མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གི་བདེ་འཇགས་རྐང་ཚ། – བློ་གྲོས་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ།      རྫོང་སྤྱི་བདེ་ལས་ཁུངས་ཀྱིས་བརྒྱ་ཆའི་བདུན་ཅུ་ཡིག་ནོར་ཡིན་པའི་བོད་ཡིག་གི་ཡིག་ཆ་ཞིག་དེ་གའི་མང་ཚོགས་ལ་བཀྲམས་པར་མི་རྣམས་ཀྱིས་ཡིག་ཆ་དེའི་མིང་ལ་བདེ་འཇགས་རྐང་ཚ་ཞེས་བཏགས།      དེ་ལ་མི་རིགས་ཀྱི་སྐད་ཡིག་གི་ལས་དབང་ལ་སེམས་ཁུར་བྱེད་པའི་མི་རྣམས་ཀྱིས་རྙོག་གླེང་ཆེན་པོ་བཟོས་པ་དྲ་ཐག་འདིར་གནོན་དང་གཟིགས་ཐུབ།    
http://www.tibetcm.com/html/list_19/da00df6b9910e0f43a690a39d2e2d2ce/

ཉེ་བའི་དུས་ཚོད་འདིར་བོད་མི་རིགས་ཀྱི་སྐད་ཡིག་ལ་ཆག་སྒོ་འཕར་མ་བྱུང་ཞིང་།    གཞིས་བྱེས་བོད་མི་ཤེས་ཡོན་ཅན་རྣམས་ཀྱིས་སེམས་ཁུར་ཆེན་པོས་ཛ་དྲག་གིས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སྐབས།      གཞུང་མང་པོར་བལྟ་མྱོང་མདོག་གི་མི་ཁག་ཅིག་གིས་བོད་ཀྱི་སྐད་ཡིག་དང་།     སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ།    ཐ་ན་ཀློག་མཁན་ཚོ་ཙམ་ལ་ཡང་བརྩི་བཀུར་སྤུ་ཙམ་མེད་པར་ཤོག་ལྷེ་གཅིག་གཉིས་རེ་ལ་ཡིག་ནོར་ལྔ་བཅུ་ལས་བརྒལ་བ་བྲིས་ཏེ་ཕྱོགས་གང་སར་ཁྱི་སྨྱོན་ཀྱི་ཁ་ཆུ་ལྟར་འཛེམས་མེད་དུ་གཏོང་བཞིན་པ་ནི་ཆེས་མ་འོས་པ་ཞིག་རེད།     བླུན་པོ་ཡིག་རྨོངས་པ་ཅི་ཡང་མི་ཤེས་མཁན་ཞིག་ཡིན་ན་ཁག་མེད་མོད།      གྲྭ་སར་བསྡད་ནས་གཞུང་མང་པོར་སྦྱངས་ཟིན་པ་ཡིན་ཟེར་མཁན་གྱི་མི་ཚོས་འདི་ལྟར་བྱས་ན་དེ་ནི་དངོས་གནས་བོད་ཀྱི་སྐད་ཡིག་ལ་ཤ་མི་ཚ་བ་དང་།      དོ་སྣང་མེད་པ།     སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་རྣམས་ལ་ཆེད་དུ་སུན་པོ་བཟོ་བ་དང་།     བརྙས་བརྐོ་བ་ལྟ་བུ་ཞིག་ལས་མ་མཐོང་།     ཡིག་ནོར་འབྲི་མཁན་འགའ་ཞིག་གིས་མཆན་ཐུང་ཐུང་རེ་རེའི་ནང་དུ་ཡིག་ནོར་བཅུ་ཁ་བཅོ་ལྔ་རེ་མེད་ས་ཧ་ལམ་མེད་ཅིང་།     ཅུང་རིང་བ་རེ་བྲིས་ན་ཡིག་ནོར་འགྲན་བསྡུར་གྱི་ཆེད་རྩོམ་ཤིག་བྲིས་པ་དང་འདྲ་བས་ཞེ་མེར་གཏིང་ནས་ལངས་དགོས་པ་ཞིག་འདུག      འདིར་ཡིག་ཚོགས་ལ་འཇིགས་ནས་དཔེ་མཚོན་མང་པོ་འགོད་མི་ཐུབ་ཀྱང་།     དཔེ་མཚོན་གཅིག་བཀོད་ན་གཤམས་ཀྱི ༼བོད་འབངས་ཡོངས་ལ་ཚོགས་གཏམ་དུ་བྱ་བ་ལུགས་གཉིས་སྐྱོང་བའི་ཁྲིམས་རྒྱུག༽ཟེར་བ་འདི་ལ་ལྟོས་དང་དེ་ནས་ཕྱོགས་ཙམ་ཤེས་ངེས།  

འོ་ཡ་གཞོན་ནུ་ཟླ་མེད་དགེ་བསྐོས་༼ སྐོེས་༽ལ་བརྐོས་༼བསྐོས་༽པའི་ཇ་ཐུན་དང་པའོ་༼ པོའི་༽ཚོགས་གཏམ། ཀ་བ་ལ་ཁྲིམས་རྒྱུགས་༼རྒྱུག་༽ཀྱིས་ལན་གསུམ་རྡུང་༼བརྡུངས༽ནས། འོ་ཡ། ད་ཕྱོགས་གང་སང་༼སར་༽བཞུགས་པའི་ར་ལང་ཆ་ལང་གི་བོད་འབངས་རྣམས་ལ་ཚོགས་གཏམ་འབུལ་བའི་རིམ་པ་ནི།    དང་བོ་༼པོ་༽བླ་མ་དཔོན་པོ་རྣམས་ལ་ཚོགས་གཏམ་གཏོང་བའི་རིམ་པ་དང་།    གཉིས་པ་གསར་བུ་འགོ་༼མགོ་༽སྟོང་རྣམས་ལ་ཚོགས་གཏམ་འབུལ་བའི་རིམ།༼པ་༽ གསུམ་པ་དྲ་ལམ་འབག་ཙོགས་༼བརྩོག་༽པ་རྣམས་ལ་ཚོགས་གཏམ་གཏོང་བའི་རིམ་པ་འོ།༼པའོ།། ༽ ༼།།༽

དང་པོ་བླ་མ་དཔོན་པོ་རྣམས་ལ་ཚོགས་གཏམ་ཕུལ་༼འབུལ་༽བའི་རིམ་པ་ནི། དཔོན་པོ་ཉམས་མྱོང་ཅན་ཚོས་བཀྲིས་དབང་འདུས་གཞུང་དོན་ལ་གཡོལ་ཐབས་བྱེད་ཆོག་མི་ཡོང་ངོ་། ༼ངོ་།།༽  དེ་དང་ཕྱོགས་མཚུངས་དབང་ཤེད་ཅན་ཚོས་གཞུང་ནོར་རྐུ་༼རྐུན་༽མ་རྒྱག་ཆོག་མོ་༼ མི་༽ཡོང་ངོ་། ༼ངོ་།།༽   དེ་དང་ཕྱོགས་མཚུངས་སྲིད་དོན་གཡོ་འཁྲམ་༼འཁྲུབ་༽ཅན་གྱིས་རྩ་ཁྲིམས་ལ་བསྒྱུར་༼སྒྱུར་༽བཅོས་བྱེད་ཆོག་མི་ཡོང་ངོ་།༼ངོ་།།༽    དེ་དང་ཕྱོགས་མཚུངས་བླ་མ་ལས་སྣེ་ཁ་ཤས་སྤྱན་རས་གཟིགས་ལ་ངོ་ལྐོག་་བྱས་ཆོག་མི་ཡོང་ངོ་།༼ངོ་།།༽ དེ་དང་ཕྱོགས་མཚུངས་མཁས་པ་སྐད་གྲགས་ཅན་ཚོས་ཆོས་དང་ཆོལ་ཁའི་བར་དུ་དཀྲུགས་ཤིང་བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽  དེ་དང་ཕྱོགས་མཚུངས་གཞུང་བསྟེན་དགྲ་ལྷ་རྣམས་ཀྱིས་ལུང་བསྟན་རྫུན་མ་བཤད་ཆོག་མི་ཡོང་ངོ་། ༼ ངོ་།།༽   དེ་དང་ཕྱོགས་མཚུངས་སྐུ་ངོ་དོན་སྤྱོད་༼གཅོད་༽རྣམས་ཀྱིས་མི་མང་གི་བདེ་སྡུག་ལ་མིག་གིས་ཡོ་གཟིར་༼བཟུར་༽བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽   དེ་དང་ཕྱོགས་མཚུངས་སྐུ་ངོ་དྲུང་ཡིག་རྣམས་ཀྱིས་ཡོད་ཚད་དབང་གཅོད་བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽   ལྷག་པར་དུ་ཆོས་བརྒྱུད་ཚང་མའི་བླ་མ་ཆེ་ཆེ་དྲག་དྲག་རྣམས་ལ་བོད་གཞུང་གི་འོག་ཏུ་བྱ་སྤུ་མནོན་༼ ནོན་༽གྱི་ཚུལ་དུ་འདུ་དགོས་པ་ལས་བོད་གཞུང་གི་སྟེང་དུ་ང་ཆེ་ང་དྲག་ཕག་པའི་ཟེ་བ་ལྟར་བྱས་ནས་བཞུགས་ཆོག་མི་ཡོང་ངོ་། ༼ ངོ་།།༽   དེའི་རྗེས་འཇུག་སློབ་མ་རྣམས་ཀྱང་བོད་གཞུང་གི་བཀའ་ལ་ཉན་ནས་དཔུང་པས་དབུ་འདེགས་བྱེད་པ་ལས་ཤོག་སྦུབ་རླུང་འཚང་གིས་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གཞི་བསླངས་༼བསླང་༽ཆོག་མི་ཡོང་ངོ་། དེ་དང་ཕྱོགས་མཚུངས་ཐབ་ཚང་ཇ་མ་རྣམས་ཀྱིས་སུར་པན་དང་སྒོག་པ་རྐུ་༼རྐུན་༽མ་རྒྱབ་༼རྒྱག་༽ཆོག་མི་ཡོང་ངོ་། ༼ ངོ་།།༽  

དེ་ནས་གཉིས་པ་གསར་བུ་མགོ་སྟོང་རྣམས་ལ་ཚོགས་གཏམ་ཕུལ་༼འབུལ་༽བའི་རིམ་པ་ནི། བསླབ་པ་དང་ལས་ཀའི་གོ་རིམ་རིམ་གྱིས་བགྲོད་པ་ལས་ཐོད་རྒལ་གྱིས་སངས་རྒྱས་བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽   འུར་གཏམ་དང་སྟོང་གཏམ་ཁོ་ནས་ཤོག་བུའི་སྟག་བཟོས་ནས་བྱིས་པ་རྣམས་ལ་འདྲོགས་༼འདྲོག་༽བསླང་ཆོག་མི་ཡོང་ངོ་།༼ ངོ་།།༽   ཤེས་ཡོན་དང་འཇོན་ཐང་ཉམས་མྱོང་སོགས་རིམ་གྱིས་བརྒྱུད་དགོས་པ་ལས་རྐང་པ་གང་མགྱོགས་དང་ཧམ་པ་སུ་ཆེས་ཀྱིས་༼ཆེས་༽ཚོགས་རྗས་༼རྫས་ ༽ལ་འཕྲོག་རེས་བྱེད་པ་ལྟར་བྱེད་ཆོག་མི་ཡོང་ངོ་།༼ ངོ་།།༽   ལག་ཁྱེར་རྫུན་མ་དང་ཉམས་མྱོང་རྫུན་མ་ཤེས་ཡོན་རྫུན་མ་སོགས་ཁྱབ་བསྒྲགས་གིས་༼ ཀྱིས་༽རྟ་ལམ་བོང་བུས་བཀག་ཆོག་མི་ཡོང་ངོ་།༼ ངོ་།།༽   གསུམ་པ་ཤེས་ཡོན་པ་རྣམ་༼རྣམས་༽ལ་ཚོགས་གཏམ་ཕུལ་༼འབུལ་༽བའི་རིམ་པ་ལ།ཡར་མར་གང་སར་གཞི་མེད་སྐྱོན་འཛུགས་་ཀྱིས་བོད་དོན་ཕྱག་ལས་བྱེད་མཁན་རྣམས་ཀྱི་སེམས་ཤུགས་བཅགས་༼གཅོག་༽ཆོག་མི་ཡོང་ངོ་།༼ ངོ་།།༽   ཆོས་ལ་སྐྱོན་བརྗོད་བྱེད་ཁུལ་གྱིས་བོད་སྤྱི་ཚོགས་ནུས་མེད་དུ་བཟོ་ཆོག་མི་ཡོང་ངོ་།༼ ངོ་།།༽   ཆོས་བྱེད་པ་རྣམས་ནས་ཀྱང་ཆོས་མེད་ཀླ་ཀློའི་རྗེས་འབྲངས་༼འབྲང་༽ཅེས་རང་རིགས་རྗེས་རབས་པ་ཁ་ཤས་སྤྱི་ཚོགས་ལས་ཟུར་དུ་ཕུད་ཆོག་མི་ཡོང་ངོ་།༼ ངོ་།།༽   མདོར་ན་ཞུ་བ་པོས་ཞུ་མ་ཤེས་ཀྱང་གསན་པ་པོས་གསན་ཤེས་པའི་སྒོ་ནས་རང་དོན་རང་གཅེས་ཀྱིས་བོད་དོན་སྤྱི་དང་བྱེ་བྲག་ཆོས་དང་རིགས་༼ རིག་༽གཞུང་རྣམས་ཉམས་པ་སླར་གསོ་དང་གསར་བྱུང་གསབ་འཇུག     མ་ཉམས་གོང་སྤེལ་བཅས་བྱས་ནས་རང་རིགས་ཁ་བ་རི་བ་རྣམས་ཀྱི་ཆབ་དཔལ་རིག་གསུམ་དབྱར་གྱི་ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པ་བཞིན་གོང་ནས་གོང་དུ་འཕེལ་བའི་རམ་འདེགས་སུ་བསྒྲོན་ནས་མེ་ཏོག་གངས་༼གང་༽ལ་ཕོག་པའི་ལྷ་བསྐལ་༼སྐལ་༽གངས་ཅན་མགོན་པོ་མཆོག་གི་ཐུགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བ་ཞིག་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞུ།།

ཚོགས་གཏམ་ཟེར་བ་འདི་རང་དབང་དྲ་བའི་སྟེང་དུ་བཀོད་འདུག་པས་རྩོམ་གྱི་ཨ་མ་དངོས་དྲ་ཐག་འདི་ནས་ཀློག་ཤིགས།  http://www.rangwang.net/index.php?essayId=1067 

དེས་ན་ནམ་རྒྱུན་ང་མཁས་པ་ཡིན་ཟེར་ནས་སྐད་རྒྱག་མཁན་ཚོས་ཡིག་ནོར་འདི་ཙམ་ཞིག་མི་འབྲི་རོགས་ཞེས་ཞུ་བ་འཐེན་པ་ཡིན།     ཐ་ན་མིག་ལྟོས་ལ་ཡང་གནོད་ཀྱི་འདུག     དངོས་གནས་སུམ་རྟགས་དག་གསུམ་མི་ཤེས་པ་ཡིན་ན་བོད་ཀྱི་སྐད་ཡིག་གི་ལས་དབང་ལ་བསམ་ནས་ནངས་དགོང་རྣམས་ལ་ཅུང་ཞིག་སྦྱང་རོགས་ཞུ།     ཡང་རང་ལ་དགོས་པའི་ཐ་སྙད་དེ་འདྲའི་དག་ཆ་མི་ཤེས་ན་ཚིག་མཛོད་ལ་ལྟོས་དང་སྟབས་བདེ་རེད།   དེ་མིན་སངས་རྒྱས་ལ་སིང་ལྒྱས།དགེ་འདུན་ལ་རྒེ་འདིན།སྐྱབས་འགྲོ་ལ་རྐྱབ་འདྲོ།    བླ་མ་ལ་བརླ་མ།    བོད་ཡིག་ལ་སྦོད་ཡིགས།     ཆབ་སྲིད་ལ་ཆབས་སྲུད།    ཉི་མ་ལ་ཉུ་མ།    ཟླ་བ་ལ་རྡ་བ་ལྟ་བུ་ལས་འབྲི་མི་ཤེས་ན་ཧ་ལམ་མ་བྲིས་ན་ལེགས་པ་འདྲ་བས་དཔྱད་མཛོད།    སྤྱིར་དག་ཡིག་མིག་འདྲིས་དང་།   སྙན་ངག་རྣ་འདྲིས་ཟེར་བའི་དཔེ་ཡོད་པ་ཡིན་པས་བོད་ཡིག་གི་ཐོག་ནས་གཞུང་མང་པོར་བལྟ་ཚར་མཁན་ཚོས་བོད་ཡིག་གི་དག་ཆ་དེ་ལས་ཅུང་ལེགས་ཙམ་ཞིག་ཤེས་ན་ཆོག་པ་ལའང་།     

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༤ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༤ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༦ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༦ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

མཆན། 5

  1. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    ད་ནི་བདེ་འཇགས་རྐང་ཚ་གླེང་མཁན་གྱིས་ཀྱང་ཡིག་ནོར་སྤེལ་གྱི་ཡོད་འདྲ། ཨ་ལ་ཀུ་རེ་ཡིན་ཏེ། སྤུས་ཇེ་དག་ཏུ་གཏོང་ན་ནི། གཤམ་གྱི་འདི་ཚོར་བསྐྱར་ཞིབ་ཅིག་དགོས་ནས་འདུག

    ཁྱི་སྨྱོན་༼ཀྱི༽་ཁ་ཆུ་ལྟར་འཛེམས་མེད་དུ་གཏོང་བཞིན་པ་ནི་ཆེས་མ་འོས་པ་ཞིག་རེད།
    ༼བརྙས༽་བརྐོ་བ་ལྟ་བུ་ཞིག་ལས་མ་མཐོང་
    དཔེ་མཚོན་གཅིག་བཀོད་ན་༼གཤམས༽་ཀྱི

    Reply
  2. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    བློ་གྲོས་མཐའ་ཡས་ལགས་སྔོན་གྱི་ཐུག་ས་དེར་གཟིགས།

    Reply
  3. བློ་གྲོས་མཐའ་ཡས། says:
    ལོ་ 15 སྔོན།

    རིན་ཆེན་རིལ་བུ་ལགས། ངས་ཀྱང་ཁྱོད་ཀྱི་མཆན་དེ་ལ་ལན་མདོ་ཙམ་ཞིག་དུས་བབ་ཟིན་བྲིས་ཀྱི་ཤོག་ངོས༢པའི་ཨ་ཅུང་ཚང་བསྟན་པ་ཡར་འཕེལ་གྱི་ཟིན་བྲིས་ནང་གི རྒྱལ་བ་མདོ་ཁམས་པ་ཆེན་པོ་ཟེར་ས་དེར་བཞག་ཡོད་པས་ལྟོས་ཤིག གྲོགས་པོ་དྲིན་ཅན་པོ། ང་ཕྱུག་པོ་དང་འཇོན་པོ་རེད་ཟེར་མཁན་ཁྱོད་གཅིག་པོ་ལས་མེད། ཁྱོད་ངོ་མ་ཐུགས་རྗེ་ཆེ།

    Reply
  4. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    བློ་གྲོས་མཐའ་ཡས་ལགས་ཀྱིས་རྩོམ་འདི་ཡག་པོ་བྲིས་འདུག ངས་ཁྱོད་ལ་བསམ་
    ཚུལ་འགའ་བྲིས་ཡོད་པས་དུས་བབ་ཟིན་བྲིས་ཀྱི་ཤོག་ངོས༢པའི་ཨ་ཅུང་ཚང་་་་
    བསྟན་པ་ཡར་འཕེལ་གྱི་ཟིན་བྲིས་ཀྱི་རྒྱལ་བ་མདོ་ཁམས་པ་ཆེན་པོ་ཟེར་སར་ལྟོས་
    དང་།

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    དངོས་གནས་ཡིག་ནོར་བྲིས་པ་ཐལ་དྲག་འདུག

    ཡིན་ནའང་རང་རེའི་གཞུང་ཡིག་ཁག་ཅིག་འདི་དང་འདྲ་ས་ཡོད་ཀི དེར་བསམ་ན་ཁོང་ཚོར་ཁག་ག་ལ་ཡོད། བོད་ཀྱི་སྐད་ཡིག་རྨེག་མེད་གཏོང་འདོད་ནས་བྱས་པ་རེད། འོན་ཀྱང་བཙན་བྱོལ་ནས་བདག་པོ་རྒྱག་གི་ཡིན་ལབ་ཀྱིན་དེ་ལྟར་བྱས་པ་ནི་དངོས་གནས་བཤད་ན། སེམས་ཕངས་དགོས་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese