོད་ ༡ དང་སྐར་མ་ ༢༠ ཙམ་གྱི་གློག་བརྙན་འདིའི་ནང་བོད་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཉིན་རེའི་འཚོ་བ་སྐྱེལ་སྟངས་བརྒྱུད་དེ། བོད་པའི་ཁྱིམ་ཚང་ཞིག་ལ་བདེ་སྐྱིད་ག་ཚོད་ཅིག་ཡོད་པ་དང་། དཀའ་སྡུག་ག་ཚོད་ཅིག་མྱོང་གི་ཡོད་པ་སོགས་བཟང་ངན་གཉིས་ཀྱི་ཆ་མང་པོ་ཞིག་གསལ་བོར་བསྟན་ཡོད་ལ། གློག་བརྙན་འདིའི་དམིགས་ཡུལ་གཙོ་བོ་ཡང་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ཤེས་ཡོན། འཇོན་ཐང་། ཡ་རབས་སྤྱོད་བཟང་། མཛའ་སེམས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་འཛམ་གླིང་མི་མང་ལ་སྟོན་ཆེད་དང་། བོད་མིའི་ཡོན་ཏན་དེ་དག་ལ་དེང་རབས་ཀྱི་གྲོང་ཁྱེར་ཅན་དང་། ནུབ་ཕྱོགས་ཀྱི་རྣམ་པ་འདི་དག་གིས་ཕོག་ཐུག་དང་གཏོར་བརླག་ཐེབས་ཀྱི་ཡོད་པ་དང་། ལྷག་པར་དུ་ནང་སེམས་ཀྱི་སྟེང་ལ་གནོན་ཤུགས་དང་བརྡབ་གསིག་ག་ཚོད་ཡོང་གི་ཡོད་པ་སོགས་མཚོན་པར་བྱས་ཡོད་འདུག  

 

༼ ངེས་གཏན་མེད་པའི་མི་ཚེ ༽ ཞེས་པའི་གློག་བརྙན་འདིའི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། བརྙན་ལེན་པ་དང་སྒྲིག་སྦྱོར་བ་ཚང་མ་ཨ་མཆོག་མགོན་པོ་དོན་འགྲུབ་ཁོང་རང་ཉིད་ཡིན་པ་དང་། དེ་ནི་ཁོ་བོས་ལོ་བཞིའི་རིང་ཁེ་ན་ཌར་གློག་བརྙན་ཆེད་སྦྱོང་བྱས་པའི་གྲུབ་འབྲས་ལ་ཚོད་ལྟའི་ཚུལ་དུ་བཟོས་པ་ཞིག་ཡིན་ཞིང་། གློག་བརྙན་འདིའི་འཁྲབ་སྟོན་ལས་རོགས་སུ་བོད་གཞུང་ཟློས་གར་ཚོགས་པའི་བསོད་ནམས་ཕུན་ཚོགས་དང་བསམ་གཏན། ནོར་གླིང་མཐོ་སློབ་ཀྱི་ཉམས་ཞིབ་པ་མེ་འོད་བཅས་དང་། འཁྲབ་སྟོན་པ་བོད་གཞུང་ཟློས་གར་ཚོགས་པའི་བསོད་ནམས་ཕུན་ཚོགས་དང་ཚུལ་ཁྲིམས་སྒྲོལ་མ། བསམ་གཏན། བསྟན་འཛིན་བུ་འབུམ། བསྟན་འཛིན་སྒྲོན་སེལ་བཅས་ཡིན་འདུག

གསར་འགོད་པ། དོན་གོ 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༤ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༦ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 8

  1. དགེ་ལེགས། says:
    ལོ་ 15 སྔོན།

    ཚིག་དོན་དང་དག་ཆ་སོགས་རྩོམ་པ་པོ་རང་ཉིད་ལ་དབང་བས་དེ་རང་སོར་བཞག་ན་ལེགས་སྙམ།

    Reply
  2. བཙན་པོའི་བུ། says:
    ལོ་ 15 སྔོན།

    བཀུར་འོས་རྩོམ་བསྒྲིགས་པ་ལགས། ནན་གྱིས་ཞུ་རྒྱུར། སྐུ་ཞབས་མགོན་པོ་ལགས་ཀྱིས་བྲིས་པའི་<<ངེས་གཏན་མེད་པའི་མི་ཚེ་>>ཞེས་པ་དེར་ཁྱེད་ཀྱིས་<<ངེས་བརྟན་མེད་པའི་མི་ཚེ་>>ཞེས་བཅོས་འདུག རྩོམ་པ་པོ་ཁོ་རང་ལ་མཚོན་ན་མིང་དེ་ལྟར་འདོགས་དགོས་པར་རྒྱུ་མཚན་ཡོད་ལ། གལ་ཏེ་དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་སོགས་སུ་མིང་འདོགས་སྟངས་དེ་ལྟ་བུ་ཞིག་མི་གསལ་ན་ཡང་། མིང་འདོགས་སྟངས་སོགས་ཡོད་ཚད་ཚིག་མཛོད་དུ་གསལ་དགོས་པའི་མ་ཁྱབ། མདོར་ན་གནས་ཚུལ་འདི་རིགས་དྲ་ཐོག་ཏུ་འགོད་མིན་ཁྱེད་རྩོམ་བསྒྲིགས་པ་དག་རགས་ལས་མོད། ཚིག་ལ་འགྱུར་བ་གཏོང་ཆོག་ཡིན་རྩོམ་པ་པོ་དང་ཞུ་དག་པ་བཅས་ལ་རགས་ལས་ཡོད། དེ་ལྟར་ན། གོང་གི་ནོར་བཅོས་བྱས་པ་དེ་མ་ཕྱི་རང་སོར་འཇོག་རོགས་ཞེས་ཞུ་དགོས་བྱུང་།

    Reply
  3. རྩོམ་སྒྲིག་པ། says:
    ལོ་ 15 སྔོན།

    དྲ་གྲོགས་མིག་གསུམ་པ་ལགས་ཀྱིས་གོང་གི་གསར་འགྱུར་ནང་གི་ ༼ མཐོན་སློབ ༽ ཞེས་པར་ནོར་བཅོས་བཏང་བར་ཐུགས་རྗེ་ཆེ། འོན་ཀྱང་། གོང་གི་གློག་བརྙན་དེའི་རྒྱབ་ཤོང་ངོས་ཀྱི་ཁ་བྱང་ལ་ ༼ ངེས་གཏན་མེད་པའི་མི་ཚེ ༽ ཞེས་བཀོད་འདུག་མོད། དག་ཡིག་གསར་བསྒྲིགས་སོགས་ལག་སྣེར་ཡོད་པའི་ཚིག་མཛོད་དང་མིང་མཛོད་དག་ཏུ་གསལ་ཁ་མི་འདུག་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་། ” ངེས་བརྟན ” ངེས་པ་བརྟན་པོ། ཡོང་རྒྱུ་ངེས་བརྟན་ཡིན། ཞེས་བཀོད་འདུག་ལ། སྨོན་ལམ་གློག་རྡུལ་ཚིག་མཛོད་ནང་དུ་ཡང་། ” ངེས་བརྟན ” ངེས་པ་བརྟན་པོ་ཡོང་རྒྱུ་ངེས་བརྟན་ཡིན། ཞེས་གཅིག་མཚུངས་ཀྱི་བཀོད་འདུག

    Reply
  4. མིག་གསུམ་པ། says:
    ལོ་ 15 སྔོན།

    ༼ངེས་བརྟན་མེད་པའི་མི་ཚེ༽དང་། ༼ནོར་གླིང་མཐོན་སློབ༽་འདི་གཉིས་ཀ་རྨས་སྐྱོན་ཕོག་ནས་ཁྲག་དམར་འཛར་འཛར་བྱེད་བཞིན་འདུག ཨེམ་རྗེ་ཕེབས་ནས་སྨན་བཅོས་བྱེད་རོགས་གནོངས།

    Reply
  5. རང་རྟོན། says:
    ལོ་ 15 སྔོན།

    ངོ་མ་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་པས།བོད་པ་མི་རེ་ངོ་རེ་ནས་འགན་ཁུར་བའི་རྟགས་ཤིག་རེད།དགའ་ནས་ཡོད།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གློག་བརྙན་དེ་མ་མཐོང་གོངནས་དེའི་ཁྱད་ཆོས་དང་མི་རིགས་ཀྱི་ལུགས་སྲོལ་བཟང་པོ་སོགས་དོན་དམ་དུ་བསྟན་ཡོད་མེད་ཁ་ཚོན་གཅོད་དཀའ་ཡང་།
    གློག་བརྙན་དེར་ལྟ་འདོད་ཤིན་ཏུ་ཆེ། འོན་ཀྱང་དེ་ཇི་ལྟར་རག་མིན་དང་དེའི་གོང་ཚད་སོགས་མཁྱེན་མཁན་ཡོད་ན་གསལ་བོ་རེ་གསུངས་རོགས།
    རེ་བ་ཞིག་ལ་་་་དེའི་གོང་ཚད་གནམ་ལ་མི་ཤོང་བ་ཞིག་མིན་པར་མི་སེར་དཀྱུས་མ་ང་ལྟ་བུ་ཚུན་ནས་ཉོ་ཐུབ་པའི་སྐྱབས་འཇུག་ཞུ་བཞིན་ཡོད།

    Reply
  7. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    ཨ་གཙང་ལགས་དེང་སང་གང་ན་ཡོད་མཛད་སྒོ་འདི་ལ་ཆིབས་བཞུགས་སྐྱོང་ཐུབ་པ་དགའ་ནས་ཡོད།
    ངོ་མ་གློག་བརྙན་འཁྲམ་སྟོན་ཕུལ་བ་ཡག་པོ་རེད། ཁོང་ཚོ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  8. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    འོ་ད་ངོ་འདི་འདྲ་རེ་བཏོན་ཐུབ་ན་བོད་མི་རིགས་གང་འདྲ་ཡིན་ལས་སླ་བོ་ར་སྤྲོད་བྱེད་ཐུབ་རྒྱ་རེད། དེ་ངོ་མ་ཡག་པོ་འདུག འདི་དབུ་འབྱེད་སྟོན་རེ་བྱེད་ཀྱིན་ཡོད་ན་ང་འགྲོ་དགོས། ཧ་ཧ་ཁ་དྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese