མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་སྲིད་བློན་ཝུན་ཅཱ་པའོ་ལྡི་ལིར་བསླེབས་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་ལ་རྒྱལ་དོན་འཚམས་གཟིགས་སུ་འབྱོར་ཡོད་ལ། ད་ཐེངས་ས་མཚམས་གནད་དོན་གྱིས་གཙོས་པའི་རྒྱ་དཀར་ནག་བར་ཨ་སྒོར་དུང་ཕྱུར་ ༢༠༠ ཙམ་གྱིས་ཚོང་འབྲེལ་བྱ་རྒྱུ་ཡིན་འདུག་ཅིང་། ཁྱོན་ད་ལོ་རྒྱལ་ཁབ་འདི་གཉིས་བར་ཨ་སྒོར་དུང་ཕྱུར་ ༦༠༠ ཙམ་གྱི་ཚོང་འབྲེལ་བྱས་ཡོད།

རྒྱ་གར་དང་པ་ཀི་སི་ཐན་སྲིད་བློན་གཉིས་ཀྱིས་མགྲོན་བརྡ་བཏང་བ་བཞིན། རྒྱ་ནག་སྲིད་བློན་ཝུན་ཅཱ་པའོ་ཡིས་ཡུལ་དེ་གཉིས་ནང་ཉིན་ ༥ རིང་གི་གཞུང་འབྲེལ་ལྟ་སྐོར་མགོ་འཛུགས་བྱས་ཡོད་པ་དང་།  རྒྱ་གར་མཐོ་རིམ་དཔོན་རིགས་ཁག་གི་ཕེབས་བསུའི་འོག་དེ་རིང་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་སྲིད་བློན་ཝུན་ཅཱ་པའོ་གཙོས་པའི་རྒྱ་རིགས་ཚོང་ལས་གནད་ཡོད་མི་སྣ་ ༤༠༠ ཙམ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ཚོགས་འདུའི་ཐོག་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་དང་མཉམ་ལས་རྒྱ་བསྐྱེད། རྒྱལ་སྤྱི་དང་ས་མཚམས་རྩོད་རྙོག་བཅས་ཀྱི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་མ་ཟད། གྲོས་ཆོད་ཁག་ཅིག་གི་ཐོག་མིང་རྟགས་ཀྱང་འགོད་འཆར་ཡོད་འདུག 

ཐེངས་འདིར་ཝུན་རྒྱ་གར་ནང་གཟིགས་སྐོར་དུ་འབྱོར་བ་དང་བསྟུན་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ལྡི་ལིའི་སྲིད་འཛིན་ལས་ཁུངས་རཱ་ཤི་ཊི་རཱ་པ་ཊི་བྷ་ཝན་  Rashtrapati Bhawan མདུན་ཐང་དུ། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་གཙོས་པའི་བོད་མི་ཁག་ཅིག་གིས་ཝུན་ཅཱ་པའོ་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག་ལ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བོད་མི་མང་པོ་ཞིག་ལྡི་ལིའི་ཇེན་ཊིར མཱ་ཊིར་  Jantar Mantar ས་གནས་སུ་འདུ་འཛོམས་ཐོག ཉིན་གསུམ་རིང་གི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་པ་དང་། ལས་འགུལ་དེའི་མཇུག་སྡོམ་མཛད་སྒོའི་སྟེང་། རྒྱ་གར་གྲོས་ཚོགས་འཐུས་མི་ཁིར་ཊི་ཨ་ཛུ་ཊི་ Kirti Azad ལགས་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ཆེད་ཕེབས་ཀྱིས་གཏམ་བཤད་སྤེལ་རྒྱུ་རེད།

 

ལོ་འདིའི་ནང་རྒྱ་གར་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་གཉིས་སྔ་རྗེས་སུ་རྒྱ་ནག་ཏུ་ཕེབས་ཏེ། རྒྱ་དཀར་ནག་གི་ས་མཚམས་གནད་དོན་གྲོས་མོལ་ཚོགས་འདུ་ཐེངས་ ༡༤ པ་དང་དེ་མིན་གྱི་གནད་དོན་ཁག་ཅིག་ཐོག་གྲོས་བསྡུར་བྱས་ཡོད་ལ། དེ་བཞིན། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཀྲུག་ཡུན་ཁཱང་རྒྱ་གར་ལ་རྒྱལ་དོན་འཚམ་གཟིགས་སུ་བཅར་ཏེ་གྲོས་མོལ་བྱས་ཡོད། དེ་རིང་ཕྱི་ཚེས་ ༡༥ ཉིན་སྲིད་བློན་ཝུན་ཅཱ་པའོ་ལྡི་ལིར་འཚོགས་བཞིན་པའི་རྒྱ་དཀར་ནག་གི་འབྲེལ་བ་བཙུགས་ཏེ། ལོ་  ༦༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་ཞུགས་རྒྱུ་ཡིན་པ་རེད།

འདི་ནི་ཕྱི་ལོ་ ༢༠༠༥ ལོའི་རྗེས་རྒྱ་ནག་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་དུ་ལྟ་སྐོར་བྱས་པ་ཐོག་མ་ཆགས་ཡོད་ཅིང་། ཐེངས་འདིར་རྒྱ་དཀར་ནག་གཉིས་བར་ཨ་སྒོར་དུང་ཕྱུར་ ༢༠༠ ཙམ་གྱི་ཚོང་དོན་མཉམ་ལས་བྱ་འཆར་ཡོད་འདུག་ལ། ཁྱོན་བསྡོམས་ ༢༠༡༠ ལོར་རྒྱ་དཀར་ནག་གཉིས་བར་ཨ་སྒོར་དུང་ཕྱུར་ ༦༠༠ ཙམ་གྱི་ཚོང་འབྲེལ་བྱས་ཡོད་ཅིང་། དེ་ནི་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ལས་ལྡབ་གཅིག་དང་ཕྱེད་ཀའི་མང་བ་ཆགས་ཡོད། ཕྱི་ཚེས་ ༡༧ ཉིན་སྲིད་བློན་ཝུན་གྱི་རྒྱ་གར་གྱི་ལྟ་སྐོར་ཁག་འགྲུབ་རྗེས་པ་ཀི་སི་ཐན་དུ་ཕེབས་ཏེ། ཡུལ་དེའི་མཐོ་རིོམ་མི་སྣར་ཐུག་འཕྲད་དང་ཚོང་དོན་མཉམ་ལས་ཚོགས་འདུར་ཞུགས་རྒྱུ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༧ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 1

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 16 སྔོན།

    གཞོན་ནུ་ལྷན་ཚོགས་ལ་ཐུགས་རྗེས་ཆེ་ཞུ་བ་ཙམ་མ་ཟད་ཤུགས་ནས་མཐུན་ཡོད་པ་ཞུ་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese