མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་བར་གྱི་ཐེ་ཝན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༡༦ བར་གྱི་ཉིན་གཉིས་རིང་། རྒྱ་ནག་དང་ཨ་རི་གཉིས་བར་གྱི་ཚོང་ལས་མཉམ་འབྲེལ་གྱི་ལྷན་ཚོགས་ཐེངས་ ༢༡ པ་ཟེར་བ་དེ་ཚོགས་ཡོད་འདུག ཚོགས་འདུ་དེར་ཨ་རིའི་ཕྱོགས་ནས་དཔལ་འབྱོར་བློན་ཆེན་གྷ་རེ་ལོ་ཁུ་ (Gary Locke)  དང་། ཚོང་འབྲེལ་འཐུས་མི་རོན་ཁེ་རིག་ (Ron Kirk) གཉིས་བཅར་ཡོད་འདུག་ལ། རྒྱ་ནག་གི་ཕྱོགས་ནས་རྒྱལ་སྲིད་བློན་ཆེན་ཟུར་བ་ཝང་ཀྲི་ཧྲན་གཙོས་པའི་མི་སྣ་ཁག་ཅིག་མཉམ་ཞུགས་བྱས་ཡོད་འདུག

ཐེངས་འདིར་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་གནད་དོན་འགར་གྲོས་མོལ་བྱས་ཏེ་མིང་རྟགས་བཀོད་ཡོད་འདུག འདིའི་ཐད་ཨ་རིའི་དཔལ་འབྱོར་བློན་ཆེན་གྱིས། ཐེངས་འདིའི་ཚོང་དོན་གྲོས་མོལ་དེ་ལོ་རྗེས་མའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཨ་རིར་ཡོང་སྐབས། ཨ་རྒྱ་གཉིས་བར་སླར་ཡང་ཚོང་དོན་གྲོས་ཆོད་གང་མང་ཞིག་འཇོག་ཐུབ་པའི་རྨང་གཞི་ཡིན་ཚུལ་བརྗོད་འདུག འདི་ལྟར་ཨ་རྒྱ་གཉིས་བར་གྱི་མཐོ་རིམ་དཔོན་རིགས་ཀྱི་འགྲོ་འོང་དེ་ལ་ཐེ་ཝན་བློ་འཚབ་ཆེན་པོ་སྐྱེ་བཞིན་ཡོད་འདུག

ལྷག་པར་དུ་ཕྱི་ཚེས་ ༡༦ ཉིན་ཨ་རིའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཇེམ་སི་སི་ཁྲེན་བྷེར་གྷི་ (James Steinberg) ལགས་དང་། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཚའུ་ཐེན་ཁོའུ་གཉིས་ཀྱིས་པེ་ཅིན་དུ་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུ་དེའི་ཐད་ཨ་རིའི་སྲིད་གཞུང་གི་མགྲིན་ཚབ་པས། ཐེངས་འདིའི་ཚོགས་འདུའི་ནང་དོན་གཙོ་བོ་ཕྱོགས་གཉིས་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་གནད་དོན་འགའ་དང་། ལོ་རྗེས་མ་ཧུའུ་ཅིན་ཐོ་ཨ་རིར་ཡོང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་དེས་ཐེ་ཝན་ལ་སྔར་ལས་ལྷག་པའི་སེམས་འཚབ་ཅིག་བསླངས་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་ཐེ་ཝན་ཕྱི་འབྲེལ་དྲུང་ཆེ་ཧྲིན་ལུའུ་ཞོན་གྱིས།  ཨོ་བྷ་མ་སྲིད་གཞུང་གིས་ལོ་རྗེས་མར་ཧུའུ་ཅིན་ཐོ་ཨ་རིར་སླེབས་སྐབས། ཡང་བསྐྱར་ལོ་སྔོན་མ་ལྟར་མཉམ་འབྲེལ་གསལ་བསྒྲགས་དེ་འདྲ་སྤེལ་སྲིད་པར་ཐེ་ཝན་གྲོས་ཚོགས་དང་། ཕྱི་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཨོ་བྷ་མ་དང་ཧུའུ་ཅིན་ཐོ་གཉིས་ཀྱི་གྲོས་མོལ་སྐབས། ཐེ་ཝན་གྱི་ཁེ་ཕན་ལ་གནོད་པའི་གནས་ཚུལ་རིགས་མི་འབྱུང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

 ཐེ་ཝན་རྒྱལ་དོན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ལིག་ཧྲི་ཀྲུང་གིས་ཀྱང་གསར་ལམ་ཁག་ཏུ།  ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་ཨོ་བྷ་མ་རྒྱ་ནག་ཏུ་བསྐྱོད་སྐབས། ཧུའུ་ཅིན་ཐོ་དང་ལྷན་དུ་གསལ་བསྒྲགས་ཤིག་སྤེལ་བ་དེ་ནི། རྒྱ་ནག་གིས་ཨ་རྒྱ་གཉིས་བར་གྱི་ཆབ་སྲིད་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱས་ཏེ། ཨ་རིས་རྒྱ་ནག་གི་གཞི་རྩའི་ཁེ་ཕན་ལ་བརྩི་འཇོག་བྱ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་མ་ཟད།  ཨ་རིའི་གཞུང་གིས་ཐེ་ཝན་ལ་དམག་ཆས་མཁོ་འདོན་དང་། རྒྱ་ནག་གི་ལྷོ་ཁུལ་རྒྱ་མཚོའི་བདག་དབང་སོགས་རྒྱ་ནག་གི་ཁེ་ཕན་དུ་བགྲངས་ཏེ་གླེང་རྙོག་སྣ་ཚོགས་བཟོས་ཡོད་པ་རེད་ཟེར།  

བདུན་ཕྲག་སྔོན་མའི་ཝ་ཤིན་ཊོན་གྱི་དཔྱད་གླེང་ཚོགས་འདུ་ཞིག་གི་སྟེང་། ཨ་རིའི་འཐབ་ཇུས་དང་རྒྱལ་སྤྱིའི་ཉམས་ཞིབ་བསྟི་གནས་ཀྱི་ཉམས་ཞིབ་པ་བྷོ་ནའེ་གྷི་ལ་སིར་ (Bonnie Glaser) ལགས་ཀྱིས་ཀྱང་། ལོ་སྔོན་མའི་མཉམ་འབྲེལ་གསལ་བསྒྲགས་དེས་ཨ་རྒྱ་གཉིས་བར་གྱི་ཆབ་སྲིད་ལངས་ཕྱོགས་གསལ་བོ་བཟོས་ཡོད་པ་རེད། ཨོ་བྷ་མ་སྲིད་གཞུང་གིས་མ་འོངས་པར་བསྐྱར་དུ་གསལ་བསྒྲགས་སྤེལ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག  ལོ་སྔོན་མའི་མཉམ་འབྲེལ་གསལ་བསྒྲགས་དེས་ཐེ་ཝན་ཙམ་མ་ཡིན་པར། རྒྱ་གར་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་དག་ལའང་བློ་འཚབ་བསླངས་ཡོད་ཅེས་བརྗོད་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. ལུང་རྟོགས། says:
    ལོ་ 16 སྔོན།

    རྒྱལ་ཁབས་ཆེན་པོ་འདི་ཚོས་སོ་སོའི་ཁེ་ཕན་གྱི་ཆེད་དུ་མཉམ་འབྲེལ་བྱེད་ཏེ། རྒྱལ་ཁབས་ཆུང་ཆུང་དང་མི་རིགས་ཉམས་ཆུང་ཚོའི་བདེ་སྡུག་ལ་བསམ་བློ་གཏན་ནས་གཏོང་གི་མི་འདུག་ལ། བྱེད་སྟང་འདིས་མ་འོང་པར་འཛམ་གླིང་འདི་ཆགས་སྒོའི་ནང་ལ་ཁྲིད་ངེས་རེད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བློ་དགའ་ལགས་ཀྱིས་ཡིག་གཟུགས་ལ་ངེས་ཏན་འཇོག་དཀའ་འོ་།།ཞེས་གསུངས་འདུག་ཀྱང་འབྲེལ་མེད་ཀྱི་སྐད་ཆ་འདྲ་ཅིག་མ་གཏོགས་གོ་བ་ལེན་སྟངས་ཤེས་མ་སོང་།
    གསལ་བཤད་ཤིག་གནང་རོགས་ཞུ།

    Reply
  3. བློ་དགའ། says:
    ལོ་ 16 སྔོན།

    ཚེ་རིང་རྒྱལ་ཟེར་བའི་གསར་འགོད་པ་འདི་སྔོན་མ་དུས་བབ་ཚགས་པར་སྟེང་དུ་ཁོང་གི་མཚན་མཐོང་མྱོང་མོད། ད་བར་གསར་འགྱུར་སྤེལ་བ་མཐོང་མ་སོང་། ཉེ་ལམ་ཞིག་ནས་ཁོས་གསར་འགྱུར་རྩ་ཆེན་འགའ་སྤེལ་སོང་ལ། ལྷག་པར་དུ་རྒྱ་ནག་ལ་ཉམས་ཞིབ་བྱས་པ་དེ་ང་ཚོར་དགོས་མཁོ་ཆེན་པོ་ཞིག་གི་ཁ་སྐོང་རེད།
    འཽ་་་་་་་་གོང་དུ་ཅོ་རི་ཉི་མ་ལགས་ཀྱིས་རྒྱ་མིང་བོད་བསྒྱུར་བྱས་པ་ཞིག་འགྲིག་མེད་སྐོར་བརྗོད་འདུག་པ་དེར་ངས་ཀྱང་བསམ་ཚུལ་ཞིག་བཤད་འདོད་བྱུང་སོང་། སྤྱིར་རྒྱ་ཡིག་དང་དབྱིན་ཡིག་ཐོག་གི་མིའི་མིང་རིགས་སྒྲ་སྒྱུར་ལས་དོན་བསྒྱུར་ཡོང་ཐབས་ཡོད་པ་མ་རེད། སྒྲ་སྒྱུར་དེ་ཡང་འདོད་རྒྱལ་ལྟ་བུའི་ཐོག་ནས་བསྒྱུར་རྒྱུ་ལས་གཞི་འཇོག་ས་ཞིག་ཕལ་ཆེར་མེད། དེའི་རྐྱེན་ཀྱིས་སྒྲ་ཅི་བཞིན་ཐོན་ཐབས་ལ་འབད་བརྩོན་བྱ་རྒྱུ་ལས་ཡིག་གཟུགས་ལ་ངེས་ཏན་འཇོག་དཀའ་འོ་།།།

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས་གསར་འགྱུར་དུས་ཐོག་ཏུ་སྤེལ་བ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དག་ཆ་སོགས་ལ་དོན་སྣང་མང་ཙམ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ལས་ཝ་ཤིན་ཊོན་ཞེས་བྲིས་ན་བདེ་བ་མིའདུག་གམ།

    Reply
  6. དམག་ལོག་ says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་རླུང་ལངས་པ་ཁག་མི་འདུག བོད་ཕྱི་རོལ་ནས་རྒྱ་གར་གྱི་ཡི་གེ་ཊ་ཎ་ལོག་ཋ་་ཌ་ཧྒསོགས་ལོག་ཡིག་འབྲི་སྲོལ་དར་ཁྱབ་ཆེན་པོ་ཡོད་པ་འདི་ཡག་པོ་མ་རེད། བོད་ཡིག་རང་གི་ནང་ནས་སྒྲ་གང་ལྟར་ཡོང་ན་དེ་ལྟར་བྲིས་ན་ལེགས་བསམ། ཐུགས་རྗེ་ཆེ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    《གྷརེ་ལོ་ཁུ་ རོན་ཁེརིག 》 གསར་འགོད་པ་ཚེ་རིང་རྒྱལ་ལགས། ཚིག་འདི་གཉིས་གཞུང་ལུགས་གང་ལ་བརྟེན་ནས་བྲིས་པ་ཡིན་ནམ། ཁེརིག་ཞེས་པ་འདི་ཅི་འདྲ་བྱས་ནས་ཀློག་དགོས་སམ། སྔོན་འཇུག་གང་ཡིན་དང་མིང་གཞི་གང་ཡིན། རྗེས་འཇིག་གང་ཡིན་གསལ་པོ་ཞིག་གསུང་རོགས་ཞུ།

    མི་ཞིག་གི་མིང་དང་ས་ཆ་ཞིག་གི་མིང་འབྲི་དུས་འདི་འདྲ་རྐྱང་རྐྱང་བྲིས་བསྡད་པ་ཡིན་ན་མ་འོང་པར་བོད་ཡིག་འདིར་སུས་ཀྱང་ཀློག་མི་ཤེས་པ་ཞིག་ཡོང་གི་མ་རེད་པས།

    ཨིན་ཡིག་འབྲི་སྟངས་ནང་བཞིན་བྱས་ནས་འབྲི་གཅིག་ལ་ཚེག་མེད་པའི་ཐོག་ནས་སྒྲ་གདངས་གཉིས་རེ་གསུམ་རེ་ཐོན་ཡ་ཡོད་པའི་བོད་ཡིག་འབྲི་སྟངས་འདིས་བོད་ཡིག་གཏོར་བརླག་གཏོང་གི་མ་རེད་པས།

    སུམ་རྟགས་ཀྱི་གཞུང་ལུགས་མཐུན་གྱི་ཡོད་རེད་པས། ཐ་སྙད་གསར་པ་རེ་འབྲི་དགོས་དུས་སྔགས་ཡིག་ལྟ་བུ་རྐྱང་རྐྱང་འབྲི་དགོས་པ་ཡིན་ན་བོད་ཡིག་གི་རྒྱ་ཆ་ཕྱེ་ཀ་སྔགས་ཡིག་ལྟ་བ་ཆགས་འགྲོ་གི་མ་རེད་པས།

    ཡིན་གཅིག་མིན་གཉིས་ཡི་གེ་ཕྱི་ལོག་དང་སྔགས་ཡིག་ལྟ་བུ་རྐྱང་འབྲི་དགོས་དོན་གང་ཡིན་ནམ། གསལ་བཤད་ཤིག་གནང་རོགས་ཞུ་རྒྱུ་ཡིན། མཁས་མདོག་དང་འཇོན་མདོག་བྱས་པར་དེ་འདྲ་རྩ་བ་ནས་མིན། བོད་ཡིག་ལ་ཤ་ཚ་བའི་ཁུལ་ཡིན། ཁྱེད་ལ་དགག་པ་རྒྱག་པ་དེ་ལས་མིན། འདི་འདྲ་ལ་གནད་འགག་ཆེན་པོ་འདུག་སྙམ་པས་ཡིན།
    འདི་འདྲ་འབྲི་མཁན་ཁྱེད་གཅིག་པོ་མ་རེད། དེང་སང་ཨིན་ཡིག་ཏོག་ཙམ་རེ་ཤེས་མཁན་ཚོས་འདི་འདྲ་རྐྱང་འབྲི་བསྡད་ཀྱི་ཡོད་རེད།

    ཐུགས་རྗེ་གཟིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese