མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་རྒྱལ་སྟེན་མཁན་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་གཞིས་བྱེས་མཉམ་འཛོམས་བྱུང་སྟེ། བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་རྒྱུར་རེ་བ་བརྒྱབ་བསྡད་ཡོད་པ་རེད། ལྷག་པར་དུ་བོད་རྒྱའི་གནད་དོན་སྐོར་དེ་ཙམ་ཤེས་ཀྱི་མེད་ཀྱང་། ༧གོང་ས་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་ཉིན་སྒུག་མཚན་སྒུག་བྱས་ཡོད་པ་རེད་ཟེར།

ས་བྱིའི་ཞི་རྒོལ་ཆེན་མོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་ནང་རྒན་གཞོན་སྐྱ་སེར་དབྱེར་མེད་ཀྱིས་དམར་གསོད་དང་བཙོན་འཇུག  མནར་གཅོད་དང་དྲག་གནོན་རབ་དང་རིམ་པ་བྱས་དང་བྱེད་མུས་ལྟར། ཡུན་ནན་བདེ་ཆེན་ས་ཁུལ་གྱི་བོད་མི་ཚོར་རྒྱ་ནག་གཞུང་གིས་དམ་དྲག་གང་འདྲ་བྱེད་ཀྱིན་ཡོད་མེད་སྐོར་དེ་ཙམ་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། འདི་གའི་གསར་འགོད་པས་ཆེད་དུ་ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་རང་ལོ་ ༣༣ ཡིན་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དོན་འགྲུབ་གླིང་དགོན་པའི་གྲྭ་བསམ་འགྲུབ་རྒྱ་མཚོ་ལགས་སུ་བཅར་འདྲི་བྱས་ཡོད།

 

གྲྭ་བསམ་འགྲུབ་རྒྱ་མཚོ་ལགས་ཀྱིས་ཐོག་མར་ཞི་རྒོལ་ཆེན་མོའི་རྗེས་ཀྱི་དགོན་པའི་གནས་སྟངས་སྐོར་བརྗོད་དོན། ང་ཚོ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དོན་འགྲུབ་གླིང་དགོན་པར་མཚོན་ན།  ༢༠༠༨ ལོའི་ཞི་རྒོལ་གྱི་རྗེས་ནས་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་སྟེ། རྒྱ་ནག་གི་དམག་མི་མང་པོ་ཡོང་སྟེ་དགོན་པའི་འདུ་ཁང་དང་གྲྭ་ཤག་ལས་༸གོང་ས་མཆོག་གི་སྐུ་པར་ཚང་མ་བཙན་འཁྱེར་བྱས་སོང་ལ། རྗེས་ཕྱོགས་༧གོང་ས་མཆོག་གི་སྐུ་པར་གཅིག་ཀྱང་བཤམ་མི་ཆོག་པའི་འཇིགས་སྐུལ་བྱས་ཏེ། ད་ལྟའི་ཆར་དགོན་པའི་ནང་༧གོང་ས་མཆོག་གི་སྐུ་པར་གཅིག་ཀྱང་མཐོང་རྒྱུ་མེད་པ་བཟོས་ཡོད། ལོ་དེ་ནས་བཟུང་དགོན་པའི་ཉེ་འགྲམ་དུ་གཏན་འཇགས་ཀྱི་དམག་སྒར་ཞིག་བརྒྱབ་ཏེ། ད་ལྟའི་ཆར་ཉིན་མཚན་མེད་པར་ལྟ་རྟོག་དང་། དགོན་པའི་འདུ་ཁང་དང་བྱམས་ཁང་། གྲྭ་ཤག་བཅས་སུ་རྒྱང་ཤེད་གློག་སྒྲོན་བཙུགས་ཏེ། དགེ་འདུན་པ་རྣམས་ཀྱི་འགྲོ་འོང་དང་ལབ་གླེང་སོགས་ལ་ལྟ་རྟོག་བྱེད་ཀྱི་འདུག

 

གལ་སྲིད་གྲྭ་དམངས་ཚོས་ནང་ཁུལ་ནས་བོད་དོན་དང་འབྲེལ་བའི་ལབ་གླེང་བྱེད་པ་དང་། ༧གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་ཀྱི་གློག་བརྙན་སོགས་ལ་བལྟས་ན། ལམ་སང་དམག་མི་བསླེབས་ཏེ་འདྲི་གཅོད་དང་གཅར་རྡུང་བྱེད་ཀྱི་འདུག དེ་ནང་ཁུལ་དུ་གསང་ཉུལ་བ་ཡོད་མེད་བཤད་དཀའ་ཡང་། ནང་ཁུལ་ནས་དོན་དག་ག་རེ་བྱས་ཀྱང་ལམ་སང་ཕྱི་ལོགས་ནས་ཤེས་འགྲོ་བཞིན་འདུག ཆོས་ཀྱི་བྱེད་སྒོ་ཁག་དང་དུས་ཆེན་ཁག་ཀྱང་ཁོང་ཚོས་བཀོད་སྒྲིག་ལྟར་བྱེད་པ་ལས་རང་དབང་སྣེ་གཅིག་ཀྱང་ཡོད་པ་མ་རེད། སྔོན་མ་དགོན་པའི་ནང་གཏན་སྡོད་གྲྭ་བ་ ༧༠༠ ལྷག་ཡོད་ཀྱང་། བསླབ་པ་སློབ་གཉེར་གྱི་མཐུན་རྐྱེན་ཞན་པ་དང་རྒྱ་གཞུང་གི་དམ་དྲག་སོགས་ལ་བརྟེན་ཏེ། ད་ཆར་མང་ཆེ་བ་རྒྱ་གར་སོགས་ཡུལ་གྲུ་གཞན་དུ་ཕྱིན་ཚར་བ་རེད། ཅེས་དབུགས་རིང་ནར་ནར་གྱིས་བརྗོད་བྱུང་།

 

ཡང་ཁོང་གིས་ཡུན་ནན་བདེ་ཆེན་ཁུལ་གྱི་ད་ལྟའི་གནས་བབ་སྐོར་བརྗོད་དོན། ཡུན་ནན་ ༼ བདེ་ཆེན་ནང་བསྟན་སློབ་གླིང་༽ དང་༼ བདེ་ཆེན་མི་རིགས་སློབ་འབྲིང་༽ གཞན་སློབ་ཆུང་འགའ་དང་། སྒེར་གཉེར་སློབ་གྲྭ་ཁ་ཤས་ལས་བོད་ཡིག་སློབ་ས་ཡོད་པ་མ་རེད། དེ་དག་ཀྱང་ས་ཁུལ་གཞན་གྱི་སློབ་གྲྭ་དང་བསྡུར་ན་བོད་ཡིག་གི་གནས་སྟངས་སྐྱོ་བོ་རེད། ང་ལ་མཚོན་ན། བདེ་ཆེན་ནང་བསྟན་སློབ་གླིང་ནང་ལོ་ལྔའི་རིང་སློབ་སྦྱོང་བྱས་པ་ཡིན། སྐབས་དེར་ལོ་རིམ་དང་པོ་དང་གཉིས་པའི་ནང་མཚན་ཉིད་དང་དབྱིན་ཡིག རྒྱ་ཡིག་སོགས་བསླབས་པ་ཡིན། འཛིན་གྲྭ་མཐོ་རུ་ཕྱིན་སྐབས་རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་གཅེས་སློབ་གསོ། ༸གོང་ས་མཆོག་དང་ཕྱི་སྡོད་བོད་མིར་དགག་རྒྱག་གི་སློབ་གསོ་ཤུགས་ཆེ་རུ་བཏང་སོང་། ལོ་གཅིག་ལྷག་གི་ཡར་སྔོན་དུ་ང་ཚོ་ཕ་ཡུལ་གྱི་བོད་མི་ཁག་ཅིག་མཉམ་རུབ་ཀྱིས་བོད་ཡིག་ཁོ་ནའི་སྒེར་བཙུགས་སློབ་གྲྭ་ཞིག་བསྒྲུབས་པ་རེད། ཕྱིས་སུ་ས་གནས་འབྲེལ་ཡོད་མི་སྣས་སུན་གཙེར་དང་གནོན་ཤུགས་སྤྲད་དེ་སློབ་ཚན་མང་ཆེ་བ་རྒྱ་ཡིག་གི་ལམ་ནས་འཁྲིད་དགོས་བྱུང་འདུག ད་ལྟའི་ཆར་ཡུན་ནན་བདེ་ཆེན་ཁུལ་གྱི་སློབ་ཆུང་ཁག་ཏུ་སློབ་ཚན་ཚང་མ་རྒྱ་ཡིག་ཁོ་ནའི་སྟེང་འཁྲིད་བཞིན་འདུག ཅེས་བརྗོད་བྱུང་།

 

མཐའ་མར་ཁོང་ལ། ཡུན་ནན་བདེ་ཆེན་རྫོང་ས་ཁུལ་གྱི་བོད་རིགས་ཚོས་༧གོང་ས་མཆོག་དང་བཅན་བྱོལ་བོད་གཞུང་། དེ་བཞིན་ཕྱི་ལོགས་སུ་ཡོད་པའི་བོད་རིགས་ཚོར་རྒྱུས་མངའ་ག་ཚོད་ཡོད་མེད་དྲིས་པར། ཡུན་ནན་ས་ཆའི་བོད་རིགས་ཚོའི་གནས་སྟངས་ཧ་ཅང་ཉག་ཕྲ་བོ་ཞིག་ཆགས་འདུག བོད་མིའི་ཁྲོད་དུ་ཤེས་ཡོན་པ་དང་མི་རིགས་ཀྱི་ལར་ཞེན་ཧ་ཅང་སྐྱོ་བོ་རེད། དགོན་སྡེ་ཁག་ལ་མཚོན་ན་ཡང་སྲུང་མ་བསྟེན་ཕྱོགས་ཀྱི་དབང་གིས་ཕྱོགས་གཉིས་སུ་གྱེས་ཡོད། དོལ་རྒྱལ་སྟེན་མཁན་ཚོ་༸གོང་ས་མཆོག་ལ་མི་དགའ་བའི་དབང་གིས་བོད་པའི་འཐབ་རྩོད་ལ་ཡང་རྒྱབ་སྐྱོར་དེ་ཙམ་བྱེད་ཀྱི་མི་འདུག གནས་སྟངས་འདིའི་དབང་གིས་ནུས་ཤུགས་ཆིག་སྒྲིལ་ཡོང་གི་མི་འདུག བོད་པ་མང་ཆེ་བས་༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་གཞིས་བྱེས་མཉམ་འཛོམས་བྱུང་སྟེ། བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་རྒྱུར་རེ་བ་བརྒྱབ་བསྡད་ཡོད་པ་རེད། ལྷག་པར་དུ་བོད་རྒྱའི་གནད་དོན་སྐོར་དེ་ཙམ་ཤེས་ཀྱི་མེད་ཀྱང་། ༧གོང་ས་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་ཉིན་སྒུག་མཚན་སྒུག་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ  

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 14

  1. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    གདོན་འདྲེ་ཁ་ལ་འཁྱེར་ནས་རྒྱ་དམར་གྱི་ལག་གཡོག་རྒྱུག་མཁན་རྒྱུན་མཁན་དེ་ཚོར་བོད་ཞེན་ཡོད་ཟེར་མཁན་དེ་ཡང་དོལ་རྒྱལ་བ་ལས་གཞན་ཅང་མ་རེད། ལལྷན་རྒྱས་ཚོས་ཤེས་དགོས་པ་ཞིག་ལ། འདོན་འདྲེ་བསྟེན་མཁན་དེ་ཚོས་དོལ་རྒྱལ་དང་ཆོས་ལུགས་ཀྱི་རང་དབང་བེད་སྤྱད་དེ་བོད་པའི་སྤྱི་ཚོགས་ནང་ཆེས་ཐབས་སྡུག་གི་ལས་ངན་ལས་པ་མ་བརྗེད་རོགས། ཤེས་གསལ་ལུས་ལ་གྲྭ་ཆས་གྱོན་ནས་ཚུལ་ལྡན་དགེ་སློང་དམར་བསོད་བྱེད་མཁན་ཡང་དོལ་རྒྱལ་བ་ཚོ་རེད། དེ་ཙམ་ཡིན་དོན་མེད་འདྲེ་དང་འཆམས་མཐུན་ཡོང་ཐབས་མེད་ལ་མི་ཡོང་བའི་གསོལ་འདེབས་ཀྱང་ཞུ།

    Reply
  2. ཞི་བདེ་ says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོ་ཤུགས་ལྡན་བསྟེན་མི་རྣམས་ལ་བོད་དོན་ཐད་སེམས་ཤུགས་མེད་པ་ནི་རྩ་བ་ནས་མ་རེད། ཡིན་ན་ཡང་བཙན་བྱོལ་གཞུང་ནས་ཤུགས་ལྡན་བསྟེན་མི་རྣམས་ནི་བོད་ཀྱི་རྩ་དོན་ལ་གནོད་གི་ཡོད་པ་གསུང་ཡོད་པས། དེར་བརྟེན་ཁོ་ཚོས་གནས་ཚུལ་དེར་ལག་པ་འཆང་མི་བདེ་བ་ཞིག་ཡོད་རེད། གལ་སྲིད་ཁོང་རྣམས་ནས་གནས་ཚུལ་དེར་ལག་པ་འཆང་ནས་གནས་ཚུལ་དེ་འཁྲུ་ལོག་བྱུང་ཚེ་ཡང་བསྐྱར་བཙན་བྱོལ་གཞུང་ནས་ལྷ་ཡི་གནོད་པ་རེད་ཞེས་མ་ཉེས་ཁ་ཡོག་བྱུང་ན་བསམ་པའི་སེམས་དོག་ཡོད་པ་རེད། དེ་ལས་རབས་བྱུང་ན་ལྷ་སྲུང་བསྟེན་ཕྱོགས་གི་གནས་ཚུལ་དེ་ཡང་བསྐྱར་མ་བསླང་རོགས། ཐུགས་རྗེ་གཟིགས།།། བོད་པ་སྤར་མོ་གང་དེ་འཆམ་མཐུན་ངང་གནས་ཐུབ་པའི་རེ་བ་བཞུ་རྒྱུ་ཡིན། རྗེས་སུ་གཞིས་བྱེས་བོད་མི་ཡོང་ལ་ ཡི་ཤུ་འཁྲུངས་སྐར་དང་སྤྱི་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་དང་ཁྱིམ་ཚང་འཆམ་མཐུན་དང་ སྐུ་གཟུགས་གསལ་ཐང་ བོད་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཞུ་རྒྱུ་ཡིན།།།

    Reply
  3. yama says:
    ལོ་ 16 སྔོན།

    ཤུགས་ལྡན་བསྟན་མཁན་ཚོའི་སེམས་ནང་རང་ཉིད་བོད་པ་ཞིག་ཡིན་པ་འདུ་ཤེས་ཡོད་ཀྱང་༸གོང་ས་མཆོག་དང་བོད་གཞུང་ལ་ཡིད་ཆེད་མེད་པས་་རྗེས་སུ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་ཁོང་ཚོ་ཐབས་ལམ་གང་གི་ཐོག་ནས་བོད་མི་མཉམ་དུ་ཞུགས་ཀྱི་ཡིན་ནམ

    Reply
  4. མདོ་སྨད་པ་རིག་རྒོད། says:
    ལོ་ 16 སྔོན།

    དྲ་ཐོག་ཏུ་ཡོད་པའི་སྤུན་ཟླ་ཚོ།

    ད་ནས་བཟུང་དོལ་རྒྲལ་བ་ཞེས་ཟུར་ཟ་དང། དམའ་འདེབས་མ་བྱེད་རོགས།
    ག་ཚོད་ཐུབ་ཐུབ་མཐུན་ལམ་བྱེད་རོགས།

    Reply
  5. tenzin norphell says:
    ལོ་ 16 སྔོན།

    ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོར།
    དོལ་རྒྱལ་བསྟེན་ཕྱིན་ཆད་དངོས་ཤུགས་རྒྱུད་གསུམ་ནས་༸གོང་ས་མཆོག་དང་བོད་དོན་བདེན་མཐའ་གསལ་བར་གནོད་བཞིན་ཡིན་པའི་དོལ་རྒྱལ་བསྟེན་མཁན་ཚོར་རེ་བསྐུལ་དང་སྦྲགས་དོལ་རྒྱལ་མཚམས་འཇོག་གནང་རོགས་ཞེས་འབོད་བསྐུལ་ཞུ་བཞིན་ཡོད་པས་ཁྱེད་རྣམ་པས་ཀྱང་འབོད་བསྐུལ་གནང་རོགས།
    བོད་རྒྱལ་ལོ།

    Reply
  6. kelsang says:
    ལོ་ 16 སྔོན།

    རྒྱལ་སྲས་ཐོགས་མེད་ཀྱི་གསུང་རྒྱལ་སྲས་ལག་ལེན་ལས།

    གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།
    དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།
    བླང་དོར་བརྗེད་པའི་གཏེ་མུག་མུན་ནག་ཅན།
    ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།

    ཞེས་དང་།

    ནང་གི་ཞེ་སྡང་དགྲ་བོ་མ་ཐུབ་ན།
    ཕྱི་རོལ་དགྲ་བོ་བཏུལ་ཤིང་འཕེལ་བར་འགྱུར།
    དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས།
    རང་རྒྱུད་འདུལ་བ་རྒྱས་སྲས་ལག་ལེན་ཡིན།

    ཞེས་དང་།

    ཉོན་མོངས་དབང་གིས་རྒྱས་སྲས་གཞན་དག་གི
    ཉེས་པ་གླིང་ན་བདག་ཉིད་ཉམས་གྱུར་པས།
    ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི
    ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན།

    ཞེས་དང་།

    རྩུབ་པོའི་ཚིག་གིས་གཞན་སེམས་འཁྲག་འགྱུར་ཞིང་།
    རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས།
    དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི།
    ཚིག་རྩུབ་སྤོང་བ་རྒྱས་སྲས་ལག་ལེན་ཡིན།

    ཞེས་སོགས་གསུང་པ་ལྟར། ཉམས་བཞེས་ཀྱིས་རང་རྒྱུད་བཏུད་བའི་ཆོས་པ་ཚུལ་ལྡན་ཞིག་ཡིན་ཕྱིན་ཆོས་སྲུང་ལ་སྙད་ནས་རང་གི་རྩ་བརྒྱུད་ཀྱི་བླ་མ་ལྷ་སྲུང་ལ་སྐུར་འདེབས་དང་དགེ་འདུན་དབྱིན་འབྱེད་ཀྱི་བདུད་ལས་འདི་འདྲ་འབྱུང་ག་ལ་སྲིད།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ལྕགས་ཞྭ་ཅན་ལ་སྐྱབས་བཅོལ་བ་ཚོ་ལ་གཞུང་ཕྱོགས་དང་༸གོང་ས་མཆོག་ནས་ལྟ་ཚུལ་གང་ཞིག་ཡོད་པ་རེད

    གསལ་བཤད་ཞིག་བྱས་ན་ཅི་འདྲ་འདུག

    ཆོས་ལུགས་དད་པ་རང་མོས་རེད ཟེར་རྒྱུ་ལས་མེད་ན་་་་་་་་ད་ཁྱོད་ཀྱི་ཅི་ཡང་ཤེས་མི་འདུག་སེམས།

    ཁོ་བ་ཚོ་བོད་པ་ཡིན་ཐག་ཆོད་རེད་་་་ནམ་ཞིག་ཡག་པོ་ཆགས་ཡོང་གི་རེད་་་་་་་འོན་ཀྱང་དེ་མ་འོང་བ་རེད་་་་ངའི་དེ་ལྟར་མོ་དད་བྱེད་ཁོམས་མེད
    ད་ལྟའི་དཀའ་ཚེགས་གི་དུས་ངན་འདི་ལ་ཁོ་བ་ཚོའི་བྱེད་སྟངས་འདི་ལས་མེད་པས་བོད་མིའི་ནང་གི་བོད་མི་ཐ་ཤལ་ཞིག་རེད་འདོད

    Reply
  8. ཨ་ཕོ་མཐུ་ཆེན། says:
    ལོ་ 16 སྔོན།

    ཁ་དང་ཁ་སྤུ་དབྱེ་འབྱེད་ཡིན་པས་གྷ་པར་སིང་བསྟེན་མཁན་དེ་ཚོ་ནམ་ཡང་ཆམ་ལ་ཕབ་དགོས་ལ་སྐད་ཆ་དེ་གཙང་སེལ་མ་བྱུང་བར་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མེད་པས་དུས་ནས་དུས་སུ་གླེང་དགོས། མགོ་བརྗོད་དེ་འདྲ་ཞིག་བྲིས་པ་ཡག་པོ་དཔེ་མེད་བྱུང་འདུག ཐུགས་རྗེ་ཆེ།

    Reply
  9. མི་རབས་གསར་པ་ says:
    ལོ་ 16 སྔོན།

    ཁོང་ཚོས་ཤུགས་བསྟན་དང་མ་བསྟན་ཁྱད་པར་མེད་
    བོ་རིགས་སྤུན་ཟླ་ཡིན་པ་དོར་ཐབས་མེད་
    ཁོང་ཚོ་འདྲེ་རེད་ཟེར་དུས་སུ་ཡིན་ཡང་ཐུགས་ཁག་མེད་
    མ་འོང་པ་ཡག་པོ་ཡོང་བའི་རེ་བ་ཡོད་

    Reply
  10. མི་རབས་གསར་པ་ says:
    ལོ་ 16 སྔོན།

    ཤུགས་ལྡན་བསྟན་མཁན་ཚོས་བོད་པ་རེད་མ་རེད་
    བོད་པ་ཡིན་ན་ང་བོད་པ་ཡིན་མཉམ་པའི་འདུ་ཤེས་དེ་ཡོད་རེད་
    གཞུང་ཕྱོགས་ནས་ལྟ་སྟངས་གང་འདྲ་ཡོད་མེད་གསལ་པོ་རེད་

    Reply
  11. ལྷ་ལུང་ says:
    ལོ་ 16 སྔོན།

    ཤུགས་ལྡན་བསྟེན་མཁན་ཚང་མ་ལ་ རྒྱུག་པ་ལེབ་རྡུང་བྱས་པའི་སྐྱོན་རེད་།
    རེ་ཟུང་གི་ཤུགས་ལྡན་ཁ་ལ་ཁྱེར་ནས་ཆབ་སྲིད་འཁྲབ་། སོ་སོའི་ཁེ་ཕན་ལེན་གྱི་ཡོད་རེད་མ་གཏོགས་། མང་ཆེ་བས་༧གོང་ས་མཆོག་ལ་དད་པ་ཡོད་ཀྱི་རེད་འདོད་
    སྲུང་མ་བསྟེན་མཁན་ཚོས་༧གོང་ས་མཆོག་ལ་བཅག་བཅག་བྱས་ནས་བསྟེན་པ་མ་རེད་འདོད
    ༧གོང་ས་མཆོག་གི་བཀའ་སྲུང་ལྕི་སྒྲུབ་ཟེར་ཡ་དེ་། སྲུང་མ་བསྟེན་དང་མི་བསྟེན་གཅིག་པོར་མ་རེད་འདོད་ བཀའ་སློབ་གཞན་མང་པོ་གནང་ཡོད་རེད

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་ལ་དད་མོས་དང་། བཙན་བྱོལ་སྒྲིག་འཛུགས་ལ་རེ་གུས་མེད་ན་ཡང་། བོད་ཡུལ་དང་བོད་མིའི་བདེ་དོན་ཡལ་བར་དོར་བ་ནི། མི་འོས་པ་མ་རེད་དམ།

    Reply
  13. འཕྲིན་ལས says:
    ལོ་ 16 སྔོན།

    དོ་རྒྱལ་སྟེན་མཁན་ཚོས་བོད་དོན་ལ་རྒྱབ་སྐྱོར་མ་བྱས་པ་རེད་དམ། དོ་རྒྱལ་སྟེན་མཁན་རྣམས་འདྲེ་རུ་བརྩིས་ཏེ་བོད་དོན་བྱེད་རྒྱུ་ཕར་ཞོག་རང་མགོ་ཡང་སྤྱི་ཚོགས་སུ་འགྱོག་མི་ཐུབ་པ་འབའ་ཞིག་ཏུ་བཟོས་པ་རེད། བསམ་བློ་ཐོངས།

    Reply
  14. སྐར་མདའ། says:
    ལོ་ 16 སྔོན།

    གསར་འགོད་པ་དོན་ཁོས།
    གནས་ཚུལ་རྙིང་པ་འདི་བསྐྱར་ལངས་བྱས་ན་དགོས་ཕན་གང་ཡང་མི་འདུག་བསམ། གང་ཡིན་ཟེར་ན། དོན་དག་འདི་ནི་ཧ་ཅང་གི་རྙིང་པ་དང་།
    དོན་ངན་འདིའི་རིགས་ཀྱི་མཇུག་སྒྲིལ་ཟིན་པ་རེད། སླར་ཡང་དྲན་གསོ་བྱེད་ཆེད་སྐད་ཆ་འདི་ཚོ་བླངས་པ་ཡིན་ན་ཡག་པོ་ཡོད་ན་བསམ་པའི་འདུ་ཤེས་ཀྱི་ཚོར་བ་ཞིག་ངང་གིས་སླེབས་འོང་གི་འདུག

    རབ་ཡིན་ན་དོ་རྒྱལ་གྱི་སྐོར་གི་སྐད་ཆ་འདི་ཚོ་མ་བླངས་ན་ཡག་པོ་འདུག་སྙམ།་ གནས་ཚུལ་འདི་ནི་འཇགས་ཚར་བའི་སྐད་ཆ་ཞིག་རེད། ཁ་ལག་རྙིང་པ་ཟས་ན་གྲོད་ཁོག་ན༎ དུ་ལོག་རྙིང་པ་གྱོན་ན་གཟི་བརྗིད་མེད༎
    གཏམ་རྙོག་བསྐྱར་སློག་བྱས་ན་རྙོག་དྲའི་གཞི༎
    དེ་བས་ཁ་རོགས་བཞགས་ན་མི་བཟང་ངམ༎

    སྔོན་ཆད་མཚོན་ན་དོ་རྒྱལ་བསྟན་མཁན་ཧ་ཅང་མང་ན་འང་། གནས་ཚུལ་དེའི་རིགས་དེ་འདྲའི་འཚབ་ཆེན་པོ་ཡིན་པ་མ་ཤེས་པར་བྱས་པ་ཤ་སྟག་རེད། ཕྱིས་སུ་དེ་བསྟན་མཁན་ཚང་མས་༸གོང་ས་མཆོག་གི་བཀའ་བཞིན་དོ་རྒྱལ་བསྟན་མཚམས་བཞགས་པ་རེད། དེང་སང་དེའི་སྐོར་ལ་རྙོག་དྲ་གང་ཡང་མེད་དུས་སླར་ཡང་ཁྱེད་ཀྱི་རྙོག་གཞི་བསྐྱར་སློགས་མ་བྱས་ན་མི་བཟང་ངམ།

    དོ་རྒྱལ་ཞེས་པའི་མིང་དེས་མ་བོས་ན་ཡག་པོ་འདུག་སྙམ། མིང་དེས་བོད་པ་ཚང་གི་སྤྱི་ཚོགས་ནང་ལ་བརྡབ་གསིག་ཤུགས་ཆེན་པོ་བཏང་ཡོད་པ་བོད་པ་ཀུན་ཀྱི་མཁྱེན་གསལ་རེད། དེ་འདྲ་སོང་ཙང་།
    ཚིག་ངན་དེའི་མགོ་མ་བླངས་ན་ཡག་པོ་འདུག་བསམ་པའི་གོ་བརྡ་ཞིག་སྤྲད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese