མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདུན་ཕྲག་འདིའི་ངའི་འཕྲིན། བསྟན་འཛིན་བརྩོན་འགྲུས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

བསྟན་འཛིན་བརྩོན་འགྲུས། ལུང་རིགས་རྒྱལ་གྱིས་བསྒྱུར།

བརྩེ་བའི་ཝན་ཅ་པོའོ་ལགས། ཁྱེད་རྒྱ་གར་དུ་ཕེབས་པར་ངས་དགའ་བསུ་ཞུ། ང་རྒྱལ་ཁབ་འདིའི་མི་སེར་ཞིག་མིན་ནའང་། ང་བཙན་བྱོལ་འདིར་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན། རྒྱ་གར་ནི་ངས་ཤེས་པའི་ཁྱིམ་གཞིས་དེ་གཅིག་པུ་ཡིན། ང་ནི་བཙན་བྱོལ་གྱི་མི་རབས་གཉིས་པ་སྟེ། ༡༩༥༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་རྗེས་སུ་འབྲངས་ཏེ་རྒྱ་ནག་གི་དྲག་པོའི་བཙན་འཛུལ་འོག་ནས་བྲོས་བྱོལ་དུ་ཡོང་མཁན་བོད་པ་བཙན་བྱོལ་བ་དེ་དག་གི་བུ་ཕྲུག་གི་གྲས་ཡིན།

སྐུ་ཉིད་ཐེངས་སྔོན་མ་སྟེ། ༢༠༠༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་རྒྱ་གར་དུ་ཕེབས་ཤིང་། ཉིད་ཀྱིས་བྷང་གྷ་ལོར་ཡོད་པའི་རྒྱ་གར་ཚན་རིག་བསྟི་གནས་ཁང་གི་ཐོག་བརྩེགས་འོག་མའི་ནང་དུ་རྒྱ་གར་གྱི་ཚན་རིག་པ་སྐོར་ཞིག་ལ་གཏམ་བཤད་གནང་ནས་མ་ཁོམ་པར་ཡོད་དུས་དེར། གློ་བུར་དུ་གསར་འགོད་པ་དག་སྒོའི་ཕྱི་ལོག་ལ་རྒྱུག་ཕྱིན་ཏེ་ཁྱེད་རང་ཚོགས་ཁང་ནང་ནས་གཡུག་བཞག་པ་རེད། སྐབས་དེར་མི་ཞིག་ཁང་བརྩེགས་དེའི་སྟེང་དུ་འཛེགས་ཏེ་བོད་རང་བཙན་གྱི་འཕྲེད་དར་ཅིག་ཕྱར་ཞིང་སྐད་འབོད་བྱེད་ཀྱིན་ཡོད། དེ་ནི་ང་ཡིན།

དེ་རིང་ངས་ཡོངས་ཁྱབ་ཀྱི་ཡི་གེ་འདི་ཁྱེད་ལ་འབྲི་གིན་ཡོད།

ལོ་ངོ་བཅུ་ཕྲག་ཕྱེད་ཀ་ཞིག་གི་སྔོན་ནས་བཟུང་ངས་རྒྱ་ནག་ཏུ་རང་དབང་ལ་དགའ་བའི་དབུ་ཁྲིད་སྐོར་ཞིག་ཡོད་པའི་གྲས་ཀྱི་གཅིག་ནི་ཁྱེད་རང་ཡིན་པ་ཤེས་ཡོད། ཉེ་ལམ་ཁྱེད་ཀྱིས་རང་དབང་དང་དམངས་གཙོའི་ཆེད་དུ་བཅོས་སྒྱུར་བྱེད་དགོས་པའི་འབོད་སྐུལ་ཞུས་པའི་བྲག་ཆ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཁྱབ་འདུག ཁྱེད་ལ་ད་སྔ་ནས་རང་གི་རྒྱལ་ཁབ་ནང་དུ་ཁྱེད་ཀྱི་རྗེས་སུ་སྙེག་མཁན་ཕུགས་བསམ་དང་ཤེས་ཡོན་ལྡན་པའི་རྗེས་འཇུག་པ་ཡང་འདུག

ངས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་དོན་དུ་ཞུམ་པ་མེད་པ་དང་སྙིང་སྟོབས་ཆེན་པོའི་སྒོ་ནས་ཕྱག་ལས་གནང་མཁན་རྩོམ་པ་པོ་དང་སྙན་ངག་པ། གློག་བརྙན་བཟོ་མཁན། ལས་འགུལ་བ་བཅས་ཀྱི་དཔའ་མཛངས་ཀྱི་འཐབ་རྩོད་ལ་ཡི་རངས་བྱེད་བཞིན་ཡོད། ཁོང་ཚོའི་མང་པོ་ཞིག་ནི་༼ངོ་ལོག་པ་༽དང་༼རྒྱལ་ཁབ་ཀྱི་གསང་བ་བཙོང་མཁན་༽ཡིན་པའི་ཉེས་མིང་འོག་ནས་འཛིན་བཟུང་བྱས་པ་དང་ཡང་ནས་ཡང་དུ་སྡིག་ར་སྐུལ་གྱིན་ཡོད། རྒྱ་ནག་གི་ཐོག་དང་པོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལོའུ་ཞོ་པོ་ནི་འདིའི་ཐད་ནས་རྒྱུ་སྐར་ལྟ་བུའི་དཔེ་མཚོན་ཡག་ཤོས་དེ་རེད། ཁོང་ནི་ཞི་བདེའི་དཔའ་བོ་ཞིག་རེད། ཁོང་ནི་འཛམ་གླིང་གསར་པའི་ཕོ་རྒོད་ཅིག་རེད།

སྐུ་ཞབས་ལོའུ་ཡིས་ ༡༩༨༩ ལོར་ཐོག་དང་པོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་ངོ་རྒོལ་སྐད་འབོད་བྱེད་སྐབས། ང་ནི་སློབ་ཕྲུག་ཆུང་ཆུང་ཞིག་ཡིན། ང་རང་ནི་རྒྱ་ནག་གི་སློབ་ཕྲུག་དང་དགེ་རྒན། ཤེས་ཡོན་པ། ངལ་རྩོལ་བ་བཅས་སོ་སོའི་མི་ཚེ་བློས་བཏང་སྟེ་རང་དབང་གི་འཇིག་རྟེན་ན་ཁག་ཐེག་ཏུ་ཡོད་པའི་སྨྲ་བརྗོད་རང་དབང་གི་ཆེད་དུ་འཇིག་རྟེན་ཀུན་ཁྱབ་ཀྱི་ཐོབ་ཐང་འཐོབ་པར་བཅོས་སྒྱུར་བྱ་དགོས་པའི་སྐད་འབོད་བྱེད་མཁན་དེ་དག་ལ་ཡིད་སེམས་ཤོར་ནས་འཚར་ལོངས་བྱུང་། ཁོང་ཚོས་རང་རང་གི་ཚེ་སྲོག་འབུལ་རྒྱུ་བདམས་པ་རེད། ཡིན་ཡང་ཁོང་ཚོ་ནི་སྤྱི་ཚོགས་ཀྱི་བབ་བསྟུན་དང་ཡ་མེད་ལས་འབྱུང་བའི་སྡུག་བསྔལ་དེ་ལ་ནམ་ཡང་ཞེད་མྱོང་མེད་པ་རེད།

དེང་དུས་ཀྱི་རྒྱ་ནག་གི་བྱིས་པ་འདི་དག་ནི་མ་འོངས་པའི་༼མི་དམངས་སྤྱི་མཐུན་༽དེ་ཡི་སྲུང་སྐྱོབ་པ་ངོ་མ་དག་རེད། ཁྱེད་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ལ་མོས་བཞིན་སྤྱོད་བཞིན་དུ། ཁོང་ཚོས་ཞི་བའི་སྤྱི་ཚོགས་ཀྱི་ཀུན་ཁྱབ་རིང་བཞིན་གྱི་ཚད་གཞི་ཞིག་ལ་བསླེབས་རྒྱུའི་ལས་ཀ་མཚམས་འཇོག་བྱེད་མྱོང་མེད། སེམས་ཤུགས་ཆེ་བའི་གཞོན་སྐྱེས་འདི་དག་གིས་འཛམ་གླིང་གི་གཞོན་སྐྱེས་མི་རབས་གསར་པ་སྐོར་ཞིག་ལ་ཡང་གོ་རྟོགས་དང་སྐུལ་མ་ཆེན་པོ་བྱས་ཡོད། དེ་མ་གཏོགས་འདི་དག་གིས་རང་དབང་དང་དམངས་གཙོ་ནི་ཡོད་ཤག་དང་ཡིན་ཤག་ཅིག་ལ་མཐོང་གི་ཡོད།

འཛམ་གླིང་གིས་ཀྱང་པེ་ཅིན་གྱི་ཁྲིམས་ལུགས་སྒྲོམ་གཞི་དང་རྩ་ཁྲིམས་ཀྱི་འབྲུ་དོན་ལ་མི་འགལ་བའི་འབྱོར་ཕྱུག་ལྡན་པའི་རྒྱ་ནག་གསར་པ་ཞིག་དང་མཉམ་དུ་ཚོང་ལས་ལྷོད་པོ་ཞིག་གཉེར་ཐུབ་གི་རེད། ད་ལྟའི་ཆར། རང་དབང་གི་འཛམ་གླིང་འདི་ཡང་མིན་ན་ཁྱེད་ཚོའི་དམག་ཤུགས་ཀྱི་སྡིགས་སྐུལ་འོག་ཏུ་ཞེད་ནས་འདུག་དགོས་པ་རེད། དེ་མིན་ན་ནུབ་ཕྱོགས་ཀྱི་ཁེ་ལས་བཟོ་གྲྭ་དག་ལ་གཡོག་ལས་ཁེ་བོ་བྱས་ནས་བཙོང་སྟེ་ཐོབ་པའི་ཁྱེད་ཚོའི་དཔལ་འབྱོར་གྱི་ཁེ་ཕན་ལ་བསྟུན་དགོས་པ་རེད། ད་དུང་ལྷོ་ཕྱོགས་ཀྱི་སོག་པོ་དང་ཤར་ཏུར་ཀི་སི་ཐན། བོད་བཅས་བཙན་འཛུལ་བྱས་པའི་རྒྱལ་ཁབ་དག་གི་རང་བྱུང་ཐོན་ཁུངས་བཤུ་བཞོག་བྱས་པ་ལས་བྱུང་བའི་སྟོབས་འབྱོར་དེ་ཚོ་མ་གླེང་། བོད་ནི་རྒྱ་ནག་གི་དཀའ་རྙོག་གི་གྲུབ་ཆ་ཆེ་ཤོས་ཤིག་ཡིན།

ཁྱེད་ཀྱི་༼འབྲོག་པ་གཞིས་སྤོར་གྱིི་ལས་གཞི་༽དེའི་ནང་དུ། བོད་རིགས་འབྲོག་པ་སྟོང་ཕྲག་མང་པོས་སོ་སོའི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ཕལ་ཆེ་བ་བཙན་དབང་གི་འོག་ནས་བཙོང་དགོས་འཁེལ་ཡོད་ལ། ཁོང་ཚོ་ནི་ཙག་སྒྲའི་སྒམ་ཆུང་བསྟར་ལ་སྒྲིག་པ་ལྟ་བུའི་ཁང་ཤར་དག་གི་ནང་དུ་སྤོར་བཅུག་ཡོད་ཅིང་། དེ་ནི་དུས་རབས་གཅིག་གམ་དེའི་གོང་དུ་ཨ་རིའི་གདོད་མའི་མི་རིགས་རྣམས་དམིགས་བསལ་ས་ཁུལ་དག་ལ་སྤོར་བཅུག་པ་དང་གཅིག་མཚུངས་རེད། ལོ་རྒྱུས་ཐོག་རང་དབང་གིས་འཚོ་ཞིང་། རིག་གཞུང་ཕྱུག་པོ་དང་རྒྱུན་གནས་ཐུབ་པའི་འཚོ་བའི་ལམ་ལུགས་ཤིག་སྤོབས་པ་དང་བཅས་བརྒྱུད་དེ་ཡོང་བའི་བོད་རིགས་འབྲོག་པ་རྣམས་ཀྱིས་དེ་རིང་ཉམ་ཆུང་ངང་རང་གི་སྲོལ་རྒྱུན་གྱི་རྩྭ་ཐང་ཡངས་པོ་དེ་རུ་གཏེར་ཁ་སྔོག་པ་དང་། གནམ་གྲུ་ཐང་དང་། གཞུང་ལམ། ལྕགས་ལམ་སོགས་བཟོ་སྐྲུན་བྱེད་བཞིན་པར་ལྟ་བཞིན་དུ་བསྡད་ཡོད། འབྲོག་པའི་ཕོ་རྒོད་ཚོས་ལམ་འགྲམ་གྱི་རྒྱ་མིའི་ཟ་ཁང་ནང་དུ་སྡེར་མ་བཀྲུས་ཏེ་ཁ་གསོ་ཐབས་བྱེད་ཀྱིན་ཡོད་ལ། འབྲོག་པའི་སྨན་ཤར་བུ་མོ་ཚོ་ན་ཚོད་མ་སྨིན་ཙམ་ནས་སྨད་འཚོང་ཁང་དག་ཏུ་འགྲོ་གིན་ཡོད།

ད་ལོར་ཡུལ་ཤུལ་གྱི་སྐྱེ་དགུ་མདོར་ས་ཡོམ་བརྒྱབ་དུས། ཁྱེད་ནི་རྒྱ་ནག་གི་མགོ་ཁྲིད་དག་གི་ཁྲོད་ནས་བོད་རིགས་མང་ཚོགས་ཀྱི་དཀྱིལ་དུ་ཐོན་མཁན་ཐོག་མ་དེ་རེད། ཁྱེད་རང་གིས་དངོས་སུ་མཐོང་བ་ལྟར། ཡུལ་ཤུལ་ནི་ཨེ་ཤ་ཡའི་གཙང་བོ་གལ་ཆེན་སྐོར་ཞིག་གི་འབབ་ཡུལ་རེད། བོད་ནང་གི་གཙང་བོ་དག་རྒྱས་ཏེ་སེང་གེ་ཁ་འབབ་དང་། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ། ཡར་ཀླུང་གཙང་བོ། འབྲི་ཆུ། རྨ་ཆུ་བཅས་ལ་འདྲེས་ཏེ། རྒྱ་ནག་དང་ལྷོ་ཨེ་ཤ་ཡའི་ནང་གི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་གི་འཚོ་བར་འབྲེལ་ཡོད། ཡིན་ཡང་། གཙང་བ་དེ་དག་ནི་སོ་སོའི་འབབ་ཡུལ་གྱི་ས་ཚིགས་མང་པོ་ནས་ཆུ་མཛོད་སྐྱིལ་ཡོད་ལ། ལྷག་པར་དུ་བོད་ས་ཁུལ་བརྒྱུད་དེ་རྒྱ་གར་དུ་འབབ་ཀྱིན་པའི་ཡར་ཀླུང་གཙང་བོ་ཡང་བཀག་སྐྱིལ་གྱིས་ཆུ་མཛོད་བཟོས་ཡོད། གཙང་བོ་འདི་དག་གི་བརྒྱུད་དུ་བྱེ་ཕུང་སྤུངས་པ་དེས་ཁོ་ཚོའི་འབབ་ཕྱོགས་ལ་འགྱུར་བ་ཐེབས་ཀྱིན་ཡོད། བོད་ཀྱི་གཙང་བོ་འདི་དག་གིས་སྔར་ནས་སྡུག་བསྔལ་ཚད་མེད་སྤྲད་མྱོང་བ་ལྟར། ཆུ་ལོག་གི་གོད་ཆག་གིས་ལྷོ་ཨེ་ཤ་ཡ་དང་དེའི་མི་སེར་རྣམས་ལ་ཚད་མེད་པའི་ཤུགས་རྐྱེན་སྤྲོད་བཞིན་པ་དེ་པེ་ཅིན་གྱིས་དྲན་གི་མེད་པ་ཡིན་ནམ།

༢༠༠༨ ལོའི་བོད་ནང་གི་ཞི་བའི་གྱེན་ལངས་དེ་ནི་མི་དམངས་བཅིངས་འགྲོལ་དམག་གིས་ཡ་ང་མེད་པའི་སྒོ་ནས་དྲག་གནོན་བྱས་པ་རེད། དེང་སྐབས་བོད་ནི་རྟག་པར་འཇིགས་སྣང་དང་དོགས་ཟོན་གྱི་འོག་ཏུ་འཚོ་དགོས་པའི་དམག་སྒར་གྱིས་བཟུང་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད། བོད་མི་དང་ཡུ་གུར་བ་ཚོར་སྲོག་ཆད་ག་ཚོད་བཏང་བར་མ་ལྟོས་པར། རྒྱ་ནག་ནི་དེང་སྐབས་འཇིགས་སྐུལ་རིང་ལུགས་པ་མེད་སའི་རྒྱལ་ཁབ་ཅིག་ཡིན།

ཁྱེད་དང་ཁྱེད་ཀྱི་ཚོང་དོན་སྐུ་ཚབ་རྣམས་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་པ་ཡིན་ནའང་། ང་ཚོ་ཕྱི་ལོག་གི་ལམ་འགྲམ་དུ་ཐོན་ཏེ་ཞི་བ་དང་དྲང་བདེན་གྱི་སྐད་འབོད་རྔམ་སྟོན་བྱེད་ཀྱི་ཡོད། ཡིན་ཡང་། སུ་ཞིག་གིས་གནམ་གྲུ་བཙན་འཁྲིད་འདྲ་བྱས་སོང་ངམ། སུ་ཞིག་གིས་འཛམ་གླིང་གི་དབུ་ཁྲིད་ཅིག་དམར་གསོད་བྱེད་པའི་ཆེད་དུ་རང་སྲོག་བློས་བཏང་གིས་འགད་རྫས་གཏོར་སོང་ངམ། ཡོད་མ་རེད།

ང་ཚོའི་ལས་འགུལ་དག་ནི་ཀུན་སྤྱོད་དང་མཐུན་ཞིང་དྲག་པོའི་ངོ་བོར་འགྲོ་གི་མེད། དེའི་རྒྱུ་མཚན་ནི་ང་ཚོས་མུ་མཐུད་ནས་འཚེ་མེད་ཞི་བ་དང་དེ་རྗེས་འཛིན་གནང་མཁན་ང་ཚོའི་དབུ་ཁྲིད་༧གོང་ས་མཆོག་ལ་ཡིད་ཆེས་བརླག་མེད་པའི་དབང་གིས་ཡིན། ཡིན་ཡང་། ཁོང་གིས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་ཚད་མཐོའི་རང་སྐྱོང་༽གི་དགོས་འདུན་བཏོན་པ་དེ་པེ་ཅིན་གྱིས་རྦད་དེ་ངོས་ལེན་བྱེད་ཀྱི་མེད། ད་ལྟ་ཁྱེད་རང་རྒྱ་གར་དུ་ཉིན་གསུམ་རིང་གི་གཟིགས་སྐོར་ལ་ཕེབས་པའི་སྐབས་དང་བསྟུན་ཏེ། ཅིའི་ཕྱིར་ཁྱེད་རང་ཁོང་དང་མཉམ་དུ་མཇལ་འཛོམས་ཀྱིས་བཀའ་མོལ་མི་གནང་བ་ཡིན་ནམ།

༡༩༦༠ རེ་གྲངས་ཀྱི་ནང་དུ་བོད་པའི་མི་རབས་རྒན་པ་དག་གིས་བོད་ཀྱི་མ་འོངས་པའི་ཐད་ལ་སེམས་ཁྲལ་གནང་བའི་དུས་སྐབས་ཤིག་བྱུང་བ་རེད། དེ་རིང་བོད་པའི་འཐབ་རྩོད་དེ་བོད་ཕྱི་ནང་གི་གཞོན་སྐྱེས་དག་གིས་སྣེ་འཁྲིད་ཀྱིན་ཡོད། ང་ཚོས་བཙན་བྱོལ་དུ་རང་གི་སྲིད་བློན་དང་གྲོས་ཚོགས་འཐུས་མི་ ༤༤ ལོ་རྗེས་མར་འོས་འདེམ་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་འབྲེལ་གཏུགས་བརྒྱུད་དེ་ཤེས་ཡོན་དང་ལག་རྩལ། དཔལ་འབྱོར་བཅས་ཚད་མཐོན་པོར་སླེབ་མཁན་བོད་རིགས་གཞོན་སྐྱེས་རྣམས་ནི་སོ་སོའི་མི་རིགས་ཀྱི་འདུ་ཤེས་སྔར་ལས་ཀྱང་བརྟན་པོའི་སྒོ་ནས་འཚར་བཞིན་ཡོད། དོན་དངོས་ཐོག་བཤད་ན་ཡང་། ང་ཚོ་ནི་རྒྱལ་ཁབ་གང་གི་མི་སེར་ཡང་མིན་ལ། ངེས་གཏན་མེད་པར་འཚོ་བཞིན་ཡོད། ང་ཚོར་མཚོན་ན་འཐབ་རྩོད་ནི་ང་ཚོའི་ཕ་མ་དང་སྤོ་སྨོ་དག་གི་རིང་ལས་ཀྱང་གལ་ཆེན་ཆགས་བསྡད་ཡོད། དེར་བརྟེན། གཞོན་སྐྱེས་དག་གི་ཁྲོད་དུ་རང་བཙན་གྱི་དགོས་འདུན་ནི་ཇེ་ཆེར་འགྲོ་གིན་ཡོད། ཉེ་ཆར་བོད་ནང་གི་ཤེས་ཡོན་སྲིད་བྱུས་བརྗེ་བོ་བརྒྱབ་དུས་བོད་ཡིག་གི་སློབ་དེབ་ཀྱི་ཚབ་ཏུ་རྒྱ་ཡིག་བཞག་སོང་། འདིས་ང་ཚོར་སྔར་ལས་ཀྱང་ལྷག་པར། རང་བཙན་ཁོ་ནས་ད་གཟོད་ང་ཚོའི་མི་རིགས་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཐུབ་པའི་བསམ་བློ་གཅིག་གྱུར་བཟོས། མི་ལོ་ ༦༠ རིང་གི་རྒྱ་དཀར་ནག་གི་འབྲེལ་བ་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་མི་ལོ་ ༦༠ ཕྱིན་པའི་གནས་བབ་དེ་རེད།

སྐུ་ཞབས་སྲིད་བློན་མཆོག སྐུ་ཉིད་ནི་ ༢༠༡༢ ལོར་བགྲེས་ཡོལ་ལ་ཕེབས་གིན་ཡོད་པ་རེད། ཁྱེད་ཚོ་རྒྱ་མི་ལ་བཤད་རྒྱུན་ཞིག་ཡོད་པ་སྟེ། “ren zhi jian si qi yan ye shan ” ༼འཆི་ཁའི་མི་ཡིས་སྐད་ཆ་དྲང་མོར་བཤད་གི་རེད།༽ ཟེར་སྲོལ་ཡོད་པ་རེད། ད་ནི་རྒྱ་ནག་མི་དམངས་ཀྱི་མངོན་འདོད་ངོ་མ་དེ་བཤད་པའི་དུས་རེད། ད་ལྟའི་ཆར་ཁྱེད་ལས་ལྷག་ཅིག་སུ་གཅིག་གིས་དེ་ལྟར་སྒྲུབ་ཐུབ་གི་མ་རེད། སྐུ་ཞབས་སྲིད་བློན་ལགས།

བསྟན་འཛིན་བརྩོན་འགྲུས་ཀྱིས། ༢༠༡༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན། ངྷ་རམ་ས་ལ་ནས།

བསྒྱུར་མཁན་གྱི་མཆན། འདིའི་ནང་དུ་འགྱུར་མི་དག་པ་དང་དོགས་པ་ཡོད་ཚེ། ཁོང་གི་མ་རྩོམ་ལ་གཟིགས་རོགས། མ་རྩོམ་ནི་  ཧིན་ཌུ་སི་ཐན་དུས་བབ་ ནང་བཀོད་འདུག

མཆན། 18

  1. ཏྲེ་ཧོར་ཚང་། says:
    ལོ་ 12 སྔོན།

    རང་གི་ནོར་བཞིན་གཞན་ལ་མཆའ་སྨོད་བྱེད་མཁན་མང་བ་ལ།

    Reply
  2. འདྲེ་རིག་ལྡན། says:
    ལོ་ 12 སྔོན།

    སྲིད་བློན་ཝིན་ཅ་པའོ་ལགས། བསྟན་འཛིན་བརྩོན་འགྲུས་ཁྱོད་ཚོ་དམར་པོ་གཞུང་གི་འོག་ནས་འཚར་ལོངས་བྱུང་བ་མིན་ཡང་། ཁོས་བོད་ཡིག་གཏན་ནས་མི་ཤེས། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་རེད།

    གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་ལྕགས་ལམ་བཟོ་དུས། བཙན་བྱོལ་བོད་གཞུང་གིས་”བོད་ནང་གི་ལྕགས་ལམ་དང་པོ་”ཞེས་འཛམ་གླིང་ཡོངས་སུ་ངོ་རྒོལ་སྐད་འབོད་བྱས་ནས། ད་ལྟའི་བོད་རང་སྐྱོང་ལྗོངས་མ་ཡིན་པའི་བོད་ཀྱི་ས་ཁུལ་ཚང་མ་རྒྱ་ནག་ལ་ཕུལ་སོང་། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་ཡིན།

    དེང་སང་༡༩༦༠ ནང་ནས་བཟུང་མེ་འཁོར་ལྕགས་ལམ་ཡོད་པའི་མཚོ་སྔོན་ཞིང་ཆེན་ནང་དུ། ཤེས་ཡོན་སྲིད་ཇུས་གསར་པ་ངོ་སྤྲོད་བྱེད་རྒྱུ་བསྒྲགས་པ་ན། བཙན་བྱོལ་ནང་ནས་”མཚོ་སྔོན་ཞིང་ཆེན་”སླར་ཡང་བོད་དུ་གྱུར་སོང་། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་རེད།

    མཚོ་སྔོན་ཞིང་ཆེན་ཕུད་པའི་བོད་ཀྱི་ས་ཁུལ་(བོད་རང་སྐྱོང་ལྗོངས་ཚུད་པའི་བོད་ཀྱི་ས་གནས་ཁག་) གཞན་དག་ཏུ་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་དག་ཡོད་ཚད་རྒྱ་ཡིག་ཐོག་ཁྲིད་ནས་ད་ལྟའི་བར་དུ་མི་ལོ ༢༠ (པན་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་པ་ནས་)ཙམ་འགོར་བཞིན་ཡོད། ས་ཁུལ་ཁག་ཅིག་ཏུ་བོད་ཡིག་གཏན་ནས་ཁྲིད་མྱོང་མེད། བཙན་བྱོལ་བོད་གཞུང་གིས་ཀྱང་མི་ལོ་༥༠ རིང་ལ་སྲིད་ཇུས་འདི་ལག་བསྟར་བྱས་དང་བྱེད་བཞིན་ཡོད། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་རེད།

    ང་ཚོའི་ནོར་འཁྲུལ་ཚང་མ་ཁྱོད་ཚོའི་ནོར་འཁྲུལ་ཡིན།

    Reply
  3. བྱམས་རྒྱལ། says:
    ལོ་ 12 སྔོན།

    སྒྱུར་བ་པོ་ལགས་བཀའ་དྲིན་ཆེ་

    Reply
  4. བྱམས་རྒྱལ། says:
    ལོ་ 12 སྔོན།

    ཀློག་བཞིན་སེམས་སྐྱོ་ཡ་ཞིག་འདུག་།

    Reply
  5. རི་བོང། says:
    ལོ་ 12 སྔོན།

    (གློ་བུར་དུ་གསར་འགོད་པ་དག་སྒོའི་ཕྱི་ལོག་ལ་རྒྱུག་ཕྱིན་ཏེ་ཁྱེད་རང་ཚོགས་ཁང་ནང་ནས་གཡུག་བཞག་པ་རེད) ཚིག་གྲུབ་འདི་མཐོང་དུས་ང་ལ་ཞེད་སྣང་དང་དགའ་སྣང་ཟུང་འབྲེལ་ཅིག་སྐྱེས་སོང་། ཝན་ཅ་པོའོ་ཁང་པའི་སྒོ་དང་སྒེའུ་ཁུང་གང་རུང་ཞིག་ནས་གད་སྙིགས་གཡུག་པ་ནང་བཞིན་གཡུགས་པ་མིན་ནམ་སྙམ་པ་བྱུང་། དོན་ལ་དེ་ལྟར་ཡིན་རྒྱུ་མ་རེད།

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 12 སྔོན།

    དུས་བབས་ཀྱི་གསར་འགོད་པ་ཚོ་ཐུགས་རྗེ་ཆེ།
    ཁྱེད་ཚོས་དཀའ་ལས་རྒྱབ་ནས་གསར་འགྱུར་སྣེ་མང་ཞིག་བདག་ཚོའི་འདྲེན་བྱེད་དབང་པོར་དགའ་སྟོན་དུ་བཤམས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 12 སྔོན།

    རང་རྒྱུས་རང་ལ་ཡོད་པའི་དོ་སྣང་མེད།།
    གཞན་རྒྱུས་རང་ལ་མེད་པའི་དོ་སྣང་བྱུང་།།
    འདི་གཉིས་ས་མཚམས་ཤིག་དུ་ལུས་པ་ཡི།།
    རང་རིགས་སྐྱེ་བོ་རྣམས་ལ་སེམས་རེ་སྡུག།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    ནོར་བ་དག་བཅོས་དང་བཅོ་བཞིན་པ་ཡིན།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    སྨྟུག་རྒོད་ཀྱི་སྐད་ཆ་དེ་ལ་རྒྱུ་མཚན་འདུག ཡིན་ཡང་། ཁོས་སྐད་ཆ་དྲང་པོར་བཤད་མི་འདུག

    ཁོས་བཤད་འདོད་པ་དེ། དེང་སྐབས་བོད་ཡིག་གི་རྩོམ་ཡིག་ནང་ནས་བསམ་བློ་གསར་པ་ཅི་ཡང་རག་གི་མི་འདུག བོད་ཡིག་གི་རྩོམ་ཡིག་དེ་ཚོས་བློ་སྐྱེད་ཀྱང་སྟེར་ཐུབ་གི་མི་འདུག དེ་ལས་དབྱིན་ཡིག་གི་ཚིག་རྐང་ཁ་ཤས་བཀླགས་ཀྱང་དེ་ཕན་ཐོགས་འདུག དབྱིན་ཡིག་གི་ནང་དུ་བྲིས་པ་ཙམ་གྱིས་བསམ་ཚུལ་ཀྱང་ལོགས་ཀ་རེད་ཅེས་བཤད་པ་རེད།

    བདེན་པའི་ཆ་མང་པོ་འདུག

    Reply
  10. ཟླ་བ་གཞོན་ནུ། says:
    ལོ་ 12 སྔོན།

    དོགས་སོན། དོགས་གཟོན

    Reply
  11. རྒྱ་རྙི། says:
    ལོ་ 12 སྔོན།

    བསྟན་འཛིན་བརྩོན་འགྲུས་ནི་བོད་དོན་འཐབ་རྩོད་པ་ཞིག་རེད།སྔོན་མ་ནས་ང་ཁོང་ལ་རྗེས་སུ་ཡི་རང་བྱེད་མཁན་ཞིག་ཡིན།
    ཡིན་ནའང་།
    ལོ་ཤས་སྔོན་གྱི་བསྟན་འཛིན་བསྟན་འགྲུས་ལས་དེ་རིང་ཁ་སང་གི་བསྟན་འཛིན་བརྩོན་འགྲུས་ཀྱི་སྤུས་ཀ་སྡུག་ཏུ་ཕྱིན་ཡོད་པ་རེད།
    ཁོང་ཡང་རྡ་སའི་རི་གསེང་གི་སྟག་གཟིག་ཚོའི་གྲས་སུ་ཚུད་གྲབས་ཡོད་པ་རེད།སྐབས་རེར་སྡེར་མོ་ནང་དུ་བསྐུམས་ནས།པགས་པ་ཕྱི་ལ་མངོན་གྱིན་ཡོད་པ་རེད།
    ཡིན་ནའང་།ཁོང་འདས་པའི་བསྟན་འཛིན་གྱི་ངོ་བོར་བསྐྱར་ཏུ་འགྱུར་རྒྱུར་ང་ཚོས་རེ་སྒུག་བྱས་ཆོག

    Reply
  12. ཁ་བ་ནག་པོ། says:
    ལོ་ 12 སྔོན།

    “ཁ་སང་དེ་རིང་རང་ཉིད་ལ་ཅིག་བྱུང་མེད་པ་ཡིན་ན་བོད་ཡིག་ཐོག་བྲིས་པའི་རྕོམ་ཡིག་ཅི་ཅ༹མ་ཀློག་རུང་སེམས་འགུལ་དང་ཡིད་སྨོན་གང་ཡང་ཤོར་ཐུབ་ཀྱིན་མི་འདུག དེ་ལས་སྐད་ཡིག་གཞན་ཞིག་དང་ཡང་ན་རྕོ༹མ་པ་པོ་བོད་པ་ཡིན་རུང་རྕོམ་ཡིག་སྐད་ཡིག་གཞན་ཞིག་ཐོག་བྲིས་རྗེས་ཆུ༹ར་བོད་ཡིག་ཏུབསྒྱུར་ན་ད་བཟོད་བྲོ་བ་འདྲ་ཞིག་ཡོང་གི་འདུག གོང་གི་རྕོ༹མ་ཡིག་འདི་ཡང་རྕོ༹མ་མཁན་བོད་པ་ཡིན་རུང་རྕོ༹མ་ཡིག་དབྱིན་ཡིག་ཐོག་བྲིས་འདུག”

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    མཚམས་རེར་ལངས་ཤོར་ལ་སོང་བའི་དབང་གིས་སོ་སོའི་ནོར་འཁྲུལ་ཟིན་གི་མི་འདུག དེ་མ་གཏོགས། བྱ་ཚིག་གི་ཚིག་གྲོགས་འདི་ཚོ་དངོས་གནས་བྱས་ན་ད་ལྟ་བ་ཡིན་དགོས་པ་རེད། ཐུགས་རྗེ་ཆེ།

    Reply
  14. ལུང་རྟོགས། says:
    ལོ་ 12 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས་ནི་མིང་དོན་མཚུང་པའི་བོད་དོན་འཐབ་བརྩོད་པ་ཞིག་ཡིན། དགའ་བསྲུ་ཡོད། ཕྲག་དོག་དང་། ཕྱོགས་ཞེན་སོགས་ཀྱིས་མ་སྒྲིབ་པར་མི་བྱེད་པ་ཅན་གྱི་བྱེད་རྗེས་ལ་རྒྱབ་བསྐྱོར་དང་ངོས་འཛིན་བྱེད་རྒྱུ་གལ་ཆེ།

    Reply
  15. བསེ་རུ། says:
    ལོ་ 12 སྔོན།

    མཆན་བུ་འདི་མ་འགོག་རོགས།

    ཐ་སྙད་འདི་རྣམས་ཀྱི་རིགས་གཏན་འཇགས་ཀྱི་རྣམ་པ་ཞིག་བྱུང་ན་ཅི་མ་རུང་།
    ཁོ་བོ་ནི་སྔ་མ་རྣམས་དག་པར་བརྩི་གིན་ཡོད་ལ། ཕྱི་མ་རྣམས་མ་དག་པར་བརྩི་གིན་ཡོད།
    རྒྱུ་མཚན་ནི། སྔར་ནས་ད་བར་གྱི་སྔར་གྱི་མཁས་པས་བརྩམས་པའི་རྩོམ་རིགས་ཀྱི་ཁྲོད་འཁྲུལ་གཞི་ཡོད་པའི་དག་སྡེབ་འདི་རིགས་བྱ་ཚིག་གི་དབང་དུ་བྱས་ན། དུས་ད་ལྟ་བ་ནས་མིང་དུ་གྲུབ་པ་ཤུགས་ཆེར་བེད་སྤྱོད་གནང་ཡོད་ལ། དེ་ཡང་མཐར་གཏུགས་ན། རྟགས་འཇུག་གི་ཅིའི་ཕྱིར་འཇུག་གི་སྐབས་ཀྱི་གཞཱུང་དོན་དང་ཡང་འབྲེལ་བ་ཆེ་སྙམ། བྱེད་པ་གསལ་བྱེད་ཀྱི་སྒྲ། བྱེད་པ་པོ་གསལ་བྱེད་ཀྱི་སྒྲ། བྱེད་ལས་གསལ་བྱེད་སྒྲ། བྱ་ཡུལ་གསལ་བྱེད་ཀྱི་སྒྲ་སོགས་ལའང་དགོངས་པ་བཞེས་ཏེ། ཐ་སྙད་འདི་རིགས་ལ་དགོངས་པ་བཞེས་དགོས་པར་མཐོང་ང་ོ། །

    དག་པ། མ་དག་པ།

    སྐད་སྒྱུར། སྐུད་བསྒྱུར།
    ཐད་སྒྱུར། ཐད་བསྒྱུར།
    དོན་སྒྱུར། དོན་བསྒྱུར།
    སྒྲ་སྒྱུར། སྒྲ་བསྒྱུར།
    ཡིག་སྒྱུར། ཡིག་བསྒྱུར།
    ཡིག་སྒྱུར་བ། ཡིག་བསྒྱུར་བ།
    རྩོམ་སྒྱུར། རྩོམ་བསྒྱུར།
    རྩོམ་སྒྱུར་བ། རྩོམ་བསྒྱུར་བ།
    དབང་སྒྱུར། དབང་བསྒྱུར།
    སྒྱུར་རྩོམ། བསྒྱུར་རྩོམ།
    སྒྱུར་གཞི། བསྒྱུར་གཞི།
    སྒྱུར་བཅོས། བསྒྱུར་བཅོས།
    སྒྱུར་མཁན། བསྒྱུར་མཁན།
    སྒྱུར་བ་པོ། བསྒྱུར་བ་པོ།

    འདི་ལྟ་བུའི་རིགས་ཚིག་མཛོད་ཅིག་བཟོས་ཀྱང་བཟོ་རིན་ཆོག་པ་འདུག་གོ།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    བསེ་རུས་བཤད་པ་བདེན། ངའི་མཛུབ་མོ་དང་སེམས་གཉིས་ཀ་འཚབ་བེ་འཚུབ་བེ་ཞིག་ཆགས་འདུག ད་ནི་བཅོས་ཟིན། ངའི་འགྱུར་འདིའི་ནང་དུ་མ་དག་པ་དང་གཏག་ནོར་ཤོར་བ་མང་པོ་ཡོད་སྲིད་པས་རྣམ་པ་ཚོས་ཁོང་གི་མ་རྩོམ་ལ་ལྟ་གིན་སྡོད། ད་སྐབས་བསྒྱུར་པ་པོས་རྩོམ་པ་པོ་ནག་པོ་བཟོ་རྒྱུའི་ཉེན་ཁ་ཡང་ཧ་ཅང་ཆེ་གི།

    Reply
  17. བསེ་རུ། says:
    ལོ་ 12 སྔོན།

    ཆེས་ཐོག་མའི་ཀློག་པ་པོ་མིན་ནའང་། ཀློག་པ་པོ་ཞིག་ཡིན་སྟབས། འདིའི་གཤམ་གྱི་ལོ་ཚིགས་འདིར་ལྟ་སྐབས། འདི་ནི་མ་འོངས་ལུང་བསྟན་མིན་ནམ་སྙམ་བྱུང་། འོན་ཀྱང་། གོང་གི་ནང་དོན་ལ་ལྟ་སྐབས། འདས་དོན་ལ་ཕྱིར་དྲན་གྱི་ཐོག་ནས་སྡོམ་ཚིག་འགོད་ཀྱིན་འདུག འོ་ན། ལོ་ཚིགས་འདི་དོན་དམ་དུ་ནོར་བ་མ་རེད་དམ།

    བསྟན་འཛིན་བརྩོན་འགྲུས་ཀྱིས།
    ༢༠༡༡ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན། ངྷ་རམ་ས་ལ་ནས།

    Reply
  18. སྨྱུག་རྒོད། says:
    ལོ་ 12 སྔོན།

    ཁ་སང་དེ་རིང་རང་ཉིད་ལ་ཅིག་བྱུང་མེད་པ་ཡིན་ན་བོད་ཡིག་ཐོག་བྲིས་པའི་རྕོམ་ཡིག་ཅི་ཅ༹མ་ཀློག་རུང་སེམས་འགུལ་དང་ཡིད་སྨོན་གང་ཡང་ཤོར་ཐུབ་ཀྱིན་མི་འདུག དེ་ལས་སྐད་ཡིག་གཞན་ཞིག་དང་ཡང་ན་རྕོ༹མ་པ་པོ་བོད་པ་ཡིན་རུང་རྕོམ་ཡིག་སྐད་ཡིག་གཞན་ཞིག་ཐོག་བྲིས་རྗེས་ཆུ༹ར་བོད་ཡིག་ཏུབསྒྱུར་ན་ད་བཟོད་བྲོ་བ་འདྲ་ཞིག་ཡོང་གི་འདུག གོང་གི་རྕོ༹མ་ཡིག་འདི་ཡང་རྕོ༹མ་མཁན་བོད་པ་ཡིན་རུང་རྕོ༹མ་ཡིག་དབྱིན་ཡིག་ཐོག་བྲིས་འདུག ལུང་རིགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་རྕོ༹མ་ཡིག་འདི་ཀློག་རྒྱུ་བྱུང་བའི་ཧ་ཅང་དགའ་ཡོད། ཁྱེད་ལ་ཐུགས་རྗེ་ཆུ་ཞུ།
    ཡིག་བསྒྱུར་བ་ཆུང་ཆེ༹་རིང་དང་ལུང་རིགས་ད་དུང་དགེ་འདུན་རབ་གསལ་དང་ཆེ༹་རིང་རྒྱལ་སོགས་ཁྱེད་ཆོ༹་ཆ༹ང་མས་བདག་ལྟ་བུ་དག་ལ་དགའ་སྡུག་གི་ཆོ༹ར་བ་གྲང་མེད་སྦྱིན་པ་དངོས་ནས་བརྗེད་ཐུབ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist