མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཐེ་ཝན་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༡ ཉིན་ཨ་རིའི་ནང་རྟེན་གཞི་བྱེད་པའི་འཛམ་གླིང་བྱམས་བརྩེ་དང་ཞི་བདེའི་ཚོགས་པ་ FOWPAL ཞེས་པ་དེས་  ༢༠༡༠ ལོའི་བྱམས་བརྩེ་དང་ཞི་བདེའི་མཛད་རྗེས་ཀྱི་གཟེངས་རྟགས་དེ་༸གོང་ས་མཆོག་ལ་ཕུལ་ཡོད་འདུག་ལ། དེ་ནི་༸གོང་ས་མཆོག་གིས་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་བསྐྲུན་པའི་རླབས་ཆེན་གྱི་ཕྱག་ལས་གནང་བ་དང་། འཚེ་བ་མེད་པའི་ལམ་ནས་རྒྱལ་ཁབ་ཕན་ཚུན་གྱི་མཐུན་ལམ་གོང་མཐོར་བཏང་བ། འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་དང་ཁོར་ཡུག་སྲུང་སྐྱོབ།  ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་སོགས་རླབས་ཆེན་མཛད་འཕྲིན་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་མཚོན་ཕྱིར་དུ་ཕུལ་བ་ཞིག་ཡིན་འདུག

ཨ་རིའི་ནང་རྟེན་གཞི་བྱེད་པའི་འཛམ་གླིང་བྱམས་བརྩེ་དང་ཞི་བདེའི་ཚོགས་པ་ཞེས་པ་དེ་ནི། ༢༠༠༠ ལོར་གསར་འཛུགས་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་འདུག་ལ། ཚོགས་པ་འདིའི་ཡན་ལག་རྒྱལ་ཁབ་ཁག་ ༨༦ ཙམ་གྱི་ནང་ཡོད་པར་མ་ཟད། རྒྱལ་ཁབ་ ༦༩ ལྷག་གི་ཚོགས་མིའི་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་རྒྱལ་ཁབ་ཁག་གི་སྲིད་བློན་དང་སྲིད་འཛིན། ཨ་རིའི་གཞུང་ཚབ་ཆེན་མོ་དང་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་ ༦ བཅས་གནད་ཡོད་མི་སྣ་ ༢༠༧ ལྷག་ཡོད་འདུག་ལ། ཚོགས་པའི་དམིགས་ཡུལ་གཙོ་བོ། འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་བསྐྲུན་མཁན་གྱི་མི་སྒེར་དང་ཚོགས་པ་ཁག་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱས་ཏེ། ད་ལྟའི་འཛམ་གླིང་གི་དཀའ་རྙོག་གང་མང་སེལ་ཐབས་ཀྱིས་མ་འོངས་པའི་མི་རབས་རྗེས་མར་ཞི་བདེ་དང་འཆམ་མཐུན་གྱི་འཛམ་གླིང་ཞིག་བསྐྲུན་ཆེད་ཡིན་འདུག  

གསར་འགོད་པ། དོན་གོ

མཆན། 2

  1. ཤག་སྒང་པ། says:
    ལོ་ 12 སྔོན།

    ༸གོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཅིང་། མཛད་འཕྲིན་མཁའ་ཁྱབ་ཏུ་ཁྱབ་་ནས་འཛམ་གླིང་བདེ་སྐྱིད་ཀྱི་ཕྱག་ལས་རྣམས་འགལ་མེད་ལྷུན་གྲུབ་ཡོང་བར་ཤོག

    Reply
  2. རིགས་བཟང་། says:
    ལོ་ 12 སྔོན།

    གཏམ་བཟང་རྣ་བས་ཐོས་ན། ༸གོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་བཀྲ་ཤིས་སྨོན་འདུན་ཡང་ནས་ཡང་དུ་ཞུས་ཀྱང་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist