མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་རྫས་འགྱུར་གཟེངས་རྟཊ་བཞེས་མཁན་ཞིག་ངྷ་སར་འབྱོར།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཚན་རིག་དང་ནང་ཆོས་གཉིས་ནི་གཅིག་ལ་གཅིག་རྟེན་རེད། གལ་སྲིད་མི་ཞིག་ལ་ཆ་བཞག་ན། མི་དེའི་རྐང་པ་གཡས་གཡོན་ལྟ་བུ་རེད། རྐང་པ་ཡ་གཅིག་ལ་བརྟེན་ནས་གང་ཟག་དེ་ཡར་ལངས་ཏེ་འགྲོ་མི་ཐུབ་པ་ལྟར། མ་འོངས་པར་ཚན་རིག་དང་ནང་ཆོས་གང་ཞིག་ཡིན་རུང་ཆིག་རྐྱང་གིས་འཕེལ་རྒྱས་འགྲོ་ཐུབ་པ་ཁག་པོ་རེད་ཟེར།  

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་དགོང་དྲོར་ངྷ་ས་མཚན་ཉིད་གྲྭ་ཚང་གི་ཚོགས་ཁང་དུ། ཕྱི་ལོ་ ༡༩༩༡ ལོའི་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་གྲགས་ཆེན་རཱེ་ཅཱར་ཌི་ Richard Ernst མཆོག་གིས་༼ ཚན་རིག་དང་ནང་ཆོས་འཕྲད་པ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད། ༼ ཚན་རིག་ནང་ཆོས་ལ་འཕྲད་པ༽ ཞེས་པའི་བརྗོད་གཞི་དེར་ནང་གསེས་ཚན་པ་ ༣ ཡོད་པ་དང་། དེ་དག་ནི། ཁོ་རང་སྒེར་གྱི་མི་ཚེའི་ལོ་རྒྱུས་དང་། ཚན་རིག་ཞིབ་འཇུག་གི་གྲུབ་དོན་སྐོར། ཚན་རིག་དང་ནང་ཆོས་བར་གྱི་འབྲེལ་བའི་སྐོར་བཅས་རེད།

ཁོང་གིས་དོན་ཚན་འདི་གསུམ་བརྙན་པར་གྱི་ལམ་ནས་ངོ་སྤྲོད་གནང་ཡོད། རཱེ་ཅཱར་ཌི་ལགས་ནི་འདི་ལྟ་བུའི་ཚན་རིག་པ་གྲགས་ཆེན་ཞིག་གི་གོ་མིང་ཐོབ་པའི་བརྒྱུད་རིམ་ནི། ཁོང་གིས་ཆུང་བྱིས་པའི་དུས་ནས་ཚན་རིག་སྐོར་གྱི་དཔེ་དེབ་དང་ཡིག་ཆ་སྣ་ཚོགས་ལྟ་ཀློག་བྱས་ཤིང་། དཀའ་སྤྱད་འབད་བརྩོན་དང་ཧུར་ཐག་རྒྱུན་སྲིང་བྱས་མཐར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་དེ་ཐོབ་ཡོད་འདུག ཅུང་ཡ་མཚན་པ་ཞིག་ལ་ཁོང་ནི་ཚན་རིག་སྐོར་གྱི་ཆེད་ལས་སློབ་གྲྭར་འགྲིམ་པ་དང་། ཆེད་སྦྱོང་དགེ་རྒན་བསྟེན་པའི་ལོ་རྒྱུས་རིང་པོ་མི་འདུག

ཚན་རིག་སློབ་དཔོན་ཆེན་མོ་ཁོང་གི་ཨ་ཞང་ལགས་ཀྱང་སི་ཝེ་ཛི་ལན་ཌིའི་རྫས་འགྱུར་ཚན་རིག་ཆེད་མཁས་པ་གྲགས་ཆེན་ཞིག་ཡིན་ཞིང་། ཁོང་འདས་རྗེས་ཤུལ་བཞག་ཚན་རིག་ཚོད་ལྟ་ཁང་དང་། བརྟག་དཔྱད་ཡོ་ཆས་སོགས་ཁོང་ཚང་གི་ཚན་རིག་རྒྱུན་འཛིན་པའི་མཐུན་རྐྱེན་དུ་གྱུར་ཏེ། རཱེ་ཅཱར་ཌི་ལགས་ནར་སོན་སྐབས། ཁོ་རང་གིས་བེད་སྤྱོད་བྱས་ཡོད་འདུག   

སྐབས་དེར་ཚན་རིག་པ་རཱེ་ཅཱར་ཌི་ལགས་ཀྱིས་གཏམ་བཤད་གནང་དོན། རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་ཁྲོད། ཕྱོགས་ངོས་གཉིས་ནས་ངའི་རྐང་པ་གཉིས་ཀ་ས་ལ་འཛུགས་ཐུབ་པ་བྱུང་སོང་། ཕྱོགས་ངོས་དང་པོ་ནི། ང་རང་གི་མི་ཚེའི་སྟོད་དུ་ཚན་རིག་སྐོར་ལ་ཤུགས་བརྒྱབ་སྟེ། འཛམ་གླིང་རྫས་འགྱུར་ཚན་རིག་ལ་ཁ་སྐོང་ཕྲན་བུ་ཙམ་བྱས་པ་དང་། རྫས་འགྱུར་མཇའ་མདངས་བརྟག་ཆས་ Resolution of Spectorscopy དེ་ཚད་གཞི་ངེས་ཅན་ཞིག་ལ་འཕེལ་རྒྱས་གཏོང་ཐུབ་པ་བྱུང་སོང་། དེ་ལ་འཛམ་གླིང་ཐོག་ངོས་འཛིན་ཡག་པོ་ཐོབ་སྟེ། ཕྱི་ལོ་ ༡༩༩༡ ལོར་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་དེ་སྤྲད་པ་རེད། མཇའ་མདངས་བརྟག་ཆས་དེ་ནི་འོད་ཀྱི་ནུས་པར་བརྟེན་ཏེ། མིའི་དབང་རྩའི་ཕྲ་ཕུང་ལ་བརྟག་དཔྱད་ཐུབ་པ་དང་། དབང་རྩའི་ཕྲ་ཕུང་གི་གནས་བབ་ལ་བརྟེན་ནས་མིའི་ཀླད་པའི་རྩོལ་ཤུགས་དང་གྲུབ་ཆ། ལུས་ཁམས་ཀྱི་གྲུབ་ཚུལ། རྩ་དང་ཁྲག་གི་འཁོར་རྒྱུགས་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་ཀྱི་ཡོད། ཕྱོགས་ངོས་གཉིས་པ་ནི། ནང་ཆོས་ཀྱི་ཚན་རིག་སྐོར་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་དེ་ཡིན་ལ། འདིས་ང་རང་གི་མི་ཚེའི་ལྟ་ཚུལ་གྱི་ཕྱོགས་མང་པོ་ཞིག་ལ་འགྱུར་བ་ཐེབས་སུ་བཅུག་སོང་། ཞེས་བརྗོད་བྱུང་།

 

ཚན་རིག་པ་ཁོང་གིས་ནང་ཆོས་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་དང་མཉམ་དུ་བོད་པར་འབྲེལ་འདྲིས་ཐོག་མ་བྱུང་བའི་སྐོར་བརྗོད་དོན། སྐབས་དེ་ནས་བཟུང་ཁྱེད་ཅག་བོད་པ་ཚོ་ང་རང་གི་གྲོགས་པོར་གྱུར་ཞིང་། ང་རང་ཡང་དུས་དེ་ནས་བཟུང་ཁྱེད་ཅག་གི་གྲོགས་པོ་ཞིག་ལ་བརྩི་བའི་རེ་བ་ཡོད་ཟེར། ཁོང་ ༡༩༦༨ ལོར་ཐེངས་དང་པོར་ཨེ་ཤ་ཡར་འབྱོར་སྐབས། བལ་ཡུལ་དུ་བསྐྱོད་ཡོད་འདུག་ལ། སྐབས་དེའི་ཁོ་རང་གི་མཐོང་སྣང་ལ་བལ་ཡུལ་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་ཡང་། ད་ལྟ་དང་བསྡུར་ན་སྐབས་དེའི་རང་བྱུང་གི་བཀོད་པ་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད་ཟེར། སྐབས་དེར་ཁོང་གིས་བལ་ཡུལ་ནང་བོད་པའི་ཐང་ཀ་ཞིག་མཐོང་ཡོད་ཅིང་། སྐུ་ཐང་དེའི་ནང་གི་འདྲ་གཟུགས་དེ་ཚོ་སུ་ཡིན་དང་དེའི་མཚོན་དོན་གང་ཡིན་སོགས་ལ་རྒྱུས་མངའ་གང་ཡང་མེད་ཀྱང་། ཁོང་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྤྲད་ཡོད་པར་བརྟེན། སྐུ་ཐང་དེའི་སྐོར་ལ་ཞིབ་འཇུག་བྱེད་མགོ་བརྩམས་ཡོད་འདུག ཞིབ་འཇུག་གི་གོ་རིམ་ཁྲོད་ནང་ཆོས་ཚན་རིག་གི་ངོ་མཚར་པའི་གནས་ལུགས་དག་གིས་ཁོ་རང་གི་ཡིད་དབང་འཕྲོགས་ཡོད་སྟབས། དུས་དེ་ནས་བཟུང་ཁོ་རང་གིས་དངོས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དངོས་སུ་ཞིབ་འཇུག་བྱས་ཤིང་། ཞོར་དུ་བོད་ཀྱི་རིག་གཞུང་སྤྱི་དང་རྒྱལ་རབས་ལོ་རྒྱས་སོགས་ལ་ཡང་ཉམས་ཞིབ་བྱས་ཡོད་འདུག བོད་པའི་ནང་ཆོས་གཙོ་བོར་གྱུར་བའི་རིག་གནས་སྤྱི་དང་། ལྷག་པར་དུ་བོད་པའི་རྒྱལ་རབས་རིམ་བྱོན་སྐབས། བོད་ཙམ་དུ་མ་ཟད་ཨེ་ཤ་ཡའི་ས་ཁུལ་མང་དག་ཅིག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྐོར་ལའང་ཞིབ་འཇུག་བྱས་འདུག

 

སྐུ་ཐང་དེ་བརྒྱུད་ནས་ཁོང་ལ་བློ་སྐྱེད་ཆེན་པོ་ ༦ བྱུང་སྐོར་བརྗོད་ཅིང་། དེ་དག་ནི། ཨེ་ཤ་ཡ་དཀྱིལ་མའི་རིག་གཞུང་གི་ལོ་རྒྱུས་དང་། ངོ་མཚར་ཆེ་བའི་བོད་ཀྱི་ལྷ་བྲིས་ཀྱིས་མཚོན་པའི་རི་མོའི་སྒྱུ་རྩལ། བོད་ཀྱི་རི་མོ་བ་དག་གི་ཚོན་རྫས་རྡེབ་སྦྱོར་རིག་པ། བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པ། བོད་པའི་དགེ་འདུན་པ་ཚོར་དེང་གི་ཚན་རིག་བསླབ་དགོས་པའི་གལ་ཆེའི་རང་བཞིན། བོད་ཀྱི་རི་མོའི་སྒྱུ་རྩལ་རྒྱུན་འཛིན་དང་དེར་སྤེལ་གཏོང་དགོས་པ་བཅས་རེད། འདིའི་ཐད་ཁོང་གིས། ཚན་རིག་དང་ནང་ཆོས་གཉིས་ནི་གཅིག་ལ་གཅིག་རྟེན་རེད། གལ་སྲིད་མི་ཞིག་ལ་ཆ་བཞག་ན། མི་དེའི་རྐང་པ་གཡས་གཡོན་ལྟ་བུ་རེད། རྐང་པ་ཡ་གཅིག་ལ་བརྟེན་ནས་གང་ཟག་དེ་ཡར་ལངས་ཏེ་འགྲོ་མི་ཐུབ་པ་ལྟར། མ་འོངས་པར་ཚན་རིག་དང་ནང་ཆོས་གང་ཞིག་ཡིན་རུང་ཆིག་རྐྱང་གིས་འཕེལ་རྒྱས་འགྲོ་ཐུབ་པ་ཁག་པོ་རེད།  

ཕྱི་ལོ་ ༡༩༩༨ ལོར་༧གོང་ས་མཆོག་གིས། དེང་གི་རིག་གསར་ཚན་རིག་དང་ནང་བསྟན་ཆོས་ལུགས་བར་བགྲོ་གླེང་དང་སློབ་སྦྱོང་བྱ་རྒྱུའི་ལས་རིམ་ཞིག་དགོན་སྡེ་ཁག་གིས་འགན་ལེན་བྱ་ཐུབ་ན་ཞེས་བཀའ་སློབ་བསྩལ་བ་ལྟར། དགོན་སྡེ་ཁག་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ཀྱིས་ལས་གཞི་དེ་མགོ་འཛུགས་བྱས་ཡོད་ལ། ༢༠༠༡ ལོར་རཱེ་ཅཱར་ཌི་ལགས་དང་སི་ཝེ་ཛི་ལན་ཌིའི་ཆོས་འཁོར་དགོན་གཉིས་མཉམ་འབྲེལ་ཐོག་ཚན་རིག་དང་ནང་ཆོས་འཕྲད་པ་ཞེས་པའི་ལས་གཞི་ཞིག་བརྩམས་ཏེ། དགོན་སྡེ་ཁག་གི་གྲྭ་བ་ཚོར་སྔ་ཕྱིར་ཚན་རིག་དང་ནང་ཆོས་སྐོར་ལ་ཟབ་སྦྱོང་ཐེངས་མང་སྤྲད་ཡོད། ལས་གཞི་འདིར་འགྲོ་སོང་མང་ཆེ་བ་རཱེ་ཅཱར་ཌི་ལགས་ཀྱིས་ཐབས་འཚོལ་བྱེད་ཀྱིན་ཡོད་པ་མ་ཟད། གཞན་ནུབ་ཕྱོགས་པ་ཚོར་ནང་ཆོས་ངོ་སྤྲོད་དང་ཚན་རིག་པ་དག་དང་བགྲོ་གླེང་རིགས་གོ་སྒྲིག་ཞུ་བཞིན་ཡོད་འདུག ཐེངས་འདིར་ཁོང་ངྷ་སར་ཡོང་བ་དང་པོ་ཡིན་འདུག་ལ། ཐེངས་འདིར་ཁོང་གིས་ངྷ་སྟེང་བོད་ཁྱིམ་དང་བོད་ཀྱི་དཔེ་མཛོད་སོགས་སུའང་ཚན་རིག་དང་ནང་ཆོས་སྐོར་ལ་གཏམ་བཤད་གནང་འཆར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 4

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 16 སྔོན།

    ཚལ་རིག་པ་ཚོའི་ངོས་ནས་ནང་ཆོས་དང་ཚལ་རིག་གཉིས་རྐང་གཉིས་ལྟར་བུ་ཞིག་ངོས་འཛིན་ཀྱང་ངས་ངོས་ནས་ནམ་ཡང་འཛིན་མི་སྲིད་་་་་་་་་་་་་་་་་་་་་་་་ནང་ཆོས་ཉིད་ནས་ལུས་སེམས་བདེ་སྐྱིད་བསྐྲུན་ཐུག་པ་དངོས་ཡོད་གནས་སྟངས་རེད་

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    ནུབ་ཕྱོགས་པའི་མཁས་པ་ཆེན་པོ་འདི་ཚོས་ཀྱང་བོད་ཀྱི་ཆོས་དང་རིག་གཞུངས་ལ་འདི་ལྟར་རིན་ཐང་མཐོང་བཞིན་ཡོད་ཀྱང་། བོད་པ་ཚོས་རང་གི་ཆོས་རིག་དང་། དེ་དག་གི་བརྩ་་བ་གྱུར་པའི་སྐད་ཡིག་དག་འཕོང་ཕྱིས་ཀྱི་རྡོ་བཞིན་དུ་གཡུག་བཞིན་ཡོད་པ་ནི་ཇི་འདྲའི་ཡ་ང་བ་ཞིག་རེད

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རིགས་ངན་མའོའི་རྗེས་འབྲངས་པས་མཐོང་ཆུང་ཐུབ་ཚོད་གཏོང་སའི་མི་རིགས་ཅིག་ལ། གདོང་དཀར་སེམས་དཀར་བློ་རྒྱ་ཆེ་བའི་ཕྱི་རྒྱལ་ཚན་རིག་སློབ་དཔོན་གཅིག་གིས་བརྩེ་སེམས་དང་རེ་སེམས་ངང་ནས་ཚན་རིག་སློབ་སྟོན་དུ་ཕེབས་པར་བཀའ་དྲིན་ཤིན་ཏུ་ཆེ་བ་མ་ཡིན་ནམ།

    Reply
  4. གནས་ཚང་། says:
    ལོ་ 16 སྔོན།

    ཧ་ཅང་རླབས་ཆེན་གྱི་ལས་གཞི་ཞིག་རེད། བོད་པ་ཚོས་དོ་སྣང་འཕར་མ་སྤྲད་འོས་ཆགས་འདུག ཚན་རིག་པ་འདི་རིན་པོ་ཆེ་ཡི་ནང་གི་ཡང་རིན་པོ་ཆེ་ཞིག་རེད། ནུས་པ་འཕྲོ་བརླག་ལ་མ་བཏང་ཞིག་གནང་གལ་ཆེན་པོ་རེད། དེ་འདྲ་ཞིག་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese