མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་སྐོམ་དུས་ཁྲོན་པ་དྲན་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་བོད་མི་རིགས་འདི་གཉིས་དམར་པོའི་སྲིད་དབང་གཅིག་སྡུད་འོག ད་དུང་མདུན་ལམ་ཧ་ཅང་ཀྱག་ཀྱོག་ཆེ་ཡང་། སྲིད་དབང་གཅིག་སྡུད་ཀྱིས་མི་ལ་མནར་གཅོད་གཏོང་ཐུབ་ཀྱང༌།  མི་དམངས་ཀྱི་རང་དབང་དང་དམངས་གཙོའི་སེམས་ཁམས་ལ་ནམ་ཡང་མནར་གཅོད་གཏོང་ཐབས་མེད་ཟེར།

ཨ་རིའི་ནེའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༡༡ ཉིན་གྱི་གུང་གསེང་དང་བསྟུན་ཏེ། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༢༡ འཁོར་བ་དང་། རྒྱ་རིགས་ལིག་ཞོ་པོ་ལ་འདི་ལོའི་ནོ་བྷེལ་གཟེངས་རྟགས་ཐོབ་པར་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་འདུག མཛད་སྒོ་དེའི་སྟེང་། རྒྱ་རིགས་རྩོམ་པ་པོ་དང་སྲིད་དོན་དབྱེ་ཞིབ་པ་ཁྲན་ཕོ་ཁུང་དང༌ཀོ་ལིམ་པ་ཡ་གཙུག་ལག་སློབ་གཉེར་ཁང་གི་ཝང་ཅུན་ཐའོ་རྣམ་གཉིས་ཀྱིས་གསུངས་བཤད་གནང་ཡོད་འདུག

ཁྲན་ཕོ་ཁུང་གིས་གཏམ་བཤད་གནང་དོན། རྒྱ་རིགས་ལིག་ཞོ་པོ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དང་། ལོ་ངོ་ཉེར་གཅིག་གི་སྔོན་ལ་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་འདི་གཉིས་ནི། ང་ཚོ་རྒྱ་རིགས་དང་ཁྱེད་ཅག་བོད་རིགས་ཡོངས་ཀྱི་གཟི་བརྗིད་ཅིག་ཡིན་ལ། བོད་རྒྱ་མི་རིགས་གཉིས་ནི་རྒྱ་ནག་དམར་གཞུང་གི་གཅིག་སྡུད་སྲིད་དབང་འོག་དཀའ་སྡུག་མྱོང་མཁན་གཅིག་གྱུར་ཡིན་སྟབས། མི་རིགས་གཉིས་བར་སྔར་ལས་འཆམ་མཐུན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཡིན། རྒྱ་ཡུལ་དུ་བཀའ་དྲིན་ཆེ་བའི་འབྲི་ཆུ་དང༌རྨ་ཆུའི་འབྱུང་ཁུངས་བོད་ཡིན་ཞིང་། ཁ་སྐོམ་དུས་ཁྲོན་པ་དྲན། ཞེས་པའི་དཔེ་ལྟར་རྒྱ་རིགས་མི་མང་གིས་བོད་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་མི་སྲིད། ཅེས་དང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ལིག་ཞོ་པོ་ལ་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་རྒྱབ་སྐྱོར་གནང་བར་ང་ཚོ་རྒྱ་རིགས་ཚང་མས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།

 

དེའི་རྗེས་རྒྱ་རིགས་ཝང་ཅུན་ཐའོ་ཡིས། ད་ལོ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་ལིག་ཞོ་པོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་རྒྱུ་མཚན་ཁ་ཤས་དྲངས་ཡོད་པའི་ནང་གི་གལ་ཆེ་ཤོས་གཅིག་ནི། ༼ ཐིག་བརྒྱད་རྩ་འཛིན་ཡིག་ཆ ༽ ཞེས་པ་དེ་ཡིན་ཚུལ་གསུངས་ཡོད་ལ། ཐིག་བརྒྱད་རྩ་འཛིན་ཡིག་ཆ་དེས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཆབ་སྲིད་བཞེད་དགོངས་ལ་བརྡ་ལན་བྱས་ཡོད།  ང་རང་ ༡༩༩༤ ལོར་ཨ་རིར་འབྱོར་སྐབས། ྋགོང་ས་མཆོག་ཨ་རིར་ཕེབས་པའི་སྐབས་དང་འཁེལ་འདུག དེ་དུས་ཨ་རི་བ་ཁ་ཤས་ཀྱིས་ང་ྋགོང་ས་མཆོག་ལ་མཇལ་རྒྱུའི་དུས་ཚོད་བསྒྲིག་རྒྱུ་ཡིན་སྐོར་བཤད་ཀྱང་། ངས་ངོས་ལེན་བྱ་མ་ཕོད། རྒྱུ་མཚན་ནི། སྐབས་དེ་དུས་ངའི་སེམས་ཀྱི་ཏཱ་ལའི་བླ་མ་ནི་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པའི་ཏཱ་ལའི་བླ་མ་དེ་རེད། འོན་ཀྱང་། ༡༩༩༥ ལོར་ང་ ྋགོང་ས་མཆོག་ལ་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་ཞིང༌། ཁོང་གི་བྱམས་དང༌སྙིང་རྗེ། གཞན་བཀུར་དང་རྣམ་དཔྱོད། ལྷག་པར་དུ་ཁོང་གི་ཆབ་སྲིད་ཀྱི་བཞེད་དགོངས་དེ་དག་ཤེས་ཡོང་སྐབས་ངའི་སེམས་ལ་རྦད་དེ་འགྱུར་བ་ཐེབས་སོང༌།

ལོ་ངོ་ཉེར་གཅིག་སྔོན་ལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བོད་རིགས་ཁོང་ད་དུང་ཡང་རང་ཡུལ་བྲལ་ཏེ་བཙན་བྱོལ་དུ་བཞུགས་ཡོད་པ་དང༌། ད་ལོའི་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ཁོང་ད་ལྟ་རང་དབང་བྲལ་ཏེ་བཙོན་ཁང་དུ་ཡོད་པ་འདི་གཉིས་ལ་བསམ་ན། རྒྱ་བོད་མི་རིགས་འདི་གཉིས་དམར་པོའི་སྲིད་དབང་གཅིག་སྡུད་འོག ད་དུང་མདུན་ལམ་ཧ་ཅང་ཀྱག་ཀྱོག་ཆེ་ཡང་། སྲིད་དབང་གཅིག་སྡུད་ཀྱིས་མི་ལ་མནར་གཅོད་གཏོང་ཐུབ་ཀྱང༌།  མི་དམངས་ཀྱི་རང་དབང་དང་དམངས་གཙོའི་སེམས་ཁམས་ལ་ནམ་ཡང་མནར་གཅོད་གཏོང་ཐབས་མེད། ཅེས་གསུངས་ཡོད།

 

དེ་རྗེས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་བར་ལམ་ནས་ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་མི་བཞེས་པར་བགྲེས་ཡོལ་དུ་ཕེབས་རྒྱུའི་བཀའ་བསྩལ་བ་བརྒྱུད་ལམ་ཁག་ཏུ་ཐོན་དང་ཐོན་ཞིང་ཡོད་པ་དེ་ཚོར་མང་ཚོགས་ནས་ངེས་པར་དུ་དོ་སྣང་དང་འབྲེལ་བློ་ཚབ་ཀྱི་ཚོར་སྣང་ཞིག་ཡོང་དགོས་པའི་སྐོར་དང༌། རྒྱ་ནག་གཞུང་དང༌།  ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་རྩ་མེད་བཟོ་རྒྱུའི་ངན་བྱུས་སྣ་ཚོགས་སྤེལ་གྱིན་ཡོད་པ་དེ་དག་གི་མགོ་སྐོར་འོག་མི་ཚུད་རྒྱུར་ཐུགས་སྣང་དགོས་པའི་སྐོར།  བོད་མི་རིགས་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་ལ་གཞོན་སྐྱེས་ཚོའི་རྒྱུད་ལ་འཇགས་ཐབས་བྱ་རྒྱུར་ཕ་མ་སོ་སོ་དང༌། ཁྱིམ་ཚང་སོ་སོ། སྤྱི་ཚོགས་བཅས་ཁྱོན་ཡོངས་ནས་འགན་ཁུར་ཆེ་ཙམ་བཞེས་དགོས་པའི་སྐོར་སོགས་གསུངས་ཤིང་།  

 

སྐབས་དེར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ནས་ཀྱང་། རྒྱ་རིགས་གྲོགས་པོ་ཡོངས་ལ་འཚམས་འདྲི་དང༌། ལིག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་ཉིན་མོའི་སློབ་གྲྭའི་སློབ་ཕྲུག་དང༌ཆོལ་གསུམ་ཟློས་གར་ཚོགས་པ། ཚོགས་པ་སྐྱིད་སྡུག་ཁག མི་སྒེར་བ་བཅས་ནས་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཡོད། མཇུག་ཏུ་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསོད་ནམས་རྒྱ་མཚོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་དངོས་གཞི་མཇུག་བསྒྲིལ་ཅིང་།  ཕྱི་དྲོའི་གཞས་དང་ཞབས་བྲོའི་ལས་རིམ་སྐབས། རྒྱ་རིགས་ ༡༠ ཡིས་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་གྲ་སྒྲིག་བྱས་ཡོད་པའི་གླུ་གཞིས་ “རྨོ་ལི་ཧྭ” ཞེས་པ་མཉམ་ལེན་བྱས་ཡོད་འདུག

༼ གོང་གི་གསར་འགྱུར་དེ་བོད་གཞུང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་མཁོ་གཏོང་བྱས་ཤིང་། གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བསྡུ་སྒྲིག་བྱས། ༽

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 2

  1. བུ་སྡུག་ཅག says:
    ལོ་ 16 སྔོན།

    this is good news

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ལྟའི་གནས་སྟངས་སོགས་མང་ཚོགས་ལ་གསལ་བཤད་བྱས་འདུག ཉིན་དེར་ཚོགས་པའི་ངོས་ནས་སྤྱི་ཁང་གསར་ཉོའི་ཆེད་མང་ཚོགས་ལ་ཞལ་འདེབས་བསྡུ་རུབ་བྱས་པ་ལྟར། ས་གནས་བོད་རིགས་མང་ཚོགས་ཀྱིས་ཁྱོན་ཨ་སྒོར་བཞི་འབུམ་སུམ་ཁྲི་ལྔ་སྟོང་ ༤༣༥༠༠༠ ཙམ་ཞལ་འདེབས་གནང་རྒྱུའི་ཐོ་འགོད་བྱས་ཡོད། མང་ཚོགས་ནས་ཁས་ལེན་གནང་བའི་སྒོར་མོ་སྤྱི་མཐུན་ཚོགས་པར་འབྱོར་མཚམས་དེར་ཡོད་འབྱོར་ལྡན་ཁྱིམ་ཚང་ཞིག་གིས་སྤྱི་ཁང་གསར་ཉོའི་ཐད་ཨ་སྒོར་སུམ་འབུམ་ ༣༠༤༥༠༠ ལྷག་ཁ་སྣོན་གྱི་ཚུལ་དུ་ཞལ་འདེབས་གནང་རྒྱུ་ཡིན་འདུག ད་ཆར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་སྤྱི་ཁང་གསར་ཉོའི་ཆེད་ཨ་སྒོར་ས་ཡ་ ༢ ཙམ་ཡོད་ཐོག ཁས་ལེན་ཐོབ་པའི་ཞལ་འདེབས་རྣམས་བསྡོམས་ན་སྤྱི་ཁང་གསར་ཉོའི་ལས་གཞིར་ཁྱོན་ཨ་སྒོར་ས་ཡ་ ༢༧༥༠༠༠ ཙམ་བསྡུ་རུབ་བྱེད་ཐུབ་བྱུང་ཡོད། སྐབས་དེར། མཛད་སྒོར་ཕེབས་པའི་རྒྱ་རིགས་ཏཱ་ཧེ་ཞུ་བ་ཞིག་གིས་ཀྱང་རིག་གཞུང་བསྟི་གནས་ཀྱི་སྤྱི་ཁང་འདི་བོད་པ་ཙམ་མིན་པར་རྒྱ་རིགས་མང་ཚོགས་ལའང་ཕན་ཐོགས་ཡོད་ཅེས་བརྗོད་དེ་ཞལ་འདེབས་ཨ་སྒོར་༡༠༠༠ ཙམ་ཕུལ་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese