མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་མིང་རིག་གནས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་མཚོ་སྔོན་མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྡེ་ཁག་གིས་གཙོ་སྒྲུབ་གནང་བའི་༼ མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ༽ གྱི་མཐའ་དཔྱོད་ཚོགས་འདུ་ཟེར་བ་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་ཆ་རུ་སྐོང་ཚོགས་གནང་ཡོད་འདུག སྐབས་དེར་ས་མིང་རིག་གནས་བརྡ་འགྲེལ་ཞེས་པའི་ཚིག་མཛོད་ཀྱི་དཔེ་དེབ་ཅིག་ཀྱང་འདོན་སྤེལ་བྱས་ཡོད་འདུག་ཅིང༌། དཔེ་དེབ་དེའི་ནང་མཚོ་ལྷོ་ས་ཁུལ་གཙོ་བོར་བཟུང་སྟེ། སྡེ་བ་ཚོ་བ་དང༌། དགོན་པ། རི་ཁྲོད། རི་བྲག་ནག་གསུམ་དང༌། ཆུ་བོ། མཚོ་དང་མཚེའུ་སོགས་ལ་བོད་རང་གི་གདོད་མའི་ས་མིང་ཆུ་མིང་བརྡ་མ་འགྱུར་བ་དང་གཞན་སྐད་ཀྱི་ཤན་མ་ཞུགས་པ། དཔྱད་གཞིའི་ཡིག་ཆ་ཧ་ཅང་མང་པོ་སྔོག་བཤེར་དང༌། དམངས་ཁྲོད་མྱུལ་ཏེ་ངག་རྒྱུན་འཚོལ་བསྡུ་སོགས་བྱས་ཏེ་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་འདུག

 

ཚོགས་འདུ་དེར་མཚོ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་སྟག་འབུམ་རྒྱལ་ལགས་ཀྱིས་གཙོ་སྐྱོང་གནང་བ་དང༌། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་བསོད་ནམས་རྒྱལ་ལགས་ཀྱིས་མཚོ་ལྷོ་ཁུལ་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་དང༌། མཚོ་ལྷོ་ཁུལ་གྱི་ས་མིང་རིག་གནས་ལས་དོན་ཀྱི་དགོས་དམིགས་སྐོར་རྒྱས་བཤད་བྱས་ཡོད་འདུག

 

ཚོགས་ཞུགས་པའི་གྲས་སུ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་སློབ་སྤྱི་དགེ་བའི་བཤེས་གཉེན་ཚེ་རིང་ཐར་ལགས་དང༌། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགན་འཛིན་གཞོན་པ་དང་ལོ་ཙཱ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བསྙེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུལ་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་མཁན་གསང་བདག ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་པ་དང་འབུམ་རམས་པའི་སློབ་དཔོན་ལྷ་མཆོག་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་སློབ་དཔོན་ཆེན་མོ་བཀྲ་ཤིས་ཚེ་རིང༌། ལན་གྲུ་སློབ་ཆེན་གྱི་ལོ་རྒྱུས་རིག་གནས་སློབ་གླིང་གི་སློབ་དཔོན་འབྲུག་ཐར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་མཁན་སྐལ་བཟང་རྒྱལ། མཚོ་སྔོན་དགེ་འོས་སློབ་ཆེན་དང་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་བཀྲ་བྷོ་སོགས་ཆེད་མཁས་པ་ ༢༧ ཙམ་ཐེངས་འདིའི་མཐའ་དཔྱོད་ཀྱི་ཚོགས་འདུའི་སྟེང་མཉམ་ཞུགས་གནང་སྟེ་གཏམ་བཤད་གནང་ཡོད་འདུག

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

སྐར་མ ༢༧ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༢ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༢ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༢ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese