མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༡༠༠༠ ཁེ་ན་ཌར་ལེན་འཆར།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༡༢ ཉིན་ཁེ་ན་ཌར་གནས་སྡོད་བསོད་ནམས་འོད་ཟེར་ལགས་ཀྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཁེ་ན་ཌ་ཊོ་རོན་ཊོ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་འཐུན་ཚོགས་པའི་གོ་སྒྲོག་འོག ༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ཧྲིལ་བོ་ ༢༡ འཁོར་བའི་དུས་དྲན་སྲུང་གཙི་བྱས་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོར་ཁེ་ན་ཌའི་ཕྱི་མི་གཞིས་སྤོར་ལྷན་ཁང་གི་བློན་ཆེན་མཆོག་ཆེད་ཕེབས་གནང་སྟེ། ༧གོང་ས་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད་མཛད་པ་དང་སྦྲགས། ལོ་གསར་བའི་ནང་དུ་བོད་མི་ཆིག་སྟོང་ཙམ་ཁེ་ན་ཌའི་ནང་སྐྱབས་བཅོལ་དུ་ལེན་རྒྱུར་དབུས་གཞུང་ནས་ཆོག་མཆན་བཀའ་འཁྲོལ་ཐོབ་ཟིན་པའི་ཁྱབ་བསྒྲགས་གནང་སོང་ཟེར།

བསོད་ནམས་འོད་ཟེར་གྱིས། སྤྱིར་བཏང་༧གོང་ས་མཆོག་གིས་ལོ་ཤས་སྔོན་ནས་བཟུང་ཁེ་ན་ཌའི་སྲིད་བློན་མཆོག་ལ་བོད་མི་རྣམས་སྐྱབས་བཅོལ་དུ་ལེན་རྒྱུའི་རེ་སྐུལ་གནང་ཡོད་པ་རེད་ལ། བོད་རིགས་སྤྱི་མཐུན་ཚོགས་པས་ཀྱང་ཁེ་ན་ཌའི་དབུས་གཞུང་ལ་ནན་བསྐུལ་ཐེངས་མང་ཞུས་ཡོད་པ་པ་ལྟར། ཐེངས་འདིར་དངོས་སུ་ཐག་གཅོད་བྱུང་སྟེ་ཁྱབ་བསྒྲགས་བྱས་པ་རེད་ཟེར།

ཡང་ཁོང་གིས་གནས་ཚུལ་དེ་དང་འབྲེལ་ཏེ་བརྗོད་དོན། ད་ལྟའི་ཆར་གྲོང་ཁྱེར་འདིའི་ནང་གཏན་སྡོད་བོད་མི་དྲུག་སྟོང་ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ལ། འབྱུང་འགྱུར་གྱི་ལོ་དྲུག་བདུན་ནང་བོད་མི་ཆིག་ཁྲི་ལས་བརྒལ་རྒྱུ་རེད། ང་ཚོའི་ས་ཁུལ་འདིར་བོད་རིགས་མང་པོ་ཡོད་སྟབས་དུས་རྒྱུན་གྱི་མཛད་སྒོ་རིགས་ཀྱི་སྟེང་ཧ་ཅང་འཁྲུགས་ཆ་དོད་པོ་ཡོད་ན་ཡང་། ཐེངས་འདིའི་༧གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོར་གནམ་གཤིས་གྲང་མོ་ཡིན་སྟབས་མི་མང་བོ་བསླེབས་མི་འདུག ཅེས་ངོ་སྤྲོད་གན་བྱུང་།  

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༦ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 19

  1. སྐྱ་མདའ། says:
    ལོ་ 15 སྔོན།

    ཡང་བསྐྱར་སྐུ་དྲག་ཚང་གི་ཉེ་འབྲེལ་ཡོངས་ལ་གོ་སྐབས་རག་པ་ཙམ་ལས། ཉམས་ཆུང་བོད་མི་དཀའ་ངལ་དངོས་ཡོད་མཁན་ཚོར་གོ་སྐབས་དེ་རིགས་སྤྲོད་མི་ཐུབ་པ་ཧ་གོ་གི

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    གཏམ་འདི་ཐོས་སྐབས་འཇིག་སྐྲག་ཞིག་སྐྱེས་སོང་། བོད་པ་ཚོ་འདི་ལྟར་ཕྱི་རྒྱལ་གྱི་སྤྱི་་ཚོགས་ཆེན་པོའི་ནང་སིམ་འགྲོ་རྒྱུ་ཡིན་པ་ཐག་གི་ཆོད།

    Reply
  3. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    བོད་མི་མིརེ་ངོ་རེ་སོ་སོའི་ཉིན་རེའི་འཚོ་བ་དེ་གཞན་རྟེན་སྲིན་འབུ་འདྲ་བྱེད་མ་དགོས་པར་སོ་སོའི་རྐང་པའི་སྒང་ཡར་ལངས་ཐུབ་རྒྱུ་དེ་ངའི་རེ་བ་ཆེ་ཤོས་ཡིན།

    Reply
  4. དམག་ལོག་ says:
    ལོ་ 15 སྔོན།

    བལ་རྒྱལ་གྱིས་བར་ཆད་བྱས་མེད་ན། ཆུ་སྒང་གི་བོད་མི་གཅིག་སྟོང་ཐམ་པ་ཡང་ཨ་རིའི་ནང་སླེབས་ཡོད་རྒྱུ་རེད། ཕངས་ང་ལ། ཕངས་ང་ལ།

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འགའ་ཞིག་གིས་རང་གི་མི་རིགས་འདིའི་རིགས་རྒྱུན་དང་རྩ་དོན་ལས་དེང་རབ་ཀྱི་ཡོ་བྱེད་ཀློག་ཀླད་སོགས་དང་ས་ཆ་གཡར་མ་ཞིག་ལ་ཁང་རྩེགས་རྫིག་པོ་རེ་རྒྱབ་མོ་ཊ་དང་ལག་འཁྱེར་ཁ་པར་རྫིག་ཐག་ཆོད་རེད་ཁྱེར་ནས་མི་ཡུལ་ནས་མགོ་བཅགས་ནས་འགྲོ་ན་འདོད་པ་ཙམ་ལས། རང་གི་བུ་ཕྲུག་ཚོའི་ལུས་ཐོག་ནས་བོད་དྲི་ཡལ་བཞིན་པ་དང་མཐའ་ན་རང་ཉིད་ཀྱང་ཕྱི་མིན་བོད་མིན་ཞིག་དུ་འགྱུར་བཞིན་ཡོད་པ་ཤེསཀྱིན་མེད་པ་འདྲ། ངོ་མ་སྙིང་རྗེ་པ་ཞིག་རེད་ རྐུབ་བཙུག་ས་ལག་མཐིལ་ཙམ་ཡང་མེད་པར་ད་དུང་རྐང་པ་བརྐྱང་ན་འདོད་པའི་མི་བུ་ཚོའི་རང་ཉིད་ཀྱི་གནས་བབས་ངོ་མ་དེ་མཁྱེན་ན་རེད།
    ཆང་རག་གི་མྱོས་ཟིན་པ་དག་ལ་རྒྱུ་མཚན་དང་གནས་ལུགས་བཤད་ས་མེད།
    དེར་བརྟན་དེང་རབ་གྱི་དངོས་པོ་སོགས་ཀྱི་ཆེད་དུ་རང་གི་རྩ་དོན་དོར་པ་དག་ཀྱང་དེ་བཞིན་རེད། ་མཐའ་དོན་་་་རྒྱ་གར་བ་དུང་ཕྱིར་མང་པོ་གནས་ཐུབ་སར་བོད་མི་ཚོ་ཅི་ཞིག་གི་མ་མཐུས་པ་རེད། དེ་ནི་རྩ་དོན་སྦད་དེ་དོར་ནས་རང་ཉིད་ཁོ་ནས་ཁེ་གྲགས་ལ་འདོད་རྔམ་ཆེ་གྲགས་པས་རེད།

    Reply
  6. གྲྭ་རྒོད says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་དང་བསམ་ཚུལ་ཡོད་པའི་བོད་སྤྱི་བའི་ཤེས་དགོས་པ་གཉིས་ཡོད།དང་པོ། མི་ལོ་ལྔ་བཅུ་འགྲོ་ཟིན་ཡང་ད་དུང་ང་ཚོའི་ནང་ཤེས་ཚུལ་བློ་ཁེལ་ཐུབ་པ་ཞིག་བརྒྱ་ཅུའི་གཅིག་ཟིན་མེད་པ་དེ་རྐྱེན་གང་ཡིན་དེ་ངོ་ཤེས་དགོས་པ་དེ་རེད།
    གཉིས་པ། ང་ཚོ་བཙན་བྱོལ་ནང་ཕྱིའི་རྒྱལ་ཁབ་ཁག་གི་ནང་བོད་མི་གཅིག་ཀྱང་འགྲོ་ཐུབ་མེད་པ་ཡིན་ན་ང་ཚོའི་འཆཽ་བ་ད་ལྟ་གང་འདྲ་ཞིག་ཡིན་ཀྱི་རེད་དེ་ངོ་ཤེས་དགོས་པ་དེ་རེད། མཐར་ཐུག་ན་གཞན་མི་ལས་རང་མའི་དགའ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་ཀྱི་འོག་ཏུ་ཉམ་ཆུང་ལ་ཐུབ་ཚོད་གཏོང་ས་མེད་ལ་མཐའ་ན་ཕ་མས་ཀྱང་ཕྲུ་གུ་ལ་རྡུང་མི་ཆོག་པ་འདི་ནི་དད་པ་བྱེད་དགོས་སའི་ཁྲིམས་ལུགས་ཤིག་ཡིན། དེང་རབས་ཀྱི་རྗེས་སུ་ལུས་པའི་བོད་ལྟ་བུ་ལ་མཚོན་ན་ན་ཚོད་མ་ཟིན་པའི་ཕྲུ་གུ་ཚོ་ལ་ལས་ཀ་བྱས་བཅུག་གི་ཡོད་ལ་རྫིའུ་བཏང་བ་ནི་གྲངས་ཀྱི་མི་ལངས།
    འགྲོ་བ་མིའི་ཐོབ་ཐང་ཞེས་ཁ་ནས་འབོད་ཞོར་ནང་དུ་བཟའ་མི་བུ་ཕྲུ་ཉམ་ཆུང་ཚོ་ལ་ཉེན་རྡུང་བཏང་བ་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀ་དང་མཐུན་གྱི་མེད་པས་ཁྱོད་རང་ཁ་བཙམ་ན་དགའ་ལེ་རེད། ཞབས་འདྲེན་ཞུ་མ་བསྡད།

    བོད་སྤྱི་པའི་དོན་དག་བཤད་པར་བློ་རྒྱ་དེ་ལས་ཆེ་ཙམ་དགོས་ལེ་རེད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མི་ཚང་མ་ལ་ལྟོ་གོས་ཡག་པོ་རག་དགོས་པ་ངའི་རེ་བ་ཡིན།
    བོད་མི་ཚང་མ་ལ་གློག་ཀླད་རེ་ཡོད་དགོས་པ་ངའི་རེ་བ་ཡིན།
    བོད་མི་ཚང་མ་ལ་ཤེས་ཡོན་ཡོད་དགོས་པ་ངའི་རེ་བ་ཡིན།
    བོད་མི་ཚང་མ་ལ་བདེ་སྐྱིད་ཡོད་དགོས་པ་ངའི་རེ་བ་ཡིན།
    བོད་མི་ཚང་མ་ལ་བོད་དོན་འཐབ་རྩོད་བྱེད་ཐུབ་པའི་ཆ་རྐྱེན་ཡོད་དགོས་པ་ངའི་རེ་བ་ཡིན།
    བོད་མི་ཚང་མས་གློག་ཀླད་རྒྱུད་ནས་བོད་མི་རིགས་ཀྱི་གསར་འགྱུར་ལྟ་ཐུབ་དགོས་པ་ངའི་རེ་བ་ཡིན།
    བོད་མི་ཚང་མས་དེང་རབས་ཀྱི་བརྡ་འཕྲིན་རྒྱུད་ནས་བོད་ཡིག་ཡར་རྒྱས་གཏོང་ཐུབ་དགོས་པ་ངའི་རེ་བ་ཡིན།
    བོད་ཚང་མ་ལ་དངུལ་གྱི་དཀའ་ངལ་མེད་པ་ཞིག་ཡོང་ཐུབ་དགོས་པ་ངའི་རེ་བ་ཆེ་ཤོས་ཡིན།

    འདི་ཚོ་ཚང་དགོས་པ་ལས་འདོད་ངོམས་ཆེ་དྲགས་པར་ག་ནས་ཡིན། རང་གི་མི་རིགས་ལ་བདེ་སྐྱིད་དགོས་ན་ཉུང་མཐའ་ཡང་འདི་ཚོ་ཚང་དགོས།
    འདོད་ངོམས་མིན། འདོད་ངོམས་མིན། འདོད་ངོམས་མིན། སྡུག་ཐུག་པའི་ཆ་རྐྱེན་ཡིན། ཐབས་ཟད་པའི་ངར་སྐད་ཡིན། ཁྱེད་ཀྱིས་ཀྱང་བོད་མི་ཉམ་ཐག་ཚོའི་ལྟོ་གོས་བསམ་གཞིགས་མ་བྱས་ན་ངས་ཀྱང་ཁྱོད་ལ་བརྩི་བཀུར་བྱ་ཐབས་བྲལ་སོང་།

    Reply
  9. མི་ says:
    ལོ་ 15 སྔོན།

    ༧་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ལག་གཉིས་ཐད་མོ་སྦྱར་ནས་ཞུ་གསོལ། བོད་མི་ཚང་ལ་གཏོར་ལུང་གཏོར་མ་བྱེད་རོགས། འདི་ལྟར་སཽང་ན་ཕྱིའི་་བོདམི་གཏོར་མཁན་དང་་ཁོ་ཚོའི་སྐད་ཡིག་མེད་པར་བཟོ་མཁན་གྱི་ནག་ཉེས་ཕོགས་སྲིད་པ་རེད།དེ་ལས་རྒྱ་བལ་འབྲུག་གསུམ་གྱི་ནང་གི་གཞིས་ཆགས་ཁག་ས་ཕྱོགས་གཅིག་ལ་གཅིག་སྒྲིལ་བྱེད་ཐུབ་ན་བོད་པའི་དཔལ་འབྱོར་དང་རིགས་གཞུང་སྲུང་སྐྱོབ་བྱེད་པ་དེ་ལས་ལྷག་ཅིག་མི་འདུག ཕྱི་རྒྱལ་ལ་བསླེབས་པའི་བོད་པ་བརྒྱ་ཆའི་བདུན་ཅུ་ལྷག་གིས་རང་བཙན་ལག་དེབ་ཀྱི་པྱ་ཁྲལ་སྤྲོད་གི་མེད་ལ། ཁོ་ཚོའི་བུ་ཕྲུག་ཚོའི་ནང་བོད་སྐད་གཙང་མ་བཤད་མཁན་བརྒྱ་ཆའི་ལྔ་ཡང་ཟིན་ཁག་པོ་ཡིན།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གླེན་བཤད་འདི་འདྲ་ཞིག་བཤད་ན་འདོད།། རང་གཞུང་ནས་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་ཕྱི་རྒྱལ་ལ་གཏོང་གང་ཐུབ་བྱེད་བཞིན་པ་དེ་བོད་སྤྱི་བའི་ད་ལྟའི་དུས་ལ་གཟིགས་ཀྱིན་ཡོད་པ་རེད་དམ། དེ་ལྟར་ཡིན་ན་བོད་སྤྱི་བའི་དོན་དེ་སྐྱབས་བཅོལ་བོད་མི། མི་རེ་ངོ་རེ་ནས་འཚོ་བའི་དཀའ་ངལ་སེལ་ཐུབ་པ་ཙམ་གྱི་བོད་སྤྱི་བའི་འདོད་དོན་འགྲུབ་སོང་བ་ཡིན་ནམ། དེ་ལྟར་མིན་པར་བོད་སྤྱི་དོན་དེ་རང་ས་ཤོར་ནས་སླར་ཕྱིར་ལོག་བྱེད་དགོས་པ་དེ་ཡིན་ན། བྱེད་ལུགས་འདི་དོན་མཐུན་དུ་མི་སེམས། རྒྱུ་མཚན་མང་དུ་ཡོད་ཀྱང་རང་དོན་གཙོར་བཟུང་དང་སྤྱི་དོན་ཁ་འཁྱེར་ཚོའི་ཉན་ན་མི་སྤྲོ་བས།སྨྲ་ན་མི་འདོད། འོན་ཀྱང་འདི་ལྟར་བཤད་ན་འདོད། ད་ལྟའི་ཕྱི་ཡུལ་ལ་གནས་བཞུགས་བྱས་པའི་ཕ་མ་རིགས་མི་གཅིག་པའི་བོད་ཕྲུག་ཚོ་དང་རིགས་གཅིག་ཀྱང་རྩམ་དྲི་མི་བྲོ་བའི་བོད་ཕྲག་་་་ད་དུང་རང་ཉིད་བོད་ཡིན་པའི་འདུ་ཤེས་ཙམ་ཡང་མེད་པ་དང་རང་ཉིད་བོད་ཡིན་པ་ལ་སྤམ་ཤོར་བའི་བོད་ཕྲག་དང་རང་གི་ཕ་མའི་འདུ་ཤེས་ཡལ་བ་མ་ཟད་ཕ་མ་ཚོའི་ཁ་རྡུང་དང་ལག་པ་ཅུང་ཙམ་རེ་བརྐྱང་བའི་ཉེར་ལེན་ལས་ཕ་མ་བཙོན་དུ་བཅུག་པ་དང་བཅུག་ལ་ཁད་སོགས་ཉིན་རེ་ནས་ཟླ་རེར་མང་དུ་འགྲོ་བཞིན་པ་འདི་ནི་ཕྱི་རྒྱལ་ལ་གཏོར་ཅི་ཐུབ་དང་འགྲོ་གང་ཐུབ་བྱས་པས་ཉེར་འབྲས་རེད། ད་འདི་ལྟར་སོང་ན་ང་ཚོ་སྟེ།་གདོང་དམར་བོད་མི་དེ།མི་ཐོག་གཅིག་མི་འགོར་བར་གདོང་ལེབ་དང་གདོང་སེར་གདོང་ནག་གསུམ་ལ་འགྱུར་རྒྱུ་ཡིན་པ་ཐག་ཆོད་པ་མ་རེད་དམ།
    རྒྱ་ནག་པོའི་ཡོད་དགུ་རྩལ་དུ་བཏོན་ནས་རྒྱ་རིགས་ཚོ་རང་རིགས་ནང་དུ་བསྲེ་གང་ཐུབ་བྱས་འབྲས་ནི། གདོང་ལེབ་ལེབ་དང་ཉྭ་སྤོམ་པོའི་བོད་རིགས་ཅིག་འཕེར་བཞིན་ཡོད། རང་གཞུང་གིས་ནུས་པ་ཡོད་དགུ་བཏོན་ནས་ཕྱི་ཡུལ་དུ་གཏོང་གང་ཐུབ་བྱས་འབྲས་ལ། གདོང་དང་སྐྲ་སེར་པོའི་རིགས་ཅིག་དང་གདོང་ནག་པོ་དངཁ་ཤ་འཐུག་པོ་སོ་དཀར་པོ་རྐང་ལག་རིང་པོའི་བོད་རིགས་གཉིས་འཕེར་བཞིན་ཡོད།
    འདི་ལྟར་ཆས་ན་བོད་སྤྱི་དོན་ལ་ཕན་གནོད་གང་བྱུང་གིན་ཡོད་པ་རེད།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་དམིགས་ཡུལ་གཙོ་བོ་བོད་མི་རྣམས་ལ་བདེ་སྐྱིད་ཐོབ་དགོས་པ་འདི་རེད། དེས་རྒྱུ་མཚན་གྱིས་ཁ་ན་ཊའི་སྲིད་བློན་མཆོག་ལ་བོད་མི་སྐྱབས་བཅོལ་ལེན་རོགས་ཞེས་རེ་བསྐུལ་བྱས་པ་ལུས་ཡིན།

    བཙན་བྱོལ་བོད་གཞུང་གི་མཆོག་ཏུ་གྱུར་པའི་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་གིས་གསུངས་པ་ལྟར་བཀའ་སྤྱི་གཉིས་ཀྱིས་ཀྱང་བོད་མི་ཉམ་ཐག་རྣམས་གཏོང་དགོས་ལས་སོ་སོར་རྩྭ་ལྗང་སར་ཞིག་དང་ལྟོ་བརྒྱ་སར་ཞིག་ཁེ་ཕན་ཡོད་སར་ཞིག་ལ་འགྲོ་གང་ཐུབ་བྱེད་པ་ཡིན་ན་རྒྱུ་འབྲས་དང་མཐུན་མི་ཡོང་།

    ཉམ་ཐག་བོད་མིའི་བདེ་སྡུག་སྤྱི་འཐུས་གྲོས་འཚོགས་ནང་དུ་གླེང་ཐུབ་མཁན་སྤྱི་ཟུར་ཀརྨ་ཆོས་འཕེལ་ལྟ་བུ་མང་ཙམ་མ་འོང་སྤྱི་འཐུས་ནང་དུ་ཕེབས་ཐུབ་པ་ཡིན་ན་བྱ་བ་འདི་དོན་དང་ལྡན་པའི་ཐོག་ནས་ལེགས་གྲུབ་ཡོང་ངེས་རེད།

    གཉིས་ནས་གཞོན་སྐྱེས་མཁས་དབང་བློ་བཟང་སེང་གེ་མ་འོང་བཀའ་ཁྲི་ཡིན་པས་ཁོང་གིས་བོད་མི་ཉམ་ཐག་ཚོའི་བདེ་སྡུག་ལ་བསམ་གཞིག་བྱེད་ངེས་རེད་སྙམ།

    ད་ཡིན་ན་་་་་་བཙན་བྱོལ་བོད་མི་ཉམ་ཐག་རྣམས་ལ་སྐྱིད་ཀྱི་ཉི་མ་ཤར་བའི་དུས་ལ་སླེབས་ཡོང་གི་ཡོད།

    དགའ་དགོས་པའི་གསར་འགྱུར་ཞིག་གནང་བར་དུས་བབ་ཚང་ལ་བཀའ་དྲིན་ཆེ་ཞུ།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བོད་མི་སྐྱབས་བཅོལ་བ་ཕྱི་རྒྱལ་ཁག་ཏུ་གཏོང་དགོས་མིན་ལ་བོད་པའི་སྤྱི་ཙོགས་སུ་བསམ་བློ་མཐུན་དང་མི་མཏུན་འདྲ་མིན་ཡོད་པ་རེད། དེ་ཡང་བསམ་བློ་གཏོང་ཕྱོགས་མ་འདྲ་བ་རེ་རེད་པས། གལ་སྲིད་ང་ཚོས་བོད་མི་ཕྱི་རྒྱལ་དུ་འགྲོ་བ་ཇི་ཙམ་བཀག་ཀྱང་དེ་ཙམ་གྱིས་སྒོར་མོ་ཕོན་ཆེན་སྤྲད་དེ་ཁྲིམས་དང་མཐུན་མིན་འདྲ་མིན་ནས་ལམ་ཁ་རེ་བཙལ་ཏེ་སོང་དང་འགྲོ་བཞིན།་མ་འོངས་པར་འགྲོར་འགྱུར་ན། ཡོད་མེད་བྱས་ཏེ་སྒོར་མོ་ཕོན་ཆེན་གཡར་དཀྱིལ་བྱས་ཏེ་ཕྱི་རྒྱལ་གང་རུང་དུ་ཐར་ཐབས་བྱེད་ལ་ལས། འདི་ལྟ་བུ་ལམ་ཁ་ནི་དངོས་གནས་ཡག་པོ་དང་བཀའ་དྲིན་ཆེན་པོ་རེད་བསམ་ཡོད།

    Reply
  13. ཐོ་རེངས། says:
    ལོ་ 15 སྔོན།

    བཙན་གཤོལ་བོད་མི་རྣམས་ཕྱི་རྒྱལ་ཁག་ཏུ་ལ་གཏོར་དང་ལུང་གཏོར་བཏང་ན་འདི་མ་འོངས་བོད་སྤྱིའི་ཆབ་སྲིད་ལ་ཁེ་ཕན་ཡོད་མེད་རྟོགས་དཀའ། འོན་ཀྱང་ནང་མི་ཁ་ཤས་ཕྱི་རྒྱལ་ཁག་ལ་གཏོང་ཐུབ་ན་ངེས་པར་དུ་ཁོང་ཚོའི་འཚོ་བ་ལ་ཕན་ཐོག་ཆེན་པོ་འོང་སྲིད།

    ཡིན་ནའང་ཕྱི་རྒྱལ་ལ་སླེབ་རྗེས་རང་གི་འཚོ་བ་མ་གཏོགས། བོད་སྤྱིའི་བདེ་སྡུག་སེམས་ནས་བརྗེད་འགྲོ་མཁན་གྱི་གྲངས་འབོར་བརྒྱ་ཆའི་ ༥༥ ཟིན་ཡོད། འདི་དངོས་ཡོད་གནས་ཚུལ་ལ་རྗེས་ལོན་བྱས་པ་རེད།

    Reply
  14. གྲྭ་རྒོད says:
    ལོ་ 15 སྔོན།

    ཁེ་ན་ཌའི་གཞུང་དང་༸འདི་ཕྱིའི་སྐྱབས་གནས་དམ་པ་༸གོང་ས་སྐྱབས་མགོནཆེན་པོ་མཆོག་སླབས་ཆེན་ཀྱི་ཕྱིན་མཐུ་ལས་བྱུང་བ་ཡིན་པ་བོད་མི་ཚོ་དང་ལྷག་པར་ཏུ་དྲ་རྒྱ་ནང་གི་དྲ་ལས་ཚོའི་ཤེས་དགོས་པ་ཞིག་རེད། ཡག་པོ་རེད་བོད་མི་ཚོ་བདག་པོ་རེ་ཡོད་ན་བྱེད་རན་རེད།ལོ་ངོ་ལྔ་བཅུ་འགྲོ་ཚར་ཡང་ད་དུང་ང་ཚོ་རྐུང་པ་ཡག་པོ་ཞིག་ཚིགས་ཐུབ་མེད།བོད་རང་གི་ནང་ཁུལ་ནས་རྣམ་རྟོག་མང་གྲགས་པས་རྐྱེན་བྱས་པ་དང་ཕྱོགས་གཞན་ཞིག་ནས་བཤད་ན་འཚོ་བའི་དཀའ་ངལ་ལ་ཐུག་ཡོད་རེད་བསམ་གི་ཡོད།སློབ་མ་མང་པོ་ཞིག་སློབ་ཆེན་དུ་འགྲོ་མ་ཐུབ་འབྱོར་ལྡན་འགའ་ཞིག་གི་བུ་གུ་ངན་ཤོར་ཏུ་སོང་དེ་དག་གི་ནང་ནས་ང་ཚོ་རྗེས་སུ་ལས་པ་རང་རེད།

    Reply
  15. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཁོ་བོས་འདི་ནས་མི་འགྱངས་པར་གསལ་བཤད་ཀྱིས་བསམ་ཚུལ་ཐུང་ཐུང་ཞིག་སྤེལ་བར་འབད་བརྩོན་བྱ་རྒྱུ་ཡིན། དབྱིན་ལན་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ནོར་ཝེ་ཕྱི་འབྲེལ་ལས་ཁུངས་དང་འབྲེལ་བ་བྱུང་ཞིང་། བོད་མི་སྟོང་ཕྲག་གཅིག་སྐྱབས་བཅོལ་དུ་ལེན་ཞེས་རེ་སྐུལ་ཞུ་ཡོད་ཅིང་། ད་ ནི་ང་ཚོས་གོ་སྐབས་འདི་དག་སྣང་མེད་དུ་མ་བཞག་པར་བོད་གཞུང་མང་གཉིས་ནས་ནོར་ཝེར་བོད་མི་ཆིག་སྟོང་སླེབས་ཐུབ་ཐབས་ཀྱང་ཁ་ཚ་དགོས་གཏུགས་རེད་བསམ་གྱིན་འདུག

    Reply
  16. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གཞིས་བཞུགས་བོད་མིའི་ནང་དུ་རྒྱ་ནག་པོའི་རྒྱ་རིགས་སྲེ་ཅི་ཐུབ་བྱས། བཙན་འབྱོར་གཞུང་ནས་མགོ་སེར་ཚོའི་ནང་དུ་རང་རིགས་བསྲེ་གང་ཐུབ་བྱས། ད་ཡིན་ན་ལོ་མང་འགོར་རྒྱུ་མ་རེད་ཡ་་་་་་་་་་་་་་་་་་་་་་་་ཚར་་་་ཚར་་་ཚར། དེའི་མིང་ལ་རང་ཉིད་རང་གི་བླག་ཟེར་བ་རེད།

    Reply
  17. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ནི་གཏམ་བཟང་ཞིག་ཡིན་དུ་ཆུགས། འོན་ཀྱང་ཡང་ན་ནིང་གི་ཨ་རིར་ལེན་འཆར་གྱི་བོད་མི་ཆིག་ཁྲི་ལྟ་བུ་ཞིག་མི་ཆགས་པའི་ངེས་པ་མེད། འདི་ནི་ཨོ་སི་ཁྲི་ལེ་ཡར་འགྲོ་བཞིན་པའི་དཀའ་སྡུག་ཅན་གྱི་ཆབ་སྲིད་བཙོན་མར་སྤྲད་ན་མ་གཏོགས། སྤྱི་ཚོགས་གང་རུང་ལ་སྤྲད་ན་རྙོག་དྲར་ཆགས་ནས་འགྲོ་མི་ཐུབ་པ་ཡོང་ངེས།

    Reply
  18. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཟླ་བ་འགའ་ཤས་ཀྱི་སྔོན་ལ་དབྱིན་ལན་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ལགས་འདི་གར་ནོར་ཝེ་རྒྱལ་སར་ཆེད་དུ་ཕེབས་དང་། ཁོང་གིས་ནོར་ཝེ་ཕྱི་སྲིད་ལས་ཁུངས་དང་གླེང་མོལ་བྱུང་ཞིང་ནོར་ཝེ་སྲིད་གཞུང་ནས་བོད་མི་ཅིག་སྟོང་ཐམ་པ་སྐྱབས་བཅོལ་དུ་ལེན་རོགས་ཞེས་ཞུ་འདུག

    Reply
  19. ཤག་སྒང་པ། says:
    ལོ་ 15 སྔོན།

    ཁེ་ན་ཌའི་གཞུང་དང་༸འདི་ཕྱིའི་སྐྱབས་གནས་དམ་པ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ལྷན་ཚོགས་ཚང་མར་སྙིང་ནས་ཐུགས་རྗེ་ཆེ་གནང་། འདི་ནི་བོད་མིའི་བཟང་སྤྱོད་ཀྱི་རིག་གཞུང་ལ་སླར་ཡང་རྒྱལ་ཁ་དང་མཐོང་ཆེན་ཐོབ་པའི་གནས་ཚུལ་བཟང་པོ་ཞིག་རེད། ང་ཚོས་རྟག་ཏུ་རིན་ཐང་ཆེ་ཤོས་སུ་བརྩིས་རུང་བའི་རིག་གཞུང་འདི་ཉིད་བོད་མི་རེ་རེས་སྲུང་བཞིན་འདུག་དགོས་པ་ནི། ང་ཚོས་དོར་དུ་མི་རུང་བའི་འཛམ་གླིང་མི་མང་ལ་ཞབས་འདེགས་འཇལ་ཐུབ་པའི་ལས་འགན་ཆེ་ཤོས་དེ་ཡིན། ཐེངས་འདིར་ཁེ་ན་ཌར་སུ་འགྲོ་གི་རེད་ཟེར་བ་ནི་ད་ལྟའི་བཀའ་སྤྱིའི་གཏམ་གླེང་ལས་འཁྲུག་ཆ་དོད་པ་ཡོང་ངེས་ཡིན་པས། སྤྱི་ཚོགས་ནང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་ཤོས་དང་བོད་མི་སྐྱོ་ཤོས་དེ་ཚོར་འཐོབ་ན་ཧ་ཅང་དགའ་བ་ཞིག་ཡིན། དཔེར་ན། ལ་དྭགས་བྱང་ཐང་ལྟ་བུར་གོ་སྐབས་སྤྲད་་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འགྱུར་བ་འགྲོ་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese