མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་པོའི་རང་དབང་འཐབ་རྩོད་པ་ཧཱ་ཏ་མཐོང་ཨེ་བྱུང་།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གི་འོག་ཏུ་ཡོད་པའི་སོག་རིགས་མི་མང་གི་ཐོབ་ཐང་རྩོད་ལེན་གནང་མཁན་ཧཱ་ཏ་ཟེར་བ་ཁོང་རྒྱའི་བཙོན་འོག་ནས་ལོ་ ༡༥ ཡི་དུས་བཀག་བཙོན་འཇུག་གི་ཡུན་ཚད་རྫོགས་ཏེ་ཀློད་གྲོལ་གཏོང་དགོས་པའི་ཉིན་མོར་འཁེལ་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ཀློད་གྲོལ་གཏོང་རྒྱུ་ཕར་ཟད། ཉེ་ལམ་རྒྱ་ནག་ཉེན་རྟོག་པས་ཧཱ་ཏ་ལགས་ཀྱི་གཟའ་ཟླ་ཞིན་ནཱ་དང་། བུ་ཝེ་ཁི་སི་གཉིས་ཀྱང་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ལ། ཁོང་ཚང་ལ་དཔེ་ཚོང་ཁང་ཞིག་ཡོད་པ་དེ་ཡང་ཕྱི་ཚེས་༣ ཉིན་ནས་སྒོ་བརྒྱབ་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་ཧཱ་ཏ་ལགས་ཀྱི་ནང་མི་གཉེན་འབྲེལ་ཚོས་རེ་སྒུག་བྱས་པ་ལྟར། ཉིན་དེར་ཧཱ་ཏ་ཁྱིམ་དུ་འབྱོར་མེད་སྟབས། ཕྱི་ཚེས་ ༡༢ ཉིན་གཉེན་ཉེ་འགའ་ཡེ་ཧྥུན་བཙོན་ཁང་དུ་ཕྱིན་ཏེ་སྐད་ཆ་དྲིས་སྐབས། བཙོན་སྲུང་བས་ཧཱ་ཏ་ལགས་ཕྱི་ཚེས་ ༡༠ ཉིན་ཀློད་གྲོལ་བཏང་ཟིན་སྐོར་བརྗོད་འདུག་ཀྱང་། ད་སྔ་ཁོང་ནང་དུ་བསླེབས་མེད་པ་མ་ཟད། མི་གཞན་སུ་གང་གིས་ཀྱང་མཐོང་ཐོས་བྱུང་ཡོད་མི་འདུག ཉིན་དེའི་ཕྱི་དྲོར་ཆ་རྒྱུས་མེད་པའི་མི་ཞིག་ཧཱ་ཏའི་ཁྱིམ་ལ་ཡོང་སྟེ། ལོ་ན་ ༨༥ ལ་སོན་པའི་ཞིན་ནཱ་ཡི་ཨ་མའི་ལག་ཏུ་འོད་སྡེར་ཞིག་བཞག་ཡོད་འདུག་ལ། འོད་སྡེར་དེའི་ནང་། ཕྱི་ཚེས་ ༡༠ ཉིན་བླངས་པའི་ཧཱ་ཏ་དང་ཁོང་གི་གཟའ་ཟླ་ཞིན་ནཱ། བུ་ཝེ་ཁི་སི་གསུམ་ཀྱིས་མཉམ་དུ་ཟ་མ་བཟའ་བཞིན་པའི་འདྲ་པར་ ༥ ཙམ་བཞག་ཡོད་འདུག པར་དེ་དག་པའོ་ཞོན་རྒྱ་ཡིག་དྲ་ཚིགས་སུ་ཡང་བཏང་ཡོད་ཀྱང་། པར་དེ་དག་ས་གནས་གང་དུ་མི་སུ་ཞིག་གིས་བླངས་པ་དང་། དྲ་ཐོག་ལ་འཇོག་མཁན་སུ་ཡིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག  

 

ཕྱི་ཚེས་ ༡༠ ཉིན་ཉི་ཧོང་དང་ཕྱི་སོག་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སོག་རིག་གཙོས་པའི་རྒྱབ་སྐྱོར་བ་མང་པོ་འདུ་འཛོམ་གྱིས་༼ ཧཱ་ཏ་ཀློད་གྲོལ་གཏོང་རོགས ༽ ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ལ། ནང་སོག་མི་དམངས་ཚོགས་པའི་དྲུང་ཆེ་ཁེ་རེ་ཌི་ཁོ་ཝེ་སི་ཇེལ་ཋི་ལགས་ཀྱིས་གསར་ལམ་ཁག་ཏུ། ང་ཚོས་འཚེ་མེད་ཞི་བའི་ལམ་ནས་དམངས་གཙོར་འཐབ་རྩོད་བྱེད་ཀྱིན་ཡོད་ལ། ཧཱ་ཏ་ལགས་ནི་མ་འོངས་པར་ནང་སོག་མི་རིགས་ཀྱི་འཐབ་རྩོད་ཀུན་སྤྱོད་ཀྱི་ཚད་གཞི་ཡིན། ང་ཚོ་དུས་གཏན་དུ་ཁོང་དང་ལྷན་དུ་གནས་ཡོད། ཅེས་བརྗོད་ཅིང་། དགོས་མདུན་དོན་ཚན་གསུམ་བསྒྲགས་པའི་ནང་། དང་པོ། ཆ་རྐྱེན་ཅི་ཡང་མེད་པའི་ཐོག་རྒྱ་གཞུང་གིས་ཧཱ་ཏ་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ། གཉིས་པ། ཧཱ་ཏ་ལགས་ཀྱི་མཚན་སྙན་དང་གོ་གནས་བསྐྱར་གསོ་བྱས་ཏེ། ཁོང་གི་མ་འོངས་པའི་འཚོ་གནས་ཐད་ཁག་ཐེག་བྱ་དགོས་པ། གསུམ་པ། ཧོ་ལེན་ཧྤུ་གཙོས་པའི་ནང་སོག་མི་རིགས་ཀྱི་ཐོབ་ཐང་དོན་གཉེར་བ་རྣམས་ལ་དྲག་གནོན་མཚམས་འཇོག་དགོས་པ་བཅས་བཀོད་འདུག

 

ནང་སོག་གི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ཧཱ་ཏ་ལགས་ནི། ནང་སོག་མི་རིགས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་ཞིག་ཡིན་ཞིང་། ཁོང་ལ་ནང་སོག་མི་རིགས་ཀྱིས་དགའ་མོས་དང་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྩྭ་ཐང་གི་གླག་རྒོད་དང་མི་རིགས་ཀྱི་དཔའ་བོ་ཞེས་པའི་མཚན་སྙན་ཡང་གནང་ཡོད་འདུག ཁོ་ད་ལྟ་རང་ལོ་ ༥༦ ཡིན་ཞིང་། ཕྱི་ལོ་ ༡༩༨༠ ལོར་ནང་སོག་ཐུང་ལེའོ་དགེ་ཐོན་སློབ་གྲྭ་ཆེན་མོ་རུ་སོག་ཡིག་ཆེད་སྦྱོང་གིས་སློབ་མཐར་ཕྱིན་རྗེས། ལོ་ ༦ རིང་ནང་སོག་མི་རིགས་པར་བསྐྲུན་ཁང་དུ་རྩོམ་སྒྲིག་པའི་ཕྱག་ལས་གནང་ཞིང་། ཞོར་དུ་ནུབ་ཕྱོགས་མཚན་ཉིད་རིག་པར་ཞིབ་འཇུག་གིས་ཨང་གཉིས་པའི་བྱ་དགའ་ཡང་ཐོབ་ཡོད།

 ཧཱ་ཏ་ལགས་ཀྱིས་ནང་སོག་དགེ་ཐོན་སློབ་ཆེན་ནས་མཱ་ཁི་སི་མཚན་ཉིད་པའི་འབུམ་རམས་ཐོན་རྗེས། ཁོ་རང་གི་གྲོགས་པོ་བློས་ཐུབ་འགའ་དང་ཤེས་ལྡན་མི་སྣ་སྐོར་ཞིག་མཉམ་འབྲེལ་ཐོག་ ༡༩༩༢ ལོའི་ཟླ་ ༥ པར་ནང་སོག་རང་སྐྱོང་ལྗོངས་ཧི་ཧོ་ཐི་གྲོང་ཁྱེར་དུ་གསང་བའི་སྒོ་ནས་“ནང་སོག་དམངས་གཙོའི་མཐུན་ཚོགས་”(SMDA) ཞེས་པ་དེ་གསར་འཛུགས་བྱས་ཤིང་། ཁོང་གིས་ཚོགས་པ་དེའི་ཚོགས་གཙོའི་འགན་བཞེས་ཏེ་༼ སོག་པོའི་འབོད་སྒྲ༽ ཞེས་པའི་དུས་དེབ་དཔར་སྐྲུན་བྱས་ཤིང་། རིམ་གྱིས་དུས་དེབ་དེ་༼ སོག་པོའི་བཞུད་ལམ ༽ ཞེས་པའི་དཔེ་དེབ་ཏུ་བསྒྱུར་ཏེ་མུ་མཐུད་དཔར་འགྲེམས་བྱས་ཡོད་འདུག

 

དེབ་དེའི་ནང་རྒྱ་ནག་གིས་ནང་སོག་ལ་དབང་བསྒྱུར་བྱས་པའི་ལོ་བཅུ་ཕྲག་འགའི་རིང་གི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ། དེ་བཞིན། ནང་སོག་མི་མང་ལ་འཕྲད་བཞིན་པའི་དཀའ་ངལ་དང་། གནད་དོན་དེ་དག་སེལ་བའི་ཐབས་ཤེས་སྐོར་གྱི་དཔྱད་བརྗོད་སྤེལ་ཡོད་པ་དང་། ལྷག་པར་དུ་ཁོང་གིས་སོག་རིགས་མི་མང་ལ་རྒྱ་ནག་གི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩོན་ལེན་བྱ་དགོས་པའི་སྐུལ་མ་བྱས་ཤིང་། སོག་རིགས་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་བཏོན་པ་སོགས་ལ་བརྟེན་ཏེ། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༡༩༩༥ ལོའི་ ༡༢ པའི་ཚེས་ ༡༠ ཉིན་རྒྱལ་ཁབ་ཁ་བྲལ་དང་གསང་མྱུལ་བའི་ཉེས་མིང་བཏགས་ཏེ་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༧ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 2

  1. སྟོན་པ་སྐྱབས། says:
    ལོ་ 16 སྔོན།

    གསར་འགྱུར་འདི་ལྟ་བུ་ནི་རྩ་ཆེན་པོ་རེད། གསར་འགོད་པ་ལགས། ནང་སོག་གི་དམངས་གཙོའི་འཐབ་རྩོད་སྐོར་གྱི་གནས་ཚུལ་དང་ལོ་རྒྱུས་སྙིང་བསྡུས་ཤིག་གསལ་བཤད་ཡོང་ཐུབ་ན་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply
  2. ཉི་ཟླ། says:
    ལོ་ 16 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས་སུ་ཐུགས་རྗེ་ཆེ་ཞུ། གནས་ཚུལ་འདི་ནི་དེ་སྔོན་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོངས་སུ་མ་གྲགས་པའི་གནས་ཚུལ་གལ་ཆེན་པོ་ཞིག་ཡིན་ལ། རྒྱ་བོད་གནད་དོན་ལ་འཐབ་འཛིང་བྱེད་པར་མི་རིགས་གཞན་དང་རྒྱལ་ཁབ་གཞན། ཡུལ་ལུང་གཞན་གྱི་རྒྱུ་ཆ་དང་སློབ་སྦྱོང་མང་པོ་འཚོལ་བསྡུ་བྱ་དགོས།
    གསར་འགྱུར་འདིའི་ནང་གི་ཞན་ཆ་ཞིག་ནི། ནང་སོག་མི་དམངས་ཚོགས་པ་ཟེར་བ་དེ་ག་འདྲ་ཡོད་མེད་དང་། ནང་སོག་གི་རང་དབང་དམངས་གཙོའི་འཐབ་རྩོད་ཀྱི་གནས་བབ་དང་ངོ་བོ་སོགས་ལ་འགྲེལ་བརྗོད་ཅིག་ཡོད་པ་ཡིན་ན། ཡག་ཐོག་ཡག་བརྩེགས་རེད། གང་ཞེ་ན། བོད་མི་ཚོས་སོག་པའི་འཐབ་རྩོད་ཀྱི་གནས་སྟངས་དང་ངོ་བོ་སོགས་ལ་ཆ་རྒྱུས་ཞེ་དྲག་ཡོད་པ་མ་རེད།
    ད་དུང་མུ་མཐུད་དུ་འདི་ལྟ་བུའི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ཏེ། རྒྱ་ནག་གི་བཙན་འོག་ཏུ་ཡོད་པ་བོད་མི་གཅིག་པོ་མིན་པ་དང་། རང་དབང་འཐབ་རྩོད་བྱེད་མཁན་ཡང་བོད་རིགས་གཅིག་པོ་མིན་པར་ནང་སོག་དང་ཡུ་གུར། ཉེན་ཞཱ་སོགས་མི་རིགས་ཁ་ཤས་ཡོད་པ་དེ་དག་ཀྱང་གདུང་སེམས་མཉམ་སྐྱེད་དང་། དཀའ་སྡུག་མཉམ་མྱོང་གི་ཁུངས་སུ་ཚུད་པར་བྱ་རྒྱུར་རེ་སྐུལ་དང་རྒྱང་ལྟ་བྱས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese