མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་ལིག་ཞོ་པོ་ལ་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ ༢༡ འཁོར་བར་རྗེས་དྲན་དང་། ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིག་ཞོ་པོ་ལ་ཐོབ་པར་བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་ཞུས་ཡོད།

དེ་རིང་འཛམ་གླིང་མི་མང་གིས་དེ་རིང་གི་ཉིན་མོ་འདི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་ཞིག་ཏུ་སྲུང་གཙི་བྱེད་ཀྱིན་ཡོད་པ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱིས་དེ་རིང་གི་ཉིན་མོ་འདི་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ཧྲིལ་བོ་ ༢༡ འཁོར་བའི་དུས་དྲན་དུ་སྲུང་གཙི་བྱེད་ཀྱིན་ཡོད། ལྷག་པར་དུ། དེ་རིང་གི་ཉིན་མོ་འདི་རྒྱ་ནག་གི་མི་མང་ལ་མཚོན་ན་འཛམ་གླིང་ནང་མཚན་སྙན་འབར་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འདི་བཞིན། རྒྱ་ནག་རང་གི་མི་རིགས་ཤིག་དང་མང་གཙོ་དོན་དོན་གཉེར་བའི་རླབས་ཆེན་གྱི་མི་སྣ་སྟེ། སྐུ་ཞབས་ལིག་ཞོ་པོ་ལ་ཐོབ་པར་ཆེས་ཐོག་མའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོར་འཁེལ་ཡོད།

དེ་རིང་ཞོགས་པར་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་ཞབས་ལས་བྱེད། གྲྭ་བཙུན་དང་སློབ་ཕྲུག མང་ཚོགས་བཅས་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་སྟེ་མི་ལོ་ ༢༡ འཁོར་བའི་དུས་དྲན་མཛད་སྒོ་སྲུང་གཙི་གནང་ཡོད་ལ། ཉིན་དེར་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དོན་གྲུབ་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་བའི་ནང་། ཕྱི་ལོ་ ༡༩༨༩ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་ཕུལ་བ་དེས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་བ་དང་ཆབས་ཅིག བོད་ཀྱི་བདེན་པའི་གནད་དོན་ལ་རྒྱལ་སྤྱིའི་ནང་གོ་རྟོགས་དང་དོ་སྣང་ཇེ་ཆེར་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་ནི་འཚེ་བ་མེད་པའི་ཐབས་ཇུས་ལ་ཡིད་ཆེས་སྤེལ་བའི་སྐུལ་འདེད་དང་བོད་མིའི་བདེན་དོན་ངོས་འཛིན་གྱི་མཚོན་རྟགས་རྨད་དུ་བྱུང་བ་ཞིག་ཏུ་གྱུར་བ་ཡིན་པས། ང་ཚོས་དགའ་གུས་ངང་རྗེས་དྲན་ཞུ་བ་དང་བསྟུན། གོ་སྐབས་འདི་བརྒྱུད་གཞིས་བྱེས་བོད་མི་ཚང་མས་ལྷག་བསམ་རྣམ་དག་གིས་འཚེ་མེད་ཞི་བའི་ལམ་ལ་རྒྱུ་མཚན་ཤེས་པའི་ངེད་པ་རྙེད་ཐོག ཡིད་ཆེས་དང་དམ་བཅའ་བསྐྱར་ནན་ཞིག་འཇོག་ཐུབ་ན་དུས་དྲན་སྲུང་གཙི་ཚད་ལྡན་ཞིང་ཡོང་རྒྱུ་ཡིན་ཞེས་དང་།

 

ཡང་། ད་རེས་ང་ཚོས་དགའ་སྤོབས་བྱ་འོས་པའི་གནད་དོན་ཞིག་ནི། འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ད་ལྟ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་མང་གཙོ་དང་རང་དབང་དོན་གཉེར་བ་སྐུ་ཞབས་ལིག་ཞོ་པོ་ལ་ཕུལ་བ་དེ་ཡིན་སྟབས། གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་ཁོང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་མ་བསྒུར་བར་རང་དབང་གི་སྒོ་ནས་དྲང་བདེན་གྱི་ཐག་གཅོད་གནང་བར་བསྔགས་བརྗོད་ཞུ་རྒྱུ། དེ་བཞིན་སྐུ་ཞབས་ལིག་ཞོ་པོ་བཙོན་གྲོལ་ཐོབ་མེད་པར་མ་ཟད། ཁོང་གི་སྐུ་ཟླ་ཡང་དོ་དམ་གྱི་འོག་ཏུ་བཞག་ཡོད་པ་སོགས་རྒྱ་ནག་དབང་འཛིན་པའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ལ་བློ་ཕམ་དང་བཅས་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་ཡིན། ཞེས་དང་།

རྒྱ་ནག་གི་སྐད་གཉིས་སློབ་གསོའི་སྲིད་ཇུས་གསར་བའི་སྐོར་གསལ་དོན། ཉེ་བའི་ཆར་བོད་ཀྱི་ས་ཁུལ་མང་བོར་རྒྱ་གཞུང་གི་དབང་འཛིན་པས་སློབ་གྲྭ་ཁག་ཏུ་སློབ་སྦྱོང་གི་སྐད་ཡིག་བོད་སྐད་ཀྱི་ཚབ་ཏུ་རྒྱ་སྐད་འཇོག་དགོས་པའི་བསྒྲགས་གཏམ་སྤེལ་བ་ནི། བོད་མིའི་ཐུན་མིན་གྱི་ངོས་འཛིན་རྩ་བརླག་གཏོང་རྒྱུའི་གཞི་རྒྱ་ཆེ་བའི་ངན་ཇུས་ཤིག་ཡིན་པ་དང་། དེ་ནི་མར་ཁེ་སི་དང་ལེ་ཉིན། མའོ་སོགས་ཀྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་ལྟ་གྲུབ་དང་ཡོངས་སུ་འགལ་བ་མ་ཟད། མི་རིགས་ཀྱི་ལེགས་བྱང་སྡེབ་གསོད་བྱེད་པའི་ཐབས་ཇུས་ནུས་ཤུགས་ཆེ་ལ་མངོན་གསལ་དོད་པ་ཞིག་ཡིན་པ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་དང་། སྐྱོན་བརྗོད་ནན་པོ་བྱེད་རྒྱུ་ཡིན། དེ་བཞིན་བོད་ཀྱི་ས་ཁུལ་མང་བོར་རང་སྐད་སྲུང་སྐྱོབ་སླད་ཞི་འཇམ་ཁྲིམས་མཐུན་གྱི་སྒོ་ནས་མངོན་འདོད་རེ་སྐུལ་གནང་བཞིན་པའི་དགེ་རྒན་དང་སློབ་ཕྲུག མང་ཚོགས་བཅས་ལ་བྱེས་འབྱོར་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་འཁོད་འདུག  

 

ཡང་གསུང་འཕྲིན་དེའི་ནང་༧གོང་ས་མཆོག་ལ་བགྲེས་ཡོལ་དུ་ཕེབས་འདུན་ཡོད་སྐོར་ནམ་ཡང་མི་གསུང་རྒྱུའི་གསོལ་འདེབས་ཞུས་དོན། ད་རེས་ཀྱི་གོ་སྐབས་འདི་བཟུང་སྟེ། བཀའ་ཤག་ཐུན་མོང་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་༧གོང་ས་མཆོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྔར་བཞིན་རྒྱུན་འཁྱོངས་གནང་རྒྱུ་ལས་བགྲེས་ཡོལ་དང་། ཕྱེད་བགྲེས་ཡོལ་སོགས་ཀྱི་དགོངས་བཞེས་དང་། བཀའ་གསུང་རིགས་ནམ་ཡང་མི་ཡོང་བ་ཞེས་སྙིང་ཁུངས་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་ཆབས་ཅིག མང་ཚོགས་ལའང་སྤྱི་མཐུན་བསོད་ནམས་གོང་མཐོར་སྤེལ་ཐབས་དང་། བོད་མིའི་བཟང་སྤྱོད་ཉམས་མེད་རྒྱུན་འཛིན་གྱི་སྒོ་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བ་ཞིག་ངེས་པར་གནང་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་བསྟན་འདུག  

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་བའི་ནང་། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེགས་རྟགས་ཕལ་ཏེ་མི་ལོ་ཧྲིལ་བོ་ ༢༡ འཁོར་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། ཁོང་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང་། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་མཛད་པར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུས་པ་དང་། ཁོང་བགྲེས་ཡོལ་དུ་ཕེབས་འདུན་ཡོད་སྐོར་བཀའ་སློབ་བསྩལ་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན། དེ་འདྲའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། ཞེས་བཀོད་འདུག  

 

ཡང་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་དུའང་ཐེངས་འདིར་སྐུ་ཞབས་ལིག་ཞོ་པོ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ནི། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཕྱེས་པ་མཚོན་སྟབས། སྐུ་ཞབས་ལིག་ཞོ་པོ་ལགས་གཙོས་ཞི་བདེར་དགའ་བའི་རྒྱ་ནག་རྒྱ་ཆེའི་མི་མང་རྣམ་པར་དགའ་བསུ་དང་བཅས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པར་མ་ཟད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སན་ས་ཀེ་མཆོག་འབར་མའི་གཞུང་གིས་ཉེ་སྔོན་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་བཏང་བར་དགའ་བསུ་ཞུས་ཡོད།

གསུང་འཕྲིན་ནང་མུ་མཐུད་བཀོད་དོན། ཉེ་ཆར་རྒྱ་ནག་དབུས་ས་གཉིས་ཀྱི་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་དམ་དྲག་ཆེ་རུ་བཏང་བའི་སྲིད་ཇུས་གཏན་འབེབས་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། བྱེ་བྲག་རྒྱ་ནག་མགོ་ཁྲིད་ཚོས་རང་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཅས་ལ་མངོན་སུམ་འཛེམ་མེད་ཀྱིས་རྡོག་རོལ་བཏང་བ་ཞིག་ཡིན་པ་དང་། ད་དུང་རྒྱ་ནག་ཆོས་ལུགས་ལས་དོན་ལྷན་ཁང་གིས་གཏན་ལ་ཕབ་པ་ཟེར་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་དོ་དམ་བྱེད་ཐབས་སྐོར་གྱི་ཡིག་ཨང་ ༨ གཏན་འབེབས་བྱས་པ་ནི། རྒྱ་ནག་ཆོས་མེད་སྲིད་གཞུང་གིས་བཀོད་ཇུས་ཚོད་འཛིན་འོག ཆོས་ལུགས་ལ་དམ་བསྒྲགས་བྱ་ཐབས་ཤིག་ཡིན་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡིག་ཆ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པའི་ནན་བཤད་བྱ་རྒྱུ་ཡིན། ཞེས་སོགས་བཀོད་འདུག  

ཉིན་དེར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་དཔར་སྐྲུན་གནང་བའི་༧གོང་ས་མཆོག་གིས་ ༡༩༧༨ ནས་ ༢༠༡༠ བར་དུ་དོལ་རྒྱལ་སྐོར་ལ་ལམ་སྟོན་བཀའ་སློབ་ཕྱོགས་བསྒྲིགས་དེབ་ཕྲང་གཉིས་དང་། ཐར་ལམ་གསལ་བའི་སྒྲོན་མེ། ལམ་སྟོན་བཀའ་སློབ་ཕྱོགས་བསྡུས་ཞེས་པ་སོགས་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་ཡོད་ལ། མཛད་སྒོའི་སྟེང་ཐང་སྟོང་གླུ་གར་ཚོགས་པ་དང་གྷོ་པལ་པུར་བོད་ཁྱིམ། ཡོངས་གླིང་སྔོན་འགྲོ་སློབ་གྲྭ། ངྷ་སྟེང་བོད་ཁྱིམ་དང་གངས་སྐྱིད་ཉིན་སློབ་སོགས་སློབ་གྲྭ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་ཡང་གནང་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 8

  1. ཤག་སྒང་པ། says:
    ལོ་ 15 སྔོན།

    སྐུ་ཚག་ལིག་ཞོ་པོ་མཆོག་ལ་བཀྲིས་བདེ་ལེགས། ཐེདས་འདིའི་བོ་བྷེལ་གཟེངས་རྟགས་བཞེས་མཁན་གྱི་སྐྱེས་་བུ་དམ་པ་མཛད་སྒོར་མ་བཏང་པར་ནོ་བྷེལ་ཞབས་བཏེག་ཏུ་རྟགས་མ་བཞག་ནས་མཛད་སྒོ་བྱེད་དགོས་བྱུང་བ་ནི། འཛམ་གླིང་མི་མང་མདུན།་རྒྱ་ནག་གི་ཀུན་སྤྱོད་ཀྱི་རང་མདངས་མངོན་སུམ་གྱི་ཞབས་འདྲེན་ཆེ་ཤོས་དེ་ཞུས་པ་རེད།

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    བཀའ་སྤྱི་གཉིས་ནས་ལུག་ཞའོ་པོ་ལགས་ལ་འཚམས་འདྲི་ཞུས་པ་ཡག་པོ་རེད། ཡིན་ནའང་། ངས་ལུག་ཞའོ་པོ་དང་གཅིག་མཚུངས་ཀྱི་བོད་མི་ཞིག་རྙེད་སོང་ལ། དེ་ནི༼གནམ་ས་གོ་འབྱེད༽རྩོམ་མཁན་ཨ་མདོ་བ་བཀྲ་རྒྱལ་ལགས་རེད། ཁོང་ལ་བཀྲ་ཤིས་བདེ་ལེགས་ཅིའི་ཕྱིར་ཞུ་གི་མེད་པ་ཡིན་ནམ། ཡང་ཅིག་བཤད་ན། ཨ་མདོ་བ་ཚོས་དངོས་གནས་དྲང་གནས་དོན་དག་འདི་ལ་སྐད་ཆ་འདྲི་འོས་པ་ཞིག་ཆགས་འདུག དེ་ནི་ནང་འཁྲུག་ལས་བརྒལ་བའི་སྤྱི་དོན་ཞིག་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  3. Karma Namgyal says:
    ལོ་ 15 སྔོན།

    གོང་ས་༧་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག

    Reply
  4. ཨ་རོགས says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟངས་རྟགས་བཞེས་ནས་མི་ལོ་༢༡འཁོར་བར་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    དེ་དང་ཕྱོགས་མཚུངས་རྒྱ་རིགས་མང་གཙོ་དོན་གཉེར་བ་བློ་མཐུན་ལིག་ཞའོ་པོ་ལའང་སེམས་ཁོངས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  5. གཟི་མིག་༣པ says:
    ལོ་ 15 སྔོན།

    བརྩེ་བའི་དུས་བབ་ཀྱི་ཚོགས་མི་ཚོ་བསལ་བསྒྲགས་ཀྱི་སྒོ་བྱང་གི་དག་ཆ་འདི་རྒྱ་སྐད་སྒྲ་ཐོག་ཡིན་ན་འདི་འདྲ་ཡིན་ནམ་དུས་བབ་ནང་ལ་ལས་བྱེད་རྒྱ་སྐད་གནས་ཚད་ཡག་པོ་ཡོད་མཁན་མང་པོ་ཡོང་བ་ཡོད་།
    ལིའུ་ཞོའོ་པང་བོད་སྐད་ཐོག་དད་བསྒྱུར་བྱས་ན་འདི་ལྟར་མ་རེད་པས་།
    ལིག་ཞོ་པོ་བོད་སྐད་ཡིན་ནམ་རྒྱ་སྐད་ཡིན་།

    Reply
  6. སངས་རྒྱས་རྡོ་རྗེ། says:
    ལོ་ 15 སྔོན།

    གོང་ས་༧་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག
    ང་ཚོ་བོད་མི་ས་ཡ་དྲུག་ལ་སྤྱི་མཐུན་གྱི་བསོད་ནམས་ལས་བྱུང་བས་བྱང་ཆུབ་སེམས་དཔའ་ཆེན་པོ་མཆོག་ཁོང་ངོ་མ་ཁྱད་ཆོས་འདྲན་ཟླ་དང་བྲལ་བ་ཞིག་རེད་ཡ།

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ༧གོང་ས་ཡིད་བཞིན་ནོར་བུ་མཆོག་གི་ནོར་ཝེལ་ཞི་བདེ་གཟེངས་རྟགས་བཞེས་གནང་མཛད་པའི་དུས་དྲན་འདི་དང་སྟབས་བསྟུན་ནས་དགོན་པོ་གོང་ཉིད་ཀྱིས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་མཁའ་ལྟར་རྒྱས་པ་དང་། གངས་ཅན་པའི་ཕ་མ་མིང་སྲིང་རྣམས་གཞིས་བྱེས་མྱུར་འཛོམས་ཡོང་བ་སོགས་ཀྱི་ཆེད་དུ་གུས་པས་འཚམས་འདྲི་ཡོད།
    བཀྲ་ཤིས་བདེ་ལེགས།

    Reply
  8. འདྲེ་རྣམ་རྒྱལ། says:
    ལོ་ 15 སྔོན།

    རང་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པ་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅན་མཁྱེན་པ་མཆོག་གི་ནོ་བྷེལ་ཞི་བདེའི་གཟངས་རྟགས་བཞེས་ནས་མི་ལོ་༢༡འཁོར་བར་སྒོ་གསུམ་གུས་པས་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
    དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིག་ཞོ་པོ་མཆོག་ལ་ཡང་འཚམས་འདྲི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese