མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༠ ལོའི་རྒྱ་ནག་གི་དམངས་གཙོའི་སྐར་གྲངས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ད་ལོ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་ ༡༦༧ ཙམ་གྱི་དམངས་གཙོའི་གནས་བབ་ལ་ཉམས་ཞིབ་བྱས་པའི་གྲུབ་དོན་ལྟར་ན། རྒྱ་ནག་ནི་ཨང་རིམ་ ༡༣༦ པ་དང་། སྐར་གྲངས་ ༣།༡༤ ལས་ལོང་མེད་པ་དང་། རྒྱ་ནག་གི་མཛའ་འབྲེལ་རྒྱལ་ཁབ་བྱང་ཀོ་རི་ཡ་ནི་ལྡོག་ཕྱོགས་ཀྱི་ཨང་པོ་དེ་ཆགས་ཡོད་པ་རེད།

ཉེ་ལམ་དབྱིན་ཡུལ་གྱི་༼ དཔལ་འབྱོར་རིག་པ་བ ༽(Economist Intelligence Unit) ཞེས་པའི་དུས་དེབ་རྩོམ་སྒྲིག་ཁང་གིས་ཕྱི་ལོ་ ༢༠༡༠ ལོའི་འཛམ་གླིང་གི་དམངས་གཙོའི་གནས་བབ་ལ་ཉམས་ཞིབ་ཐེངས་གསུམ་པ་དེ་བྱས་ཡོད་པ་དང་། ཐེངས་འདིའི་ཉམས་ཞིབ་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༦༧ ཙམ་ཚུད་ཡོད་འདུག ཉམས་ཞིབ་ཀྱི་བརྒྱུད་རིམ་ཁྲོད་གནད་དོན་གཙོ་བོ་ ༥ བཟུང་ཡོད་ཅིང་། དེ་དག་ནི་རྒྱལ་ཁབ་སོ་སོའི་འོས་བསྡུའི་ལམ་ལུགས་དང་སྤྱི་དམངས་ཀྱི་རང་དབང་། གཞུང་གི་སྲིད་བྱུས།  གཞུང་དམངས་མཉམ་རུབ། ཆབ་སྲིད་རིག་གནས་བཅས་ཡིན་ཞིང་། སྤྱི་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དང་འབྲེལ་ཏེ། སྤྱི་ཚོགས་ཁྲོད་ཀྱི་གནད་དོན་རིགས་ ༦༠ ཙམ་ལ་ཉམས་ཞིབ་ཀྱིས་སྤྱི་སྡོམ་གྱི་སྐར་གྲངས་བརྒྱབ་ཡོད་འདུག

 

ཉམས་ཞིབ་ཀྱི་མཇུག་འབྲས་ལྟར་ན། རྒྱ་ནག་ནི་ཨང་རིམ་ ༡༣༦ པ་དང་། སྐར་གྲངས་ ༣།༡༤ ལས་ལོང་མེད་པ་དང་། རྒྱ་ནག་གི་མཛའ་འབྲེལ་རྒྱལ་ཁབ་བྱང་ཀོ་རི་ཡ་ནི་ལྡོག་ཕྱོགས་ཀྱི་ཨང་པོ་དེ་ཆགས་ཡོད་འདུག རྒྱ་ནག་གི་དམིགས་བསལ་སྲིད་འཛིན་ས་ཁུལ་ཧོང་ཀོང་ནི་ཨང་རིམ་ ༨༠ བ་དང་། སྐར་གྲངས་ ༥་༩༢ ལས་ལོང་མེད་སྟབས། ཐེ་ཝན་དང་རྒྱ་གར། ཤི་རི་ལན་ཁ། ཐེ་ལན་ཌི། ཧིན་རྡི་ཉི་ཞི་ཡ། མ་ལེ་ཞི་ཡ་སོགས་ལས་སྐྱོ་བ་ཆགས་ཡོད། ཉམས་ཞིབ་འདིའི་ཁྲོད་དམངས་གཙོ་ཚད་མཐོ་ཤས་ཀྱི་རྒྱལ་ཁབ་རྩེ་ཕུལ་གསུམ་ནི། ཡུ་རོབ་གླིང་གི་ནོར་ཝེ་དང་ཨེ་སི་ལན་ཌི། ཌེན་མག་གསུམ་ཡིན་ཞིང་། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལས་རྩེ་ཕུལ་གཉིས་ནི། ལྷོ་ཀོ་རི་ཡ་ཨང་རིམ་ ༢༠ དང་། ཉི་ཧོང་ཨང་རིམ་ ༢༢ བཅས་ཆགས་ཡོད་འདུག  

  

སྐར་གྲངས་རྒྱག་སྟངས་ནི་ ༠ ནས་ ༡༠ ཡིན་ཞིང་། སྐར་གྲངས་ ༨ ནས་ ༡༠ བར་ནི་དམངས་གཙོ་ལྡན་པའི་སྤྱི་ཚོགས་དང་། སྐར་གྲངས་ ༦ ནས་ ༧་༩ བར་ནི་དམངས་གཙོའི་ཚད་དམའ་ཤོས་ཀྱི་སྤྱི་ཚོགས། སྐར་གྲངས་ ༤ ནས་ ༥་༩ བར་ནི་ཆབ་སྲིད་ལམ་ལུགས་རྙོག་འཛིང་ཆེ་བའི་སྤྱི་ཚོགས། སྐར་གྲངས་ ༤ ལས་ཟེགས་པ་ཡིན་ན་སྒེར་གཅོད་སྲིད་གཞུང་ལ་ངོས་འཛིན་བྱས་ཡོད་འདུག ཨེ་ཤ་ཡའི་ཡུལ་ལུང་ཁག་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་ནི་དམངས་གཙོ་ལྡན་པའི་སྤྱི་ཚོགས་ཀྱི་གྲས་སུ་ཚུད་ཡོད་པ་དང་། ཧོང་ཀོང་ནི་ཆབ་སྲིད་ལམ་ལུགས་རྙོག་འཛིང་ཅན། རྒྱ་ནག་ནི་མཐའ་གཅིག་ཏུ་སྒེར་གཅོད་སྲིད་གཞུང་དེ་ཆགས་ཡོད་འདུག  

 

དུས་དེབ་དེའི་ཞིབ་འཇུག་སྙན་ཐོའི་ནང་། རང་དབང་འདྲ་མཉམ་གྱི་འོས་འདེམས་ནི་དམངས་གཙོའི་ལམ་ལུགས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན་ལ། ཆབ་སྲིད་ལམ་ལུགས་ཕྱི་གསལ་ནང་གསལ་མེད་པ་དང་། སྤྱི་ཚོགས་ལ་འགན་མི་འཁྱེར་བའི་སྲིད་གཞུང་ནི་དམངས་གཙོའི་རྒྱལ་ཁབ་ཡང་དག་ཅིག་ཆགས་མེད། ཕྱི་ལོ་ ༡༩༧༤ ལོར་འཛམ་གླིང་ཧྲིལ་བོར་དམངས་གཙོའི་མཐོ་རླབས་ཐེངས་གསུམ་པ་དེ་འཕྱུར་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་འཇར་མན་གྱི་བྷར་ལེན་རྩིག་གྱང་གཏོར་བའི་རྗེས། འཛམ་གླིང་ནང་དམངས་གཙོ་འཕེལ་རྒྱས་ཀྱི་གོམ་འགྲོས་ཇེ་མགྱོགས་སུ་གྱུར་ཡོད། དུས་སྐབས་དེར་འཛམ་གླིང་གི་མི་འབོར་ཕྱེད་ཀ་ཙམ་གྱིས་དམངས་གཙོའི་ལམ་ལུགས་འོག་རང་དབང་གི་འཚོ་བ་རོལ་ཐུབ་པར་གྱུར་ཡོད།  ཡིན་ནའང་། ཕྱི་ལོ་ ༢༠༠༨ ལོའི་རྗེས་སུ་རྒྱལ་སྤྱི་རང་བཞིན་གྱི་ཐོག་ནས་དམངས་གཙོའི་ལམ་ལུགས་ཀྱི་གནས་བབ་ཉམས་ཆག་ཏུ་འགྱུར་མགོ་ཚུགས་ཡོད། ཅེས་བརྗོད་འདུག  

 

སྙན་ཐོ་དེར་མུ་མཐུད་དུ་བསྟན་དོན། འཛམ་གླིང་ཡོངས་སུ་བརྡ་འཕྲིན་དྲ་བ་འཕེལ་རྒྱས་བྱུང་བ་ལ་བརྟེན་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་གནས་སྟངས་ཤེས་རྟོགས་ཐད་ཕན་ཐོག་ཆེན་པོ་བྱུང་ཡོད་ཅིང་། དེ་བཞིན། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད། རྒྱལ་སྤྱིའི་སྤྱི་ཚོག་ཀྱིས་དོ་སྣང་དང་སྐྱོན་བརྗོད་བྱེད་མགོ་བརྩམས་ཡོད་ཀྱང་། སྒེར་གཅོད་སྲིད་གཞུང་ཁག་གིས་རྒྱལ་སྤྱིའི་བརྡ་ལན་དེར་སྣང་མེད་དུ་བཞག་ཡོད་ལ། དེ་དག་ཁྲོད་ཀྱི་སྡིག་ཤོས་དེ་རྒྱ་ནག་དང་འབར་མ་གཉིས་ཆགས་ཡོད།  དཀའ་རྙོག་འདི་དག་ཐད་ཨེ་ཤ་ཡ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཇེམ་མེ་རྫེའུ་ (Jamie – Metz )  ལགས་ཀྱིས་ཀྱང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་འགལ་བྱེད་མཁན་གྱི་རྒྱལ་ཁབ་ཁག་ལ་ཚོང་ལས་མཉམ་འབྲེལ་གྱི་ཐབས་ལམ་སྤྱད་དེ། ཁོ་ཚོའི་ཚུལ་མིན་གྱི་བྱེད་བབས་ལ་རྒྱབ་སྐྱོར་བྱས་པར་བརྟེན།  རྒྱལ་ཁབ་དེ་དག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་ཀྱིས་གནོན་ཤུགས་སྤྲད་དེ། དམངས་གཙོ་ཡར་རྒྱས་ཡོངས་ཐབས་ལ་འབད་བརྩོན་གནང་བཞིན་པར་འགོག་རྐྱེན་བཟོས་ཏེ། གྲུབ་འབྲས་གང་ཡང་ཐོན་བཅུག་མེད་པ་རེད། ཅེས་སྐྱོན་བརྗོད་བྱས་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༢ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese