མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་ལས་ཀ་རྩིས་སྤྲོད་བྱ་རྒྱུ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སི་ཨིན་ཨིན་ལྡི་ལིའི་ཡན་ལག་སྡེ་ཚན་གྱི་གསར་འགོད་པས་༧གོང་ས་མཆོག་ལ་བོད་དོན་དང་འབྲེལ་བའི་བཀའ་འདྲི་ཞུས་སྐབས་༧གོང་ས་མཆོག་གིས།  ང་རང་གིས་མ་འོངས་པའི་ཟླ་ ༦ ནང་བཀའ་ཤག་དང་གྲོས་ཚོགས་གཉིས་སུ་བཀའ་བསྡུར་བྱས་ཏེ། བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་གནང་རྒྱུ་ཡིན་ཞེས་གསུངས་རྗེས། བོད་ཕྱི་ནང་གཉིས་སུ་སེམས་འཚབ་དང་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད།  

ཉིན་འདི་འགར་༧གོང་ས་མཆོག་གིས་འབྲས་ལྗོངས་སུ་ཆོས་ཕྱོགས་ཀྱི་མཛད་འཆར་ཁག་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༤ ཉིན་ཀ་སྦུག་ཁུལ་དུ་གསར་འགོད་པས་༧གོང་ས་མཆོག་ལ་བགྲེས་ཡོལ་གྱི་གནད་དོན་དེའི་ཐོག་བཀའ་འདྲི་ཞུས་སྐབས་༧གོང་ས་མཆོག་གིས་བཀའ་ལན་གནང་དོན། ངོས་རང་བོད་མི་ཞིག་དང་ཏཱ་ལའི་བླ་མའི་མིང་ཞིག་ཡོད་པའི་ཆ་ནས། བོད་ཕྱི་ནང་གི་བོད་མི་བརྒྱ་ཆ་ ༩༩ ལྷག་གིས་ང་ལ་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད་སྟབས། ངོས་ལ་ཁོང་ཚོར་ཞབས་འདེགས་བསྒྲུབ་རྒྱུའི་བཟང་སྤྱོད་ཀྱི་འགན་འཁུར་ཡོད། ངས་སྔོན་མ་ནས་ཕྱེད་རྒན་ཡོལ་ཡིན་ཟེར་གྱི་ཡོད་ལ། ད་ཆར་རྒན་ཡོལ་ཆ་ཚང་ཞུ་རྒྱུ་ཡིན་ཟེར་བ་དེ་ངོས་ནས་བོད་མིའི་འཐབ་རྩོད་བརྗེད་སོང་བ་དེ་འདྲ་མ་རེད། ངོས་རང་བོད་མི་ཞིག་ཡིན་དུས་བོད་པ་ཚོར་མི་རེ་ངོ་རེར་བོད་དོན་འཐབ་རྩོད་ཀྱི་ལས་འགན་རེ་ཡོད། ཅེས་དང་།

 

ཡང་༧གོང་ས་མཆོག་གིས་མུ་མཐུད་དོན། གཞིས་ལུས་བོད་མི་ཚོའི་ཁྲོད། ངོས་རང་གིས་རྒན་ཡོལ་ཆ་ཚང་བྱ་རྒྱུ་དེར་སེམས་ཁུར་དང་ཟིང་ཆ་ཡོང་གི་ཡོད་ཚོད་འདུག རིགས་ཁ་ཤས་ཀྱིས་༧གོང་ས་མཆོག་བོད་མིའི་འཐབ་རྩོད་ལ་དགའ་སྣང་ཡལ་བ་རེད་ཟེར་མཁན་ཡང་ཡོད་ས་རེད། དེ་འདྲ་རྩ་བ་ནས་མ་རེད། ངོས་ལ་ལས་འགན་གསུམ་ཡོད་པ་ལས་གཅིག་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ཡིན་པས་དེར་མུ་མཐུད་ཤུགས་རྒྱག་གི་རེད། ཡིན་ནའང་། གཞུང་འབྲེལ་ཡིག་ཆ་ཁག་ལ་ས་ཡིག་རྒྱག་དགོས་པ་སོགས་མི་མང་གིས་འོས་འདེམས་བྱས་པའི་བོད་མིའི་དབུ་ཁྲིད་དེར་རྩིས་སྤྲོད་རྒྱུ་ཡིན། ཅེས་དང་།  

མཐར་མར་༧གོང་ས་མཆོག་གིས། ང་རང་བྱིས་པའི་གནས་སྐབས་སུ་མང་གཙོའི་ལམ་ལུགས་སུ་ཧ་ཅང་མོས་པ་ཡོད། ཕྱི་ལོ་ ༡༩༥༢ ལོར་ངོས་ནས་བོད་ནང་གི་སྒྲིག་འཛུགས་ལ་འགྱུར་བ་གཏོང་ཐབས་བྱས་ཀྱང་ལམ་ལྷོང་མ་བྱུང་བ་རེད། ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་མཚམས་སྒྲིག་འཛུགས་ལ་འགྱུར་བ་གཏོང་ཐུབ་བྱུང་ཡོད་པ་མ་ཟད། ༢༠༠༡ ལོ་ནས་བཟུང་ཆབ་སྲིད་ཀྱི་དབུ་ཁྲིད་མང་ཚོགས་ནས་ཐད་ཀར་འོས་འདེམས་གནང་ཐུབ་ཡོད། དེའི་སྟབས་ཀྱིས་ངོས་ནས་ནམ་རྒྱུན་མང་ཚོགས་ཀྱི་བདམས་པའི་དབུ་ཁྲིད་ཀྱིས་ཏཱ་ལའི་བླ་མ་མེད་པ་ལྟར། འགན་ཆ་ཚང་ཞིག་ཁྱེར་ཏེ་ལས་ཀ་བྱ་ཐུབ་དགོས་ཞེས་ལབ་བསྡད་ཡོད། ཁྱེད་ཚོ་གསར་འགོད་པ་ཚོས་ཀྱང་རྒྱབ་མདུན་ཀྱིས་གནས་ཚུལ་ཚང་མ་ཤེས་རྟོགས་ཡོང་བ་བྱས་ཏེ། ཕྱི་གསལ་ནང་གསལ་བཟོ་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་བཀའ་ལན་གནང་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 2

  1. གནས་ཚང་། says:
    ལོ་ 16 སྔོན།

    བརྒྱ་ཆའི་བརྒྱ་ཐམ་པའི་རྒྱབ་བསྐྱོར་ཞུ་རྒྱུ་ཡིན་ལ། ང་རང་བོད་པ་ཞིག་ཡིན་པའི་རང་ངོས་ནས་གོང་ས་མཆོག་ལ་རྒན་ཡོལ་གྱི་དགོངས་པའང་སྤྲོད་ཀྱི་ཡིན། འདི་ནི་ཡེ་ཤེས་དབྱིངས་དཔྱད་རེད་ལ། ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོབ་ཐང་ཁོང་ལ་ཕུལ་ཟིན་པས་ཀྱང་ཡིན།

    Reply
  2. ཤག་སྒང་པ། says:
    ལོ་ 16 སྔོན།

    འདི་ཕྱིའི་སྐྱབས་གནས་དམ་པར་བཀའ་དྲིན་གུས་ཕྱག་གྲངས་མེད་ཞུས། ད་ནི་ང་ཚོ་བོད་མི་རྣམས་ནས་༸གོང་ས་མཆོག་གིས་གསུང་དྲོན་མོ་རྣམས་སྣང་མེད་དུ་མ་བཞག་པར་གཅིག་ཏུ་རིག་པ་བསྒྲིམས་ནས་བགྲོ་བསྡུར་ཟབ་ནན་བྱ་དགོས་པའི་དུས་ཚོད་ཛ་དྲག་ཏུ་སླེབས་ནས་འདུག ༸རྒྱལ་བ་དོན་གྱི་བདག་པོས་བོད་མིའི་རྩ་དོན་གྱི་ཐུགས་འཁུར་དུས་ནམ་ཡང་བཤོལ་མི་སྲིད། དེས་ན། ང་ཚོས་ད་ནི་༸གོང་ས་མཆོག་གི་ཐུགས་དགོངས་ལ་ཡིད་ཆེས་དང་། རྒྱ་མིས་རྒྱལ་བའི་འཆི་བསྒུག་ལ་ཡ་ལན་གསལ་པོ་ཞིག་སྟེར་ཆེད། ང་ཚོས་སང་ཉིན་གྱི་མི་རབས་གསར་པའི་བཀའ་ཤག་གསར་པ་ནས་འགོ་འཛུགས་ཀྱིས་རྒྱལ་བའི་ལམ་སྟོན་ཟབ་མོའི་འོག རང་སྲིད་རང་གིས་སྐྱོང་ཐུབ་ངེས་ཡིན་པའི་ཡིད་ཆེས་གསར་པ་ཞིག་འཛམ་གླིང་མི་མང་གི་མདུན་དུ་འབོར་དགོས་པ་ལས། ད་དུང་ཐམས་ཅད་༸གོང་ས་མཆོག་ལ་ཕུལ་ནས་བསྡད་ན་མི་འགྲིགས་པར་སེམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese